རྨ་ལྷོ་ཁུལ་གྱིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལ་ལེགས་བཅོས་བྱས་ཏེ་མང་ཚོགས་ཀྱི་སྨན་བཅོས་ཐད་སྟབས་བདེ་བསྐྲུན་པ།
2019.03.25 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 26

  ལོ་འདི་དག་གི་རིང་ལ་རྨ་ལྷོ་ཁུལ་གྱིས་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་ཐད་ལ་མ་རྩ་གཏོང་བ་དང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་རུ་དཔུང་གསར་འཛུགས་སོགས་ལ་བརྟེན་ནས། ཁུལ་ཡོངས་ཀྱི་རྫོང་དང་ཞང་། སྡེ་བ་བཅས་རིམ་པ་མི་འདྲ་བ་བཞི་ལ་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མངོན་གསལ་གྱིས་མཐོར་འདེགས་སུ་བཏང་སྟེ། མང་ཚོགས་ལ་སྨན་བཅོས་ཐད་དུ་དགོས་ངེས་ཀྱི་སྟབས་བདེ་གང་མང་ཞིག་བསྐྲུན་པ་རེད།

གཞི་རིམ་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་པ། སྡོམ་རྩིས་ལྟར་ན་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་དགུ་བཏང་སྟེ་ཁུལ་དང་རྫོང་། ཞང་། སྡེ་བ་བཅས་རིམ་པ་མི་འདྲ་བ་བཞི་ཡི་སྨན་བཅོས་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་སྒྲིག་གཞིའི་ལས་གཞི291འཛུགས་སྐྲུན་བྱས་ཤིང་། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་བརྒྱད་དང་སྟོང་དྲུག་བདུན་བརྒྱ་ཡོད། ཁུལ་མི་དམངས་སྨན་ཁང་དང་རྩེ་ཁོག་རྫོང་མི་དམངས་སྨན་ཁང་། གཅན་ཚ་རྫོང་བོད་སྨན་ཁང་བཅས་བདེ་བླག་ངང་གནས་སྤོར་ལེགས་འགྲུབ་བྱུང་ཡོད། རྩེ་ཁོག་དང་སོག་རྫོང་གཉིས་ཀྱི་བོད་སོག་སྨན་ཁང་གི་སྨན་སྦྱོར་ཁང་རྒྱ་བསྐྱེད་པའི་བཟོ་སྐྲུན་ཡང་ཁྱོན་ཡོངས་ནས་ལས་མགོ་བརྩམས། ཁུལ་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་དང་། རྫོང་བཞི་ཡི་རིམས་ནད་སྔོན་འགོག་ལྟེ་གནས། བུད་མེད་དང་བྱིས་པའི་བདེ་སྲུང་། འཆར་ལྡན་བུ་སྐྱེ་ཞབས་ཞུའི་ལྟེ་གནས་སོགས་ཀྱི་ལས་གཞི་དག་འཕྲོ་རིམ་འཕྲོར་འཛུགས་སྐྲུན་བྱེད་མགོ་བརྩམས། ཁུལ་བོད་སྨན་ཁང་དང་གཅན་ཚ་རྫོང་མི་དམངས་སྨན་ཁང་ཁྱོན་ཡོངས་ནས་གནས་སྤོར་བྱེད་པའི་ལས་གཞི་མགོ་བརྩམས་ཟིན་ལ། རེབ་གོང་རྫོང་མི་དམངས་སྨན་ཁང་གསར་འཛུགས་ཀྱི་ལས་གཞི་གསར་བ་ཡང་ལག་བསྟར་དངོས་འབེབས་བྱས་ནས། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང39འཛུགས་སྐྲུན་ཡོངས་འགྲུབ་བྱས། སྡེ་བ་རིམ་པའི་སྨན་བཅོས་ཁང287འཛུགས་སྐྲུན་བྱེད་པའི་ལས་འགན་དང་གཞི་རྩའི་སྨན་བཅོས་སྒྲིག་ཆས། ལུས་པོའི་ཞིབ་བཤེར་སྒྲིག་ཆས། ཚོན་ལྡན་སྒྲ་བརྒལ། CT DR-Xའོད་ནུས་འཕྲུལ་ཆས། རང་འགུལ་ཅན་གྱི་སྐྱེ་ལྡན་དབྱེ་ཞིབ་སོགས་སྨན་བཅོས་སྒྲིག་གཞི་ཆེ་གྲས་དག་ཁུལ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་ཡོད།

གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་རུ་དཔུང་གསར་འཛུགས་ལ་ཤུགས་བསྣན་པ། གཞི་རིམ་དུ་འཕྲོད་བསྟེན་འཇོན་མི་གསབ་སྦྱོང་བྱེད་ཐབས་འཐུས་ཚང་དུ་བཏང་ཞིང་།   ཞིང་སྡེའི་འབྲོག་ཁུལ་དུ་གསོ་རིག་སློབ་མ་དག་ལ་རིན་མེད་གསབ་སྦྱོང་བྱེད་པའི་སྤྱིའི་ཁ་གྲངས་ཇེ་མང་དུ་བཏང་། ཞིང་སྡེའི་སྨན་པ40ལྷག་ལ་རིན་མེད་སྒོས་གསབ་སྦྱོང་བྱས་ཤིང་། ཚན་ཁག་ཡོངས་ལ་བྱང་ཆ་ལྡན་པའི་སྨན་པ73ལ་ཡང་གསབ་སྦྱོང་བྱས་ཡོད། ཞག་སྡོད་སྨན་པའི་སྒྲིག་སྲོལ་ཅན་གྱི་སྨན་པ36 རིམ་པ་སོ་སོའི་ལག་རྩལ་རྐང་འཛིན་མི་སྣ200ལྷག་འདེམས་སྒྲུག་བྱས་ཏེ་ཐེན་ཅིན་དང་ཞིང་ཆེན་ཡོངས་ཀྱི་ཁུལ་གཞན་པའི་སྨན་བཅོས་སྒྲིག་གཞི་སོགས་ལ་བསམ་བློ་བརྗེ་རེས་ཀྱི་གསབ་སྦྱོང་བྱེད་དུ་མངགས། “གསར་བ་གསུམ”གྱི་ལས་གཞི45སྤེལ་པ་དང་དེའི་ཁྲོད་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་ངོས་འཛིན་བྱས་པའི་ཞིང་ཆེན་ནང་ཁུལ་གྱི་སྔོན་ཐོན་ལས་གཞི9ཡོད། ད་ལྟའི་ཆར་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྨན་ཁང་དུ་སྒྲིག་ཆས་འཕྲོད་བསྟེན་ལག་རྩལ་མི་སྣ1318ཡོད་པ་དང་ནད་པའི་མལ་ཁྲི1731ཡོད་པས། ཆ་སྙོམས་བྱས་ན་མི་ཆིག་སྟོང་རེ་ཡིས་མལ་ཁྲི་དྲུག་དང་སྟོང་གསུམ་བེད་སྤྱོད་བྱེད་བཞིན་ཡོད།

འཕྲོད་བསྟེན་བྱ་བའི་བརྡ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ། “ཆ་འཕྲིན་དྲ་རྒྱ་དང་སྨན་བཅོས”ཀྱི་ཞབས་ཞུའི་རྣམ་གཞག་ལག་བསྟར་བྱས་ཏེ། སྔ་གཞུག་ཏུ་ཞིང་ཆེན་ཕྱི་ནང་གི་རིམ་པ་མི་འདྲ་བའི་སྨན་ཁང15ཡིས་རྒྱང་བསྟེན་སྨན་བཅོས་ནད་རྟགས་མ་ལག་གསར་འཛུགས་བྱས་ཤིང་། ཁུལ་མི་དམངས་སྨན་ཁང་དང་གཅན་ཚ་རྫོང་མི་དམངས་སྨན་ཁང་། རྩེ་ཁོག་རྫོང་མི་དམངས་སྨན་ཁང་གི་མལ་ཁྲིའི་ཚན་ཁག་དང་སྨན་ཁང12ཀྱིས་ཟུང་འབྲེལ་སྒོས་སྨན་བཅོས་ཐུན་མོང་གི་ཞང་གྲོང་འཕྲོད་བསྟེན་ཁང་གི་བར་དུ་རྒྱང་བསྟེན་དྲ་བར་བརྟེན་ནས་སྨན་བཅོས་བྱས། ཁུལ་མི་དམངས་སྨན་ཁང་དང་ཐེན་ཅིན་ཐའེ་ཏ་སྨན་བཅོས་ཁང་གཉིས་ཀྱིས་རྒྱང་བསྟེན་སྨན་བཅོས་ལ་བརྟེན་ནས་སྙིང་ཁམས་སྒོ་བསྟེན་སྨན་བཅོས་བྱས་ཤིང་། ནད་ཁང་ལ་མྱུལ་ཞིབ་བྱས་ཤིང་། ལུས་པོའི་ཞིབ་བཤེར་རྒྱང་བསྟེན་འདྲ་རིས་སོགས་སྨན་བཅོས་ཞབས་ཞུ་ལ་བརྟེན་ནས། ལུས་པོའི་ཞིབ་བཤེར་སྒྲིག་ཆས་དང་རྒྱང་བསྟེན་ནད་རྟགས་སྨན་བཅོས་བཅས་ཁུལ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།

