ལྟ་སྐུལ་མཛུབ་སྟོན་གྱི་སྟོབས་ཤུགས་གོ་སྐབས་ལ་བརྟེན་ནས་ནག་ཚོགས་ཀྱི་ཟིལ་ཤུགས་མྱུར་དུ་མེད་པར་གཏོང་བ་དང་། ངན་སེལ་གྱི་རལ་གྲི་འཕྱར་ཏེ་ཆེད་དོན་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པར་བརྩོན་ལེན་བྱེད་དགོས།
2019.06.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

——ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་མཚོ་སྔོན་གྱི་བྱ་བ་ལ་མཛུབ་སྟོན་བྱེད་པའི་སྐུལ་སློང་ཚོགས་འདུ་ཟི་ལིང་ནས་ཚོགས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་།

ཟླ་དྲུག་པའི་ཚེས་གཅིག་ཉིན། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་མཚོ་སྔོན་གྱི་བྱ་བ་ལ་མཛུབ་སྟོན་བྱེད་པའི་སྐུལ་སློང་ཚོགས་འདུ་ཟི་ལིང་ནས་ཚོགས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་གྲགས་འགུལ་ཆེན་པོ་བཟོས། ཚང་མས་ལང་ལོང་སྒོས་བསྟན་དོན། ཐེངས་འདིར་ཀྲུང་དབྱང་གི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་མཚོ་སྔོན་དུ་ཡོང་ནས་ལྟ་སྐུལ་མཛུབ་སྟོན་བྱས་པར།ཏང་ཀྲུང་དབྱང་གིས་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་བྱེད་པའི་ཆོད་སེམས་མངོན་པར་བྱས་པ་དང་། དེ་ནི་ང་ཚོའི་བྱ་བའི་ཕྱོགས་ཡོངས་ཀྱི་ཉམས་ཞིབ་ཐེངས་ཤིག་དང་གནད་དུ་འཁེལ་བའི་ནད་ཐོག་སྨན་བཅོས་ཐེངས་ཤིག་ཡིན། ང་ཚོས་བློ་ཐག་རྦད་ཆོད་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དངོས་འབེབས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བྱེད་པ་དང་ཆབ་སྲིད་ཀྱི་ཁག་ཁུར་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། སྟོབས་ཤུགས་ཡོད་ཚད་ཀྱིས་ཀྲུང་དབྱང་གི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་བྱ་བར་རྒྱབ་སྐྱོར་དང་རམ་འདེགས་བྱས་ཏེ། ལྟ་སྐུལ་མཛུབ་སྟོན་སྟོབས་ཤུགས་ལ་བརྟེན་པ་དང་ནག་འཇོམས་ཀྱི་དབང་ཟིལ་མེད་པར་གཏོང་བ། ངན་སེལ་གྱི་རལ་གྲི་འཕྱར་ཏེ་རྦད་ཆོད་ཀྱི་རྣམ་འགྱུར་དང་ནུས་ལྡན་གྱི་བྱེད་ཐབས། དམ་དྲག་གི་སྒྲིག་ཁྲིམས། གཟབ་ནན་གྱི་སྤྱོད་སྟངས་བཅས་ཀྱིས་ཆེད་དོན་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་ཏེ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག  ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ལ་ཚད་དང་ལྡན་པའི་རྒྱུགས་གཞི་ཞིག་སྤྲོད་དགོས།

