མཚོ་སྔོན་ཞིང་ཆེན་གྱིས་བྱེ་བྲག་གི་བྱེད་ཐབས་ཉེར་ལྔ་བཏོན་ཏེ་ཀྲུང་བོད་ལུགས་གསོ་རིག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་།
2019.03.21 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 23

གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་བོད་ལུགས་གསོ་རིག་ལས་དོན་འཕེལ་རྒྱས་ལས་དོན་སྐོར་གྱི་སྤྱིའི་བླང་བྱ་དངོས་འབེབས་ནན་ཏན་བྱས་ཏེ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིསཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་པ་བརྒྱུད། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་ནན་ཏན་གྱིས་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིསམཚོ་སྔོན་ཞིང་ཆེན་གྱིས་ཀྲུང་བོད་ལུགས་གསོ་རིག་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བའི་བྱ་ཐབས་འགའདངོས་སུ་བཏོན་ཏེ། བྱ་ཐབས་བྱེ་བྲག25ལ་བརྟེན་ནས་ཀྲུང་བོད་ལུགས་གསོ་རིག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འབྱུང་བར་རིམ་སྤར་བྱ་རྒྱུ་རེད།

བཅོས་བསྒྱུར་སྒོ་འབྱེད་བྱས་པའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་བོད་ལུགས་གསོ་རིག་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅིང་། སྨན་བཅོས་དང་། བདེ་སྲུང་། ཚན་རིག་ཞིབ་འཇུག སློབ་གསོ། ཐོན་ལས། རིག་གནས། རྒྱལ་སྤྱིའི་བརྗེ་རེས་བཅས་ཕྱོགས་བདུན་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཐོག་མར་གྲུབ་ཡོད། བྱ་ཐབས་འགའལས་སྨན་བཅོས་ཞབས་ཞུའི་དྲ་རྒྱ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། སྨན་བཅོས་ཞབས་ཞུའི་ནུས་ཤུགས་ཇེ་མཐོར་གཏོང་བ། ཁམས་གསོ་བདེ་སྲུང་ཞབས་ཞུ་འཕེལ་རྒྱས་སུ་གཏོང་བ། འཇོན་མི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། རྒྱུད་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིག་གནས་འཛུགས་སྐྲུན་དང་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་སོགས་ཀྱི་ཕྱོགས་ནས་བསྡོམས་པས་བྱ་ཐབས་བྲེ་བྲག25བཏོན་ཡོད།

《བྱ་ཐབས་འགའ》ལས་ཀྲུང་བོད་ལུགས་གསོ་རིག་སྨན་ཁང་གི་རྨང་གཞི་སྒྲིག་ཆས་དང་ཞབས་ཞུའི་ཆ་རྐྱེན་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་རྒྱུ་དང་། ཀྲུང་བོད་སྨན་བཅོས་ཞབས་ཞུའི་དྲ་རྒྱ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། 2020ལོར་བསླེབ་དུས། ཞིང་ཆེན་ཡོངས་ཀྱི90%ཡན་གྱི་སྡེ་ཁུལ་ཞབས་ཞུ་འཕྲོད་བསྟེན་ལྟེ་གནས་དང་ཞང་གྲོང་འཕྲོད་བསྟེན་ཁང་དུ་ཀྲུང་བོད་ལུགས་སྨན་བཅོས་ཁང་འཛུགས་རྒྱུ་དང་། 2025ལོར་བསླེབ་དུས་ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་ལུགས་སྨན་ཁང་གི་བསྒྱུར་བཀོད་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱུང་སྟེ། སྤྱི་ཚོགས་ནུས་ཤུགས་ལ་བརྟེན་ནས་ཀྲུང་བོད་ལུགས་གསོ་རིག་སྨན་ཁང་དང་ཀྲུང་བོད་ལུགས་སྨན་བཅོས་བརྟག་དཔྱད་ཁང་འཛུགས་རྒྱུར་སྐུལ་ཁྲིད་བྱ་རྒྱུ་དང་། ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང་ཞིང་ཆེན་བོད་སྨན་ཁང་དེ་ས་ཁོངས་ཅན་གྱི་ཀྲུང་བོད་ལུགས་གསོ་རིག་སྨན་བཅོས་ལྟེ་གནས་སུ་བསྐྲུན་རྒྱུ། 2025ལོར་བསླེབ་དུས85%ཡན་གྱི་རྫོང་རིམ་པའི་ཀྲུང་བོད་ལུགས་གསོ་རིག་སྨན་ཁང་དག་རིམ་པ་གཉིས་པའི་ཚད་རིམ་དང་པོའི་ཀྲུང་ལུགས་དང་མི་རིགས་སྨན་ཁང་གི་ཚད་གཞིར་བསླེབ་དགོས་པའི་རེ་བ་བཏོན་ཡོད།

