ཁྱོད་ཚོའི་བདེ་ཐང་ནི་ང་ཚོའི་འགན་འཁྲི་ཡིན།
2019.04.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

—ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་འཕྲོད་བསྟེན་བདེ་ཐང་གི་བྱ་བ་སྒྲུབ་མཁན་གྱི་གནས་ཚུལ་བཀོད་པ།

མཁར་ཤར་ཁུལ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་བྱ་བ་སྒྲུབ་མཁན་གྱིས་མཁར་གྲོང་སྡོད་དམངས་ལ་བྱ་བའི་བསམ་འཆར་བསྡུ་ལེན་བྱེད་བཞིན་པ།

ཁོ་ཚོ་ནི་གྲོང་ཁྱེར་དུ་འདུར་རྒྱུག་བྱེད་པའི་གོས་དཀར་འཐབ་འཛིང་པ་ཡིན་ལ། ནད་གཞི་ཉན་ཆས་དང་སྨན་བཅོས་སྒམ་ནི་ཁོ་ཚོའི་འཐབ་འཛིང་ཁྲོད་ཀྱི་མཚོན་ཆ་རེད། ཁོ་ཚོས་སྡོད་དམངས་ལ་ཞོགས་པའི་བདེ་ཐང་གི་འཚམས་འདྲི་དང་པོ་བྱེད་བཞིན་ཡོད་པ་མ་ཟད། སྡོད་དམངས་ཀྱི་ཁྱིམ་དུ་སོང་ནས་བདེ་ཐང་གི་ཞབས་ཞུ་སྒྲུབ་བཞིན་ཡོད། ཁོ་ཚོ་ནི་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་འཕྲོད་བསྟེན་བདེ་ཐང་གི་བྱ་བ་སྒྲུབ་མཁན་རྣམས་རེད།

“ཏང་འཛུགས་བྱ་བ་བཟང་བོར་བསྒྲུབ་པ་དང་ལས་རིགས་ཀྱི་ཁྱད་ཆོས་གསལ་བོར་མངོན་པ། ཐོན་ཁུངས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ། མང་ཚོགས་ཀྱི་བདེ་ཐང་ལ་ཞབས་ཞུ་བྱེད་པ།”བཅས་བྱས་པས། མཁར་ཤར་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཅུའུ་དང་དེའི་མངའ་འོག་གི་སྨན་ཁང་སོ་སོ་དང་འཕྲོད་བསྟེན་ཁང་གི་ལས་བྱེད་མི་སྣར་བྱ་བའི་ལས་གནས་སྟེང་གྲོང་ཁྱེར་གཞི་རིམ་སྨན་བཅོས་ཀྱི་གྲུབ་འབྲས་གསར་བ་ཐོབ།

ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན། གསར་འགོད་པ་གོས་དཀར་ཕོ་ཉ་རྣམས་དང་ལྷན་དུ་བྲེལ་ཟིང་གི་ཉིན་གཅིག་ལ་རོལ། བདེ་ཐང་ལྟ་སྐྱོང་གི་འཚོ་བའི་ཁྲོད་ཞུགས་པས། ཁོ་ཚོའི་སྨན་པར་བྱམས་སེམས་ཆེ་བ་རྟོགས།