ལངས་གནས་མཐོར་འདེགས་བྱས་ཏེ་རང་འགུལ་གྱིས་བྱ་བ་སྒྲུབ་པ།

“ཐེངས་འདིའི་ཀྲུང་དབྱང་གི་ལྟ་སྐུལ་མཛུབ་སྟོན་གྱིས་ནག་འཇོམས་ངན་སེལ་བྱ་བའི་འཐབ་ཕྱོགས་དང་པོའི་སྟེང་གི་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས‘འདུ་ཤེས་བཞི’ཇེ་དྲག་ཏུ་གཏོང་བ་དང‘ཡིད་ཆེས་བཞི’བརྟན་པོར་བྱེད་པ། ‘སྲུང་སྐྱོང་གཉིས’ལེགས་པོར་བྱེད་པར་ཆབ་སྲིད་ཀྱི་ཉམས་སད་ཐེངས་ཤིག་ཡིན་པར་མ་ཟད། དེ་བས་ཀྱང་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་གནད་དོན་བརྟག་དཔྱད་བྱེད་པ་དང་མི་འདང་ས་ཁ་སྐོང་བྱེད་པ། གོ་འཛོལ་ཡོ་བསྲང་བྱེད་པ། བྱ་བར་བཅོས་བསྒྱུར་བྱེད་པ་བཅས་ཀྱི་གོ་སྐབས་གལ་ཆེན་ཞིག་ཀྱང་རེད”ཅེས་ཞིང་ཆེན་སྤྱི་བདེ་ཐིན་གྱི་མཉམ་སྡེབ་དམག་འཐབ་པུའུ་ཡི་ཀྲུའུ་རིན་ཕུའུ་ཀྲི་ཅོན་གྱིས་དེ་ལྟར་བཤད། ཆེད་དོན་འཐབ་རྩོད་མགོ་བརྩམས་པ་ནས་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པ་ཡོད་ཚད་ལ་སྐུལ་སློང་བྱས་ནས་སྟོབས་སྒྲིལ་ཕར་རྒོལ་བྱས་པར་བསྡོམས་པས་ནགས་ཚོགས་ཀྱི་ཚོགས་པ་ང་བཞི་ལྷག་རྩད་ཆོད། གོ་རིམ་རྗེས་མར་ཐེངས་འདིའི་ལྟ་སྐུལ་མཛུབ་སྟོན་བྱ་བ་གོ་སྐབས་སུ་བཟུང་ནས་མུ་མཐུད་དུ་ནག་ཚོགས་སྟོབས་ཤུགས་ལ་གཟོད་སྒོམ་གཏན་ནས་མི་བྱེད་པར་སྔར་ལས་ལྷག་པའི་སྒོ་ནས་ཉེན་རྟོག་པའི་སྟོབས་ཤུགས་དང་ཐོན་ཁུངས་གཅིག་བསྡུས་བྱས་ཏེ། མང་ཚོགས་སྐུལ་སློང་བྱེད་པའི་བྱ་བ་གཙོ་བོར་བཟུང་ནས་ཁུངས་སྣེ་མཐིལ་བརྟོལ་དང་གྱོད་གཞི་འགག་སྒྲོལ་བྱེད་པ། ངན་ཕྱོགས་བཅོས་སྐྱོང་བྱེད་པ། སྔ་མོ་ནས་རྡུང་རྡེག་དང་དང་ཆུང་ས་ནས་རྡུང་རྡེག་བྱེད་པ་རྒྱུན་འཁྱོངས་བྱས་ནས་ངན་པ་ཚར་གཅོད་ཀྱི་ལས་འགན་གཙང་སྒྲུབ་བྱེད་པ་དང་། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ཏེ། བློ་ཐག་རྦད་ཆོད་ཀྱིས་ངན་འཇོམས་ནག་སེལ་གྱི་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་བླངས་ཏེ།  མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚོར་སྣང་དང་བདེ་འཇགས་ཀྱི་ཚོར་སྣང་། ཡིད་ཚིམས་ཚད་བཅས་སྔར་ལས་མཐོར་འདེགས་སུ་བཏང་།