《བྱ་ཐབས་འགའ》ལས་ཀྲུང་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་གསོའི་སྐྱེད་སྲིང་ལས་དོན་ཧུར་ཐག་གིས་སྤེལ་ཏེ། ཀྲུང་བོད་ལུགས་གསོ་རིག་ཆེད་མཁས་པའི་རུ་ཁག་འཛུགས་སྐྲུན་དང་རྒྱུན་མཐུད་སློབ་གསོ་ལ་ཤུགས་བསྣན་ནས། ཀྲུང་ལུགས་སྨན་རྫས་རྒྱུད་འཛིན་དང“བརྒྱ་སྟོང་ཁྲིའི”འཇོན་མིའི་ལས་གཞི་ལག་བསྟར་བྱས་པ་བརྒྱུད། ཀྲུང་བོད་གསོ་རིག་གི་སྣེ་ཁྲིད་འཇོན་མི་དང་། ཕུལ་བྱུང་འཇོན་མི། གཞི་རིམ་འཇོན་མི་བཅས་སྐྱེད་སྲིང་བྱེད་དགོས་པ་དང་། ཀྲུང་བོད་ལུགས་གསོ་རིག་གི་རྒྱུད་འཛིན་སྲུང་སྐྱོང་དང་རིག་གཞུང་ཞིབ་འཇུག་བྱ་བར་ཤུགས་བསྣན་ཏེ། ཞིང་ཆེན་རིམ་པའི་ཀྲུང་བོད་ལུགས་གསོ་རིག་ལས་དོན་ཁང་འཛུགས་སྐྲུན་བྱ་རྒྱུ། “རྒྱལ་ཁབ་བོད་ལུགས་གསོ་རིག་ཐོན་ལས་ལག་རྩལ་གསར་གཏོད་ཞབས་ཞུ་སྟེགས་བུ”འཛུགས་སྐྲུན་བྱ་བར་སྐུལ་འདེད་མགྱོགས་མྱུར་བཏང་ནས་བོད་ལུགས་གསོ་རིག་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱ་བ་སྤེལ་རྒྱུ། དེ་མིན་ཀྲུང་བོད་སྨན་རྫས་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་ལ་ཤུགས་བསྣན་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་དང་མཐུན་པའི་ཀྲུང་བོད་སྨན་རྫས་འདེབས་འཛུགས་ཐོན་སྐྱེད་རྣམ་པ་འཚོལ་ཞིབ་བྱ་རྒྱུ་དང་། སྨན་རྫས་གསར་བའི་ཞིབ་འཇུག་གསར་སྤེལ་ལ་སྐུལ་འདེད་བྱས་པ་བརྒྱུད། ཀྲུང་བོད་སྨན་རྫས་ཐོན་ལས་ཀྱི་བདེ་ཐང་འཕེལ་རྒྱས་དར་སྤེལ་གཏོང་དགོས་པའི་རེ་བ་བཏོན་ཡོད།

《བྱ་ཐབས་འགའ》ལས་ད་རུང་ཀྲུང་བོད་ལུགས་གསོ་རིག་ཁམས་གསོ་བདེ་སྲུང་ཞབས་ཞུ་འཕེལ་རྒྱས་སུ་བཏང་སྟེ། ཀྲུང་བོད་ལུགས་གསོ་རིག་དང་བདེ་ཐང་རྒན་གསོ་ཞབས་ཞུའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། 《མཚོ་སྔོན་ཞིང་ཆེན་གྱི་ཀྲུང་བོད་ལུགས་གསོ་རིག་བདེ་སྲུང་གནས་སྐོར་གྱི་མཛུབ་སྟོན་བསམ་འཆར》གཏན་འབེབས་བྱས་པ་བརྒྱུད། ཀྲུང་བོད་ལུགས་གསོ་རིག་བདེ་ཐང་ཞབས་ཞུ་དང་རིག་གནས་གནས་སྐོར་ཐོན་ལས་ཀྱི་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། ཀྲུང་བོད་ལུགས་གསོ་རིག་རིག་གནས་འཛུགས་སྐྲུན་དང་བརྗེ་རེས་མཉམ་ལས་ལ་ཤུགས་བསྣོན་བྱ་རྒྱུ་དང་། རྒྱལ་ཡོངས་རང་བཞིན་དང་རྒྱལ་སྤྱིའི་རང་བཞིན་གྱི་ཀྲུང་བོད་གསོ་རིག་རིག་གཞུང་ཚོགས་འདུ་དང་། གླེང་སྟེགས། ཐོན་རྫས་འགྲེམ་སྟོན་ཚོགས་འདུ་བཅས་སྤེལ་ཏེ། ཀྲུང་བོད་གསོ་རིག“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་འདེད་བཏང་ནས། ཀྲུང་བོད་ལུགས་གསོ་རིག“ཕྱིར་བསྐྱོད་པའི”གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་པ་བཅས་ཀྱི་རེ་བ་བཏོན་ཡོད་པ་རེད།

                                                                                                 རྩོམ་སྒྲིག་པ།  གཡང་འབུམ་རྒྱལ།