ཞོགས་པར། ངའི་རྒན་གསོའི་ཞབས་ཞུའི་ལྟེ་གནས་ནས་ཁྱོད་ལ་སྒུག་འདུག

ཞོགས་པའི་དུས་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་། ཏཱ་ཀྲུང་སྲང་ལམ་ཡོན་ཧྲན་སྡོད་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ནད་གཡོག་པ་མཱ་ཁྲའོ་དང་སྡོད་ཁུལ་གྱི་སྨན་པ་ཚའོ་ཡུས་ཡོན་གཉིས་དུས་ཚོད་ལྟར་ཧྥུའུ་ཁང་རྒན་གསོའི་ལྟེ་གནས་སུ་ཐོན་པ་དང་། རྒྱུན་སྡོད་བྱས་པའི་རྒན་པ་དྲུག་པོ་ཡིས་ཉིན་རྒྱུན་གྱི་རྒྱུན་སྲོལ་ཞིབ་བཤེར་བྱེད་པར་གྲ་སྒྲིག་བྱས་ཡོད། ཁྲག་ཤེད་དང་ཁྲག་མངར། སྙིང་གི་ལྡིང་ཚད་བཅས་ལ་བརྟག་དཔྱད་བྱེད་བཞིན་ཡོད། མཱ་ཁྲའོ་རྒན་པ་རེ་རེའི་ལུས་ཕུང་གི་གནས་ཚུལ་ལ་ཆ་རྒྱུས་གསལ་བོ་ཡོད་པ་དང་། ཉིན་རྒྱུན་གྱི་ལུས་ཕུང་བརྟག་དཔྱད་ལ་སྣ་གཅིག་གཙོ་གནད་དུ་འཛིན་བཞིན་ཡོད།

མཱ་ཁྲའོ་ཡིས་ལོ་དོན་བརྒྱད་ཅན་གྱི་རྒན་པ་ལིས་ཡུག་ཕིན་གྱི་ཁྲག་ཤེད་ཚད་རྗེས། ཁོ་ལ་སྐུལ་མའི་ཚུལ་གྱིས་དགོད་ཞོར་འདི་ལྟར་བཤད།“ཨ་མྱེས་ལིས། ཉིན་འདི་འགར་ཁྲག་ཤེད་རྒྱུན་ལྡན་ཡིན་པས། རྣམ་པ་འདི་སྲུང་འཛིན་བྱོས།”ཞེས་བཤད་པར་ཨ་མྱེས་ལིས་ཀྱང་གདོང་ལ་འཛུམ་ཞིག་ལངས་ནསའོ་ཡ། ཁྱོད་ཚོས་ཉིན་རྒྱུན་ང་ཚོར་འདི་ལྟར་རྟག་དཔྱད་བྱས་པས།དཀའ་ལས་མྱངས་སོང་།ཟེར།

མཱ་ཁྲའོ་དང་སྨན་པ་གཉིས་ཀྱིས་རྒན་གསོའི་ལྟེ་གནས་ཀྱི་རྒན་པ་རྣམས་ལ་ཞིབ་བཤེར་བྱེད་པའི་བྱ་བ་སྒྲུབ་ཚར། འོན་ཀྱང་། མྱུར་དུ་རྒན་གསོ་ཁང་དང་ཁ་མ་བྲལ། ཁོ་ཚོས་རྒན་པ་རྣམས་ལ་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་གདེང་འཇོག་བྱེད་དགོས་པའི་བྱ་བ་དག་གྲོས་བསྡུར་བྱེད་བཞིན་ཡོད། སྐབས་དེར། སྒོའི་ཕྱི་རུ་ལོ་དོན་གསུམ་ཅན་གྱི་རྨོ་རྨོ་ཧོ་ཞུག་ལན་གྱི་སྐད་སྒྲ་གྲགས་འོང་། མཱ་ཁྲའོ་དང་སྨན་པ་ཚའོ་ད་དུང་སོང་མེད་དམ། ང་ལ་བརྟག་དཔྱད་ཅིག་བྱེད་རོགས་ཞེས་བཤད།

