ཁྲིམས་ལུགས་ཤེས་བྱ་ཡུལ་ཕྱོགས་ཀུན་ཏུ་སྤེལ།   ཁྲིམས་ཀྱི་འདུ་ཤེས་དམངས་ཀྱི་སེམས་སུ་འཇོག
2019.05.20 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 148

ཁྲིམས་ལུགས་ཤེས་བྱ་ཡུལ་ཕྱོགས་ཀུན་ཏུ་སྤེལ།   ཁྲིམས་ཀྱི་འདུ་ཤེས་དམངས་ཀྱི་སེམས་སུ་འཇོག

——ཐུན་ཏེ་རྗོང་ཁྲིམས་འཛིན་ཅུའུ་ཡིས་གཞི་རིམ་དུ་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་ཀྱི་དྲིལ་སྒྲོག་བྱ་འགུལ་སྤེལ་བ།

ཐུན་ཏེ་རྗོང་རྨ་བྱང་ཁྲིམས་འཛིན་ཁང་གི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་གྱིན་པ།

ཐང་མགོ་གྲོང་རྡལ་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དྲིལ་བྒྲོག་སྤེལ་གྱིན་པ།

མི་དམངས་མང་ཚོགས་ཀྱིས་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་ཚོགས་འདུ་ལ་ཉན་གྱིན་པ།

བདུན་ལྔའི་ཁྲིམས་ཁྱབ་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ། མི་ཚང་མས་ཁྲིམས་ཤེས་པ་དང་ཁྲིམས་སྲུང་བ། དམངས་ཡོངས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཞུགས་པའི་རྣམ་པ་བཟང་པོ་ཞིག་གཏོད་ཆེད།ཟླ་ལྔ་བའི་ཚེས་དྲུག་ཉིན་ནས་ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན་བར་ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་དང་།སྤྱི་བདེ་ཅུའུ།མི་དམངས་ཁྲིམས་ཁང་།མི་དམངས་ཞིབ་དཔྱོད་ཁང་།ཏང་གི་སློབ་གྲྭ་སོགས་ལས་ཁུངས་ཀྱིས་མཉམ་འབྲེལ་ཚོགས་ཆུང་གཉིས་ཀྱི་སྒྲོག་འགྲེལ་ཚོགས་ཆུང་བཙུགས་ནས་ཐུན་ཏེ་རྫོང་གི་སྲིད་འཛིན་སྡེ་བ་དོན་གསུམ་ས་ཁུལ་བཅུ་བཞི་ལ་བགོས་ནས་ཁྲིམས་སྐྱོང་སློབ་གསོའི་སྒྲོག་འགྲེལ་བྱེད་སྒོ་ཆེ་གྲས་ཤིག་ཕྱོགས་ཡོངས་ནས་སྤེལ་ཞིང་།ཐེངས་འདིའི་བྱེད་སྒོའི་ཁྲོད་ནག་འཇོམས་ངན་སེལ་གཙོ་བྱས་པའི་ཁྲིམས་ལུགས་ཁྱབ་གདལ་དང་སྒྲོག་འགྲེལ་བྱ་རྒྱུ་དེ་རྫོང་ཡོངས་སུ་ཁྱབ་པ་བཅས་ཀྱི་དམིགས་ཡུལ་མངོན་འགྱུར་བྱས་ཡོད། སྒྲོག་འགྲེལ་ཚོགས་ཆུང་གིས་ཁྲིམས་ལུགས་སྒྲོག་འགྲེལ་དང་ཁྲིམས་ལུགས་རྒྱུན་ཤེས་ལག་དེབ་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་སྒྲོག་འགྲེལ་བྱ་བ་ཁྱོན་ཡོངས་ནས་སྤེལ་བར་མ་ཟད།དྲིལ་བསྒྲགས་སློབ་གསོའི་ནང་སྒྲོག་འགྲེལ་ཚོགས་ཆུང་གི་ཁོངས་མིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་བའི《ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྐོར་གྱི་བརྡ་ཐོ》དང《མི་དམངས་འདུམ་འགྲིག་བཅའ་ཁྲིམས》རྩ་ཁྲིམས་གཙོ་བོར་བྱས་པའི་ཁྲིམས་སྲོལ་སོགས་སྒྲོག་འགྲེལ་བྱས་ཏེ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དེ་མང་ཚོགས་ཁྲོད་ཁྱབ་ཏུ་བཅུག་ནས་མི་སེམས་འགུལ་བའི་རྣམ་པ་བཟང་བོ་ཞིག་བསྐྲུན་ཡོད།