ཀྲུང་དབྱང་གི་ལྟ་སྐུལ་མཛུབ་སྟོན་ནི་ང་ཚོའི་བྱ་བར་འགྱུར་ལྡོག་གཏོང་བའི་རིན་ཐང་ལྡན་པའི་གོ་སྐབས་ཤིག་ཡིན་པར་མ་ཟད། ནག་འཇོམས་ངན་སེལ་གྱི་དཀའ་སེལ་འགག་སྒྲོལ་གྱི་སྒུལ་ཤུགས་ཆེན་པོ་ཞིག་ཡིན།”ཞེས་མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཁང་དང་པོའི་ཀྲུའུ་རིན་སུན་བུན་ཧྲིན་གྱིས་དེ་ལྟར་བཤད། ཆེད་དོན་འཐབ་རྩོད་མགོ་བརྩམས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཞིབ་བཤེར་ལས་ཁུངས་ཀྱིས་གཟབ་ནན་གྱི་རྣམ་འགྱུར་དང་འགུལ་སྐྱོད་མྱུར་བ། བྱེད་ཐབས་ནུས་ལྡན་བཅས་ཀྱི་སྒོ་ནས་ངན་ནག་སྟོབས་ཤུགས་ཀྱི་ཁྲིམས་འགལ་སྐོར་ཞིག་ལ་ཉེས་ཆད་བཅད་པས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། གོ་རིམ་རྗེས་མར་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་རོགས་སྐྱོར་དང་སྣེ་ཁྲིད་འོག ཞིབ་དཔྱོད་ཀྱི་ནུས་རྩལ་འདོན་སྤེལ་གང་ལེགས་བྱས་ནས། ངན་ནག་སྟོབས་ཤུགས་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་བྱས་ནས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་དེ་ཁྲིམས་ལྟར་བསྒྲུབ་པར་འགན་སྲུང་བྱས་ཏེ་ཉེས་འཇོམས་འགས་གཏོར་བྱེད་དགོས། འགེབ་སྲུང་མཁན་གྱི་ཁུངས་སྣེ་གཏིང་སློག་རྩད་གཅོད་བྱས་ཏེ། སྔར་ལས་ལྷག་པར་ཚད་མཐོ་བའི་བྱ་བའི་འགན་འཁྲིའི་འདུ་ཤེས་ཀྱིས་ཆེད་དོན་འཐབ་རྩོད་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་རང་ཉིད་ཀྱི་བྱས་རྗེས་འཇོག་དགོས།

ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བའི་རིང་དུ་ང་ཚོ་ནི་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་སྟེང་ན་བྱ་བ་སྒྲུབ་བཞིན་པ་ཞིག་ཡིན་པའི་ཆ་ནས། སྤྱི་ཚོགས་ཀྱི་བདེ་འཇགས་རྣམ་པ་དེ་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བཞིན་པ་ཚོར་ཞིང་། སྤྱི་ཚོགས་ཀྱི་མཁའ་དབུགགས་སྔར་ལས་ཇེ་དྭངས་དང་རྒྱ་ཆེའི་གཞི་རིམ་མང་ཚོགས་ཀྱི་བདེ་འཇགས་ཀྱི་ཚོར་སྣང་དེ་མངོན་གསལ་སྒོས་ཇེ་མཐོར་འགྲོ་བཞིན་ཡོད་པ་རྟོགས་ཐུབ”ཅེས་ཧོང་ཀྲོང་རྫོང་གུང་ཧོ་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅི་མའོ་ཡུའུ་ཀུང་གིས་བཤད། ཐེངས་འདིའི་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་རང་ཞིང་དུ་ཡོང་ནས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་བྱས་པ་ནི་སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་ལས་འགན་ལག་བསྟར་བྱེད་པར་རོགས་སྐྱོར་དང་བྱ་བའི་གྲུབ་འབྲས་མཐོར་འདེགས་བྱེད་པར་འཕྲད་དཀའ་བའི་གོ་སྐབས་ལེགས་པོ་ཞིག་ཡིན་པས་དམ་འཛིན་དངོས་འབེབས་བྱེད་དགོས། མུ་མཐུད་དུ་གཞི་རིམ་གྱི་རྩ་འཛུགས་སྟོབས་ལྡན་དུ་གཏོང་བ་དང་གཞི་རིམ་གྱི་ཁོར་ཡུག་ལེགས་འཛུགས་བྱེད་པ། སྤྱི་ཚོགས་བདེ་འཇགས་བརྟན་སྲུང་བྱས་ནས། ཞིང་སྡེ་དར་རྒྱས་འབྱུང་བར་ཁག་ཐེག་བྱས་ནས་འཆམ་མཐུན་དང་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས།