བྱང་ཆ་ལྡན་པའི་སྒོ་ནས་ཧི་ཞུག་ལན་གྱི་ལུས་ཕུང་ལ་བརྟག་དཔྱད་བྱས་རྗེས། མཱ་ཁྲའོ་ཡིས་གསར་འགོད་པར་བཤད་རྒྱུར། སྡོད་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ། ངས་ཀྲུང་ཧེ་ཙི་ཅིན་སྡོད་ཁུལ་གྱི་ཁྱིམ་དུ་འགྲོ་བའི་བྱ་བར་འགན་ཁུར་བཞིན་ཡོད། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་བྱེད་པའི་བྱ་བ་སྤེལ་རྗེས། ངས་མངའ་ཁོངས་ཀྱི་རྒན་པར་གནས་འདི་རུ་སྦྱོང་བརྡར་བྱས་ན་ལེགས་པར་བཤད། གནས་འདིའི་སྦྱོང་བརྡར་གྱི་ཡོ་བྱད་ལ་རིན་སྟེར་མི་དགོས་པ་མ་ཟད། ད་དུང་ཁོ་ཚོ་དང་བསམ་བློ་བརྗེ་རེས་བྱེད་པའི་གོ་སྐབས་མང་པོ་ཡོད་ཟེར།

དུས་ཚོད་བཅུ་དང་ཕྱེད་ཀའི་སྟེང་། མཱ་ཁྲའོ་དང་ཚའོ་ཙི་ཅོན་གཉིས་ཧྥུའུ་ཁང་རྒན་པའི་ཁམས་གསོའི་ལྟེ་གནས་དང་ཁ་བྲལ་བ་དང་། སྡོད་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་སོང་སྟེ་རང་ཉིད་ཀྱི་ཉིན་གཅིག་གི་བྱ་བའི་མགོ་བརྩམས། ཉིན་རེར་དུས་ཚོད་གཉིས་ཀྱི་རིང་རྒན་པ་བཅུ་བདུན་ལྷག་ལ་ཞབས་ཞུ་འདོན་སྤྲོད་བྱེད་ཀྱིན་ཡོད། གཟའ་འཁོར་གཅིག་ཏུ་ཆེས་ཉུང་ཡང་ཐེངས་བཞི་རུ་འགྲོ་བཞིན་ཡོད། 2018ལོའི་ཟླ་བརྒྱད་པར་སྡོད་ཁུལ་འཕྲོད་བསྟེན་ཅུའུ་ཡིས་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་ཞུའི་ལས་དོན་སྤེལ་རྗེས། འདི་ལྟ་བུའི་ཞོགས་པ་ནི་མཱ་ཁྲའོ་ཡི་རྒྱུན་ལྡན་གྱི་བྱ་བར་གྱུར་ཡོད།

མཱ་ཁྲའོ་ཡིས་བཤད་རྒྱུར། མཁར་ཤར་ཁུལ་གྱིས་ཏང་འཛུགས་ཀྱི་ལས་གཞི་འཆར་འགོད་བྱས་ཏེ་དར་སྤེལ་བཏང་བ་དང་། ཁྱིམ་ཚང་སྨན་པར་མིང་ཐོ་འགོད་པའི་ཞབས་ཞུ་ལ་བརྟེན་ནས། ཧུར་ཐག་གིས་ཁྱིམ་དུ་རྒན་གསོ་བྱེད་པ་རྨང་གཞི་དང་སྡོད་ཁུལ་དུ་ཉིན་དཀར་ལྟ་སྐྱོང་བྱེད་པ། རྒན་གསོའི་ལས་ཁུངས་ཀྱིས་ཁ་གསབ་བྱེད་པའི་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་ཞུའི་རྣམ་པ་གསར་བ་བཙུགས། གལ་ཏེ་རྒན་གསོ་ལྟེ་གནས་ཀྱི་རྒན་པར་གློ་བུར་དུ་ནད་བྱུང་ནས་སྨན་ཁང་དུ་སྨན་བཅོས་བྱེད་དུ་འགྲོ་དགོས་ན། ཐད་ཀར་དུ་ཧོས་རིགས་སྨན་ཁང་གི་གེགས་མེད་ལམ་ཡངས་བརྒྱུད་ཆོག་པས། རྒན་པ་རྣམས་ཀྱིས་བློ་སེམས་བདེ་རུ་བབས་ཡོད་ཟེར།