རིམ་པ་སོ་སོའི་སྨན་བཅོས་ལམ་ལུགས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་པ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྨན་བཅོས་སྒྲིག་འཛུགས་ཀྱི་དོན་དངོས་གནས་ཚུལ་གཞིར་བཟུང་སྟེ། རིམ་པ་མི་འདྲ་བ་སོ་སོ་དང་རིགས་མི་འདྲ་བའི་སྨན་བཅོས་སྒྲིག་གཞིའི་ཞབས་ཞུའི་ནུས་ཤུགས་ཚད་ལྡན་དུ་གཏོང་བ་གཏན་འབེབས་བྱས། ནད་རིགས་ཀྱི་སྒྲིག་གཞི་གསར་འཛུགས་དང་ཞབས་ཞུའི་འོད་འགྱེད་ཁྱབ་ཁོངས། བྱེད་ནུས་འགན་འཁྲི་ལེགས་འགྲུབ་བྱུང་བའི་གནས་ཚུལ། བྱ་བའི་ནུས་ཆོད་བཅས་སྲོག་ཤིང་ཡིན་པའི་མལ་ཁྲི་སྙོམས་སྒྲིག་ཚོད་འཛིན་གྱི་སྒྲིག་གཞི་ལ་བརྟེན་ནས། གཞི་རིམ་སྨན་བཅོས་སྒྲིག་གཞིའི་ནད་རྟགས་སྨན་བཅོས་ཀྱི་ཚད་གཞི་མཐོར་འདེགས་སུ་བཏང་པ་རེད། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྨན་ཁང་དེ་མགོ་ཁུངས་སུ་བཟུང་ནས་ཁྱབ་ཁོངས་སྨན་བཅོས་ཀྱི་མ་ལག་དང་སྨན་བཅོས་ཐུན་མོང་གི་མ་ལག་རྩ་འཛུགས་བྱས་ཏེ། གོང་དུ་ཞིང་ཆེན་རིམ་པའི་སྨན་ཁང་ལ་ཟུང་འབྲེལ་དང་གཤམ་ཏུ་རྫོང་རིམ་པའི་སྨན་ཁང་གི་ཁུལ་རིམ་པའི་ཁྱབ་ཁོངས་ཀྱི་སྨན་བཅོས་ལག་རྩལ་ཟུང་འབྲེལ་གྱིས་ཁུལ་ཡོངས་སུ་རིམ་པ་གཉིས་པ་དང་གསུམ་པའི་གཞུང་བཙུགས་སྨན་ཁང་ཡོད་ཚད་ཟབ་ཞུགས་བྱས་ཡོད།

གཞི་རྩའི་སྤྱི་གཞུང་སྒྲིག་ཆས་ཉོ་སྒྲུབ་ཀྱིས་འཕྲོད་བསྟེན་ཞབས་ཞུ་མངོན་འགྱུར་བྱེད་པའི་ཚད་གཞི100%ལ་བསླེབས་ཡོད། ཁྱིམ་ཚང་སྨན་པའི་དུས་ཆད་གན་རྒྱའི་ཞབས་ཞུའི་རྣམ་གཞག་གསར་བ་ལ་སྐུལ་འདེད་བྱས་ནས་ཁྱིམ་ཚང་གི་སྨན་པའི་རུ་དཔུང159བཙུགས་ཡོད། རྒྱུན་སྡོད་མི་གྲངས་ཀྱི་དུས་ཆད་ཞབས་ཞུའི་ཁྱབ་ཁོངས་དེ52%ལ་བསླེབས་ཡོད། མི་ཚོགས་གཙོ་བོའི་དུས་ཆད་གན་རྒྱའི་ཁྱབ་ཁོངས་ཀྱི་ཚད་གཞི་དེ95%ལ་བསླེབས་ཡོད། ལག་བསྟར་དུས་ཆད་ཀྱི་ཚད་གཞི་དེ93%ལ་བསླེབས་ཡོད། དབུལ་ཕོངས་མི་གྲངས། དེའི་ཁོངས་སུ་བདེ་ཐང་དབུལ་སྐྱོར་ཁ་གཏད་ཡུལ་ཀྱང་འདུས་ཡོད། དབང་པོ་སྐྱོན་ཅན་མི་སྣ། འཆར་སྐྱེ་དམིགས་གསལ་ཁྱིམ་ཚང་སོགས་ཀྱི་མི་ཚོགས་ཀྱིས་དུས་ཆད་བྱས་པའི་ཁྱབ་ཁོངས་ཀྱི་ཚད་གཞི100%ལ་བསླེབས་ཡོད།

                                                                                རྩོམ་སྒྲིག་པ། གཡང་འབུམ་རྒྱལ།