ད་ཐེངས་ཀྱི་དྲིལ་བསྒྲགས་སྒྲོག་འགྲེལ་བྱེད་སྒོར་འབྲེལ་ཡོད་དྲིལ་བསྒྲགས་དཔྱད་ཡིག་ཁྲི་གཉིས་དང་སྟོང་གསུམ་ལྔ་བརྒྱ་གོ་བརྒྱད་ལྷག་ཙམ་དང་།སྦྱར་ཡིག་དང་འཕྲེད་འགེལ་བརྒྱ་དང་སུམ་བཅུ་ལྷག་དཔྱངས་ལ།སློབ་གསོ་ཐོབ་པའི་མང་ཚོགས་སྟོང་བདུན་དང་བརྒྱད་བརྒྱ་རེ་དྲུག་ལྷག་ཙམ་ཟིན་ལ།ཁྲིམས་ཀྱི་ཁྱབ་ཚད་རྫོང་ཡོངས་ཀྱི་སྡེ་བ་དང་སྡེ་ཁུལ་གྱི་བརྒྱ་ཆའི་གོ་ལྔ་ཡན་ཟིན་འདུག སྒྲོག་འགྲེལ་ནང་དོན་ཁ་གསལ་ཞིང་གོ་སླ་བ་དང་། མང་ཚོགས་ཀྱི་འཚོ་བ་དང་ཉེ་བ།མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་པར་མཚོན་ཞིང་།ཆེད་དོན་འཐབ་རྩོད་དང་འབྲེལ་ནས་དགོས་མཁོ་ཆེ་བའི་བཅའ་ཁྲིམས་ཀྱི་ནང་དོན་མི་སེམས་ལ་ཟུག་པ་བཅས་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ངོས་འཛིན་ཟབ་མོ་ཐོབ་པ་དང་། བཅའ་ཁྲིམས་སློབ་སྦྱོང་ལ་སྔར་བྱུང་མ་མྱོང་བའི་སྤྲོ་སྣང་གིས་ཁེངས་ཡོད། དུས་མཚུངས་སུ།རྫོང་ཁྲིམས་འཛིན་ཅུའུ་ཡིས་གཉེར་བའི་ཁྲིམས་ཁྱབ་སློབ་གསོའི་འཕྲིན་སྟེགས་ལ་དོ་ཁུར་བྱས་པ་དང་འབྲེལ་ཡོད་ནང་དོན་ལ་ཉན་རྗེས་ཚང་མས་དེ་ལ་དགའ་བསུ་ཆེན་མོ་ཐོབ་པ་དང་། རྫོང་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཁྲིམས་ལུགས་སློབ་པ་དང་། ཁྲིམས་ལུགས་སྤྱོད་པ། ཁྲིམས་ལུགས་སྲུང་བའི་འདུ་ཤེས་སྔར་ལས་མཐོར་འདེགས་སུ་བཏང་ནས་ཁྲིམས་དང་མཐུན་པར་རང་གི་ཁེ་ཕན་དོན་གཉེར་བྱེད་ཅིང་། ཁྲིམས་དང་མཐུན་པའི་སྒོ་ནས་དམངས་ཕན་སྲིད་ཇུས་སྣ་ཚོགས་ལོངས་སུ་སྤྱོད་པ་བཅས་ཀྱི་ཁྲིམས་ལུགས་སློབ་གསོའི་ཁོར་ཡུག་གཙང་མ་ཞིག་བསྐྲུན་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།                                                                                                                                    
                                                                                                                                 རྩོམ་སྒྲིག་པ། སྐར་མ་འཚོ།