ཉིན་གུང་ངས་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ཞབས་ཞུ་གསར་བ་འདོན་སྤྲོད་བྱེད་ཀྱིན་ཡོད།

ཉིན་གུང་དུས་ཚོད་བཅུ་གཉིས་ཀྱི་སྐབས་སུ། མི་མང་པོ་ཞིག་གིས་གུང་ཟས་རོལ་བཞིན་ཡོད། ཡུན་ཅཱ་ཁུག་གྲོང་རྡལ་འཕྲོད་བསྟེན་ཁང་གི་གཟུགས་བརྙན་ཞིབ་བཤེར་སྨན་པ་ཀྲའོ་ཨན་ཀོས་ཡིས་སྔར་བཞིན་རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱས་ཡོད་པ་དང་། DRམ་ལག་གི་གཟུགས་བརྙན་བརྟག་ཆས་འདི་ནི་ང་ཚོའི་འཕྲོད་བསྟེན་ཁང་ལ་གསར་དུ་འཁྱེར་ཡོང་བ་ཡིན་ལ། ང་ནི་འཕྲུལ་ཆས་འདི་བཀོད་སྤྱོད་བྱེད་ཤེས་པའི་སྨན་པ་གཅིག་པུ་ཡིན་པ་དང་། ང་རང་ཏང་ཡོན་ཡིན་པས། རྒན་པ་འདི་དག་གི་གཟུགས་བརྙན་ཞིབ་བཤེར་གྱི་མཇུག་འབྲས་གསལ་བོ་བྱས་རྗེས་ང་རང་གུང་ཟས་ཟ་རུ་འགྲོ་རྒྱུ་ཡིན།

འཕྲོད་བསྟེན་ཁང་གི་འགོ་གཙོ་མཱ་ཡན་ཕིན་གྱིས་མཚམས་སྦྱོར་བྱེད་རྒྱུར། དེ་སྔོན། འཕྲོད་བསྟེན་ཁང་དུ་གཟུགས་བརྙན་ཞིབ་བཤེར་བྱེད་པའི་འཕྲུལ་ཆས་མེད་ལ། རྒན་པའི་བདེ་ཐང་ཞིབ་བཤེར་དང་ཉིན་རྒྱུན་གྱི་སྨན་བཅོས་བྱ་བའི་ཁྲོད་དཀའ་ཁག་མང་པོར་འཕྲད་སྲིད། ཞིབ་བཤེར་བྱས་ཏེ་ཆེས་མཇུག་མཐར་སླེབས་དུས། སྡོད་དམངས་དང་ནད་པ་རིམ་པ་གོང་མའི་སྨན་ཁང་དུ་སོང་ནས་ཡོང་འགྲུབ་བྱེད་དགོས། མཁར་གྲོང་སྡོད་དམངས་ལ་སྟབས་བདེའི་ཞབས་ཞུ་བསྐྲུན་ན་ད་གཟོད་གཞི་རིམ་སྨན་བཅོས་ཀྱི་གལ་ཆེན་རང་བཞིན་མངོན་ཐུབ། ཞབས་ཞུའི་དཀའ་གནས་འདི་དག་ལ་ས་ཁུལ་འཕྲོད་བསྟེན་ཅུའུ་ཡིས་གདེང་འཇོག་བྱེད་བཞིན་ཡོད། 2018ལོའི་ཟླ་བཅུ་གཉིས་པ་ནས2019ལོའི་ཟླ་དང་པོའི་བར། ཆ་འཕྲིན་ཅན་གྱི་གཟུགས་བརྙན་ཞིབ་བཤེར་མ་ལག་ཏེ་ལི་ཅཱ་བན་གྲོང་རྡལ་དང་ཡུན་ཅཱ་ཁུག་གྲོང་རྡལ་འཕྲོད་བསྟེན་ཁང་གཉིས་སུ་ལག་བསྟར་བྱས། ཟླ་གསུམ་པར། འཕྲོད་བསྟེན་ཁང་དུ་རྒན་པའི་གཅིག་བསྡུས་སྒོས་ལུས་ཕུང་བརྟག་དཔྱད་བྱེད་པའི་བྱ་བ་བསྒྲུབས་པ་དང་། འཕྲུལ་ཆས་གཉིས་ཀྱིས་བྱེད་ནུས་ཆེན་པོ་ཐོན།

ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན། ཏུང་ཧྥུའུ་ཅཱ་ཡོན་སྡོད་ཁུལ་གྱི་རྒན་པ་རྣམས་གཅིག་བསྡུས་སྒོས་འཕྲོད་བསྟེན་ཁང་དུ་ལུས་ཕུང་བརྟག་དཔྱད་བྱེད་དུ་ཡོང་བ་དང་། ལོ་གྱ་ལྔ་ཡིན་པའི་མཱ་ཧོས་ལན་ཡང་ཡོང་ཡོད། གནས་སྐབས་སུ་གཟུགས་བརྙན་ཞིབ་བཤེར་བྱེད་དུ་ཡོང་བའི་མི་མེད་པས། ཀྲའོ་ཨན་ཀོས་ཡིས་མགྱོགས་མྱུར་སྒོས་ཟ་མ་ཟ་ཞོར་ཕྱིར་དྲན་བྱས་ཏེ་བཤད་རྒྱུར། ཁོ་མོར་ཚབས་ཆེ་བའི་ཁྲག་ཤེད་མཐོ་བའི་ནད་ཡོད། རྒྱུ་མཚན་ནི་ཁོ་མོ་ཚང་འཕྲོད་བསྟེན་ཁང་གི་ཉེ་འགྲམ་དུ་བསྡད་ཡོད་པས། ལོ་རེར་ལུས་ཕུང་བརྟག་དཔྱད་བྱེད་སྐབས་ཁོ་མོ་ཧུར་ཐག་གིས་ཟབ་ཞུགས་བྱེད། འོན་ཀྱང་། རྒན་པས་འགྲོ་འདུག་བཟང་བོ་བྱེད་མི་ཐུབ། དེ་སྔོན་ཧོས་རིགས་སྨན་ཁང་དུ་སོང་ནས་གཟུགས་བརྙན་ཞིབ་བཤེར་བྱེད་དགོས་པས། ཁོ་མོར་དཀའ་ལས་མི་ཉུང་བ་བསྐྲུན་ཡོད། ཐེངས་འདིར་མོ་བརྟག་དཔྱད་བྱེད་དུ་ཡོང་སྐབས་བཤད་རྒྱུར། ཁྱིམ་གྱི་སྒོ་ཁར་བརྟག་དཔྱད་ཡོངས་རྫོགས་བྱས་ཆོག་པས། ཐག་རིང་བོར་འགྲོ་མི་དགོས་ཟེར།

གཞི་རིམ་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་ཆེད། མཁར་ཤར་ཁུལ་གྱིས་གཞི་རིམ་སྨན་བཅོས་ལས་ཁུངས་ལ་ཕོ་བ་དང་ཁྲག་བརྟག་དཔྱད་ཆས། གཟུགས་བརྙན་ཞིབ་བཤེར་མ་ལག་དང་ཁྱིམ་ཚང་སྨན་པའི་མིང་འགོད་མཐའ་སྣེ་སོགས་སྒྲིག་ཆས་བཀོད་སྒྲིག་བྱས་ལ། ཀྲུང་ལུགས་སྨན་བཅོས་ས་ཁུལ་འཕྲོད་བསྟེན་ལས་ཁུངས་སུ་ཁེབས་ཚད་བརྒྱ་ཆའི་བརྒྱ་རུ་སླེབས་ཡོད། མཱ་ཡན་ཕིན་གྱིས་སྐད་ཆ་ལྟར་བཤད་ན། ང་ཚོས་མང་ཚོགས་ཀྱི་ཆེད་དུ་བསྒྲུབ་ཐུབ་པའི་བྱ་བ་སྔར་ལས་མང་པོར་གྱུར་ཡོད་ཟེར།

གུང་ཟས་ཀྱི་རྗེས་སུ། མཁར་ཤར་ཁུལ་འཕྲོད་བསྟེན་ཅུའུ་འཆར་ལྡན་བུ་སྐྱེས་ཚན་ཁག་གི་ལས་བྱེད་མི་སྣ་མཱ་ཞའོ་ཅོན་གཞུང་སྒྲུབ་ཁང་དུ་ཐོན་མ་ཐག་ཏུ་རྒད་པོ་སུང་ཚོས་ལན་ལ་ཁ་པར་བཏང་། ཁོ་མོར་ཉེ་ལམ་གྱི་ལུས་ཕུང་གནས་ཚུལ་དྲིས་བྱུང་། “ཨ་ཕྱི་སུང་། ཉེ་ལམ་བདེ་མོ་ཡིན་ནམ།” “བདེ་མོ་ཡིན། ཁྱོད་ཚོས་སེམས་ཁུར་བྱེད་མི་དགོས། ཁྱོད་ཚོ་ཡོད་པས་ང་རང་ལ་ཁེར་རྐྱང་གི་ཚོར་བ་མེད།” ཁ་པར་དུ་ཨ་ཕྱི་སུང་གི་དགོད་སྒྲ་ཐོས་པས། མཱ་ཞའོ་ཅོན་གྱི་གདོང་ལ་ཡང་འཛུམ་མདངས་རྒྱས་བྱུང་།

ལོ་མང་པོའི་སྔོན་ལ། ཨ་ཕྱི་སུང་གི་བུ་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་ཚེ་ལས་འདས། མཱ་ཞའོ་ཅོན་གྱིས་སུང་ཚོས་ལེན་གྱི་གནས་ཚུལ་ཧ་ཅང་གསལ་བོ་ཤེས། 2017ལོར། མཱ་ཞའོ་ཅོན་གྱི་སྐྱེས་པ་སྐྲན་ནད་བྱུང་བ་ཤེས་རྗེས། ཁོ་མོ་ཡང་ལོ་ན་མཐོ་བས་སྐྱེས་པར་བདག་སྐྱོང་བྱེད་དཀའ། དེའི་ཁར་ཁོ་གཉིས་ཀྱི་ཡོང་སྒོ་ཡང་དམའ་བས། སྨན་བཅོས་གྲོན་དངུལ་མང་པོ་མེད། དེ་ནི་རྒན་རྒོན་གཉིས་ལ་མཚོན་ན་ཆེས་དཀའ་བའི་དོན་ཞིག་རེད།

ས་ཁུལ་འཕྲོད་བསྟེན་ཅུའུ་ཡི་ལས་བྱེད་མི་སྣའི་གནས་ཚུལ་རྒྱུས་ལོན་བྱས་རྗེས། སུང་ཚོས་ལན་བཙལ་ནས་ཁོ་གཉིས་ལ་ཉེན་ཚབ་ཉོས་ཡོད་པ་དང་འཚམས་འདྲིའི་དངུལ་བསྐྱལ། རྒན་པ་གཉིས་ཀྱིས་མིག་མཐར་མཆི་མ་འཁོར་ཏེ་བཤད་རྒྱུར། ཁྱོད་ཚོས་རོགས་སྐྱོར་ལ་བཀའ་དྲིན་ཆེ། ཞག་སྡོད་བྱས་པའི་ཉིན་དྲུག་ཅུའི་རིང་། ཉིན་རེར་སྲུང་སྐྱོབ་འགན་བཅོལ་མ་དངུལ་སྒོར་བརྒྱ་རེ་ཡོད་པ་དང་། དེ་མིན་དམངས་སྲིད་སྡེ་ཁག་གིས་བསྐྱལ་ཡོང་བའི་ནད་ཆེན་རོགས་སྐྱོར་ཁ་གསབ་བྱས་པས། སུང་ཚོས་ལན་དཀའ་ཁག་ལས་གྲོལ།

2018ལོར། སྐྱེས་པ་ཚེ་ལས་འདས་རྗེས། སུང་ཚོས་ལན་གྱི་འཚོ་བ་ལྷིང་འཇགས་སུ་གྱུར། ཁོ་མོ་ཡང་བསྐྱར་འཕྲོད་བསྟེན་ཁང་དུ་ཡོང་སྟེ། མིག་ཆུ་བཞུར་ཞོར་གནས་འདིའི་ལས་བཟོ་བ་རྣམས་ལ་བཤད་རྒྱུར། ཁྱོད་ཚོས་ང་ལྟ་བུའི་བདག་མེད་ལོ་ལོན་ལ་ཚེ་མཇུག་གི་བདེ་སྐྱིད་བསྐྲུན་བྱུང་ཟེར།

མཱ་ཞའོ་ཅོན་གྱིས་ཚོར་སྣང་ཟབ་མོས་སྒོ་ནས་བཤད་རྒྱུར། “ད་ལྟ་ས་ཁུལ་དུ་བདག་མེད་ལོ་ལོན་གྱི་ཁྱིམ་ཚང་བརྒྱ་དང་ཞེ་བདུན་ཡོད་པ་དང་མི་གྲངས་ཉིས་བརྒྱ་བཅུ་བདུན་ཡོད། རྒན་པ་འདི་དག་གིས་དེ་སྔོན་རྒྱལ་ཁབ་ཀྱི་ལས་དོན་ལ་ལ་བྱས་རྗེས་བཞག་མྱོང་བས། ང་ཚོས་ཁོ་ཚོ་བརྗེད་མི་རུང་།” རྒྱུས་ལོན་པ་ལྟར་ན། མཁར་ཤར་ཁུལ་གྱིས་ཧུར་ཐག་གིས་བདེ་ཐང་དབུལ་སྐྱོར་བྱ་བར་སྐུལ་འདེད་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་གི་བདེ་ཐང་ཞབས་ཞུའི་འབྲེལ་གཏུག་མི་སྣ་བཞག་པ་མ་ཟད། དབང་བོ་སྐྱོན་ཅན་དང་འཆར་ལྡན་བུ་སྐྱེས་ཁྱད་པར་ཁྱིམ་ཚང་། མ་མཐའི་འཚོ་བའི་འགན་སྲུང་གི་ཁྱིམ་ཚང་། ལྔ་སྐྱོང་ཁྱིམ་ཚང་སོགས་ཁྱད་པར་མི་སྣའི་ཁྱིམ་ཚང་ལ་སྨན་བཅོས་མིང་འགོད་ཡོངས་སུ་ཁེབས་ཡོད་ཟེར།

ཉི་མ་ནུབ་ལ་ཉེ་བའི་སྐབས་སུ། གཞི་རིམ་གྱི་འཕྲོད་བསྟེན་བདེ་ཐང་གི་བྱ་བ་སྒྲུབ་མཁན་དག་གིས་ཀྱང་རང་ཉིད་ཀྱི་སྤྱིར་བཏང་གི་ཉིན་གཅིག་གི་བྱ་བ་ལས་མཚམས་བཞག ཁོ་ཚོས་བཤད་པའི་སྐད་ཆ་དེས་གསར་འགོད་པའི་སེམས་སུ་བག་ཆགས་ཟབ་མོ་བཞག་ཡོད་ལ། དེ་ནི་ཁྱོད་ཚོའི་བདེ་ཐང་ནི་ང་ཚོའི་འགན་འཁྲི་ཡིན་ཞེས་པ་དེ་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།