འགན་ནུས་ལག་བསྟར་དང་དངོས་འབེབས་དམ་འཛིན་བྱེད་དགོས།

“ཀྲུང་དབྱང་གི་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་རང་ཞིང་དུ་ཡོང་ནས་ལྟ་སྐུལ་མཛུབ་སྟོན་བྱས་པ་ནི། རང་ཞིང་གི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་བྱ་བར་སྐུལ་འདེད་གཏིང་ཟབ་ཏུ་བཏང་བ་ཞིག་ཡིན། སྲིད་ཁྲིམས་སྲིད་འཛིན་གྱི་བྱ་བ་གཉེར་མཁན་ཞིག་ཡིན་པའི་ངོས་ནས་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག་ཏུ་དུས་ཡུན་ལོ་ངོ་གསུམ་ཡིན་པའི་མི་དམངས་ཀྱི་འཐབ་རྩོད་འདི་ལ་ངེས་པར་དུ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས།”ཞེས་ཞིང་ཆེན་སྲིད་ཁྲིམས་ཐིན་ཁྲིམས་ལུགས་ཁྱབ་གདལ་ཁྲུའུ་ཡི་ཁྲུའུ་ཀྲང་སུན་ཁྲང་ཡེ་ཡིས་དེ་ལྟར་བཤད། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་རིང་ལ་མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་ཐིན་གྱིས་སྐུལ་སློང་ཚོགས་འདུ་དེ་གཞི་རིམ་བར་དུ་སྤེལ་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དགོངས་དོན་དང་གཏན་འཁེལ། ཇུས་ཆོད་དང་བྱ་བའི་བླང་བྱ་བཅས་ལས་རྐང་དང་པོར་་བྱ་བ་སྒྲུབ་མཁན་རྣམས་ལ་བརྒྱུད་སྒྲོག་བྱས་ནས། ངན་ནག་སྟོབས་ཤུགས་ཀྱི་གྱོད་གཞིའི་ཁུངས་སྣེ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་མི་སྣ་གཙོ་བོ་ལ་ལྟ་རྟོག་བྱེད་པའི་བྱ་བར་ཤུགས་སྣོན་བྱས་ནས། ཁྲིམས་རྩོད་པས་ཁྲིམས་ལྟར་གྱོད་གཞི་ཚབ་སྒྲུབ་བྱེད་པར་ཁྲིད་སྟོན་བྱས་ཏེ་ཁྲིམ་སྐྱོང་དྲིལ་སྒྲོག་སློབ་གསོ་ཡོངས་ཁྱབ་ཏུ་སྤེལ་བ་དང་། ཁྲིམས་ལྟར་རྙོག་འཛིང་གི་རྣམ་པ་བཅོས་སྐྱོང་བྱས་ནས་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་བ་ཡིན། གོ་རིམ་རྗེས་མར་སྲིད་ཁྲིམས་སྲིད་འཛིན་ཁྱབ་ཁོངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་བཏང་ནས། གཏིང་ཟབ་པའི་སྒོ་ནས་གྱོད་གཞིའི་ཁུངས་སྣེ་སྔོག་འདོན་བྱེད་པ་དང་སྤུས་ཚད་མཐོ་བའི་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཞིབ་བཤེར་དར་སྤེལ་བྱས་ཏེ། ཁྲིམས་ལུགས་དྲིལ་སྒྲོག་གི་ཤུགས་ཚད་མུ་མཐུད་དུ་རྒྱ་བསྐྱེད་པ་དང་རྙོག་འཛིང་གི་རྣམ་པ་བཅོས་སྐྱོང་བྱེད་པ་གཙོ་གནད་དུ་བཟུང་ནས། ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་ཤུགས་ཆེན་པོས་དར་སྤེལ་བྱས་ནས་ཆེད་དོན་འཐབ་རྩོད་ལ་ཕན་འབྲས་གསར་བ་ལེན་པར་སྐུལ་འདེད་བྱེད་དགོས།

མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཉེས་དོན་ཁྲིམས་ར་དང་པོའི་མགོ་བ་ཆིས་གོ་ཆིན་གྱིས་བཤད་རྒྱུར། ཐེངས་འདིར་ཀྲུང་དབྱང་ནག་གི་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་མཚོ་སྔོན་དུ་སྐུལ་སློང་ཚོགས་འདུ་བསྡུས་པ་དེའི་ཆབ་སྲིད་ཀྱི་ལངས་གནས་མཐོ་ཞིང་བྱ་བའི་བླང་བྱ་གཟབ་ནན་ཡིན་པ། བྱ་བའི་བཀོད་སྒྲིག་ཚགས་དམ་པ་དེས་དེང་ཕྱིན་ནག་འཇོམས་ངན་སེལ་གྱི་བྱ་བ་གཏིང་ཟབ་ཏུ་སྤེལ་བར་ནུས་པ་ཆེན་པོ་ཐོན། ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་འདྲི་གཅོད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཁྲིམས་ལྟར་ངན་ནག་སྟོབས་ཤུགས་ལ་རྡུང་རྡེག་དྲག་པོ་བཏང་བས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། གོ་རིམ་རྗེས་མར་སྐུལ་སློང་ཚོགས་འདུ་དེ་གོ་སྐབས་སུ་བཟུང་ནས་ལོ་དང་པོའི་ནང་དུ་འགོག་རྐྱེན་ལ་རྡུང་རྡེག་གཏོང་བ་དང་ལོ་གཉིས་པའི་ནང་དུ་རྩ་བ་ནས་བཅོས་སྐྱོང་བྱེད་པ། ལོ་གསུམ་པའི་ནང་དུ་ཡུན་རིང་བཅོས་སྐྱོང་བྱེད་པའི་དམིགས་འབེན་བླང་བྱ་དང་དམ་པོར་འབྲེལ་ནས། མུ་མཐུད་དུ་ངན་ནག་གྱོད་གཞི་འདྲི་གཅོད་བྱེད་པ་དང་ངན་ནག་སྟོབས་ཤུགས་ཀྱི་དཔལ་འབྱོར་རྨང་གཞི་རྩ་མེད་དུ་གཏོང་བ། ངན་ནག་སྟོབས་ཤུགས་ཀྱི་འབྲེལ་ལམ་དང་འགེབ་སྲུང་སོགས་སྔོག་འདོན་བྱེད་པའི་ལས་འགན་གཙོ་བོ་ལེགས་འགྲུབ་བྱས་ཏེ། འདྲི་གཅོད་ནུས་པ་དང་དགེ་མཚན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ངན་ནག་སྟོབས་ཤུགས་ཀྱི་ཉེས་གསོག་གྱོད་གཞི་མྱུར་དུ་འཛུགས་པ་དང་མྱུར་དུ་འདྲི་གཅོད་བྱེད་པ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་ངན་ནག་སྟོབས་ཤུགས་ཀྱི་ཁྲིམས་འགལ་ལ་རྡུང་རྡེག་གཏོང་བའི་རྣམ་པ་སྲུང་འཛིན་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ལེན་དགོས།

ཟླ་དྲུག་པའི་ཚེས་གཅིག་ཉིན། ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཅིས་ཧྲི་གྲོང་རྡལ་གྱིས་མྱུར་མོར་བྱ་འགུལ་སྤེལ་ཏེ། གྲོང་རྡལ་ཡོངས་ཀྱི་ལས་བྱེད་མགོ་ཁྲིད་པའི་གཏིང་ཟབ་སྒོས་ཀྲུང་དབྱང་ལྟ་སྐུལ་འཛུབ་སྟོན་གྱི་ནང་དོན་གལ་ཆེན་ལ་ངེས་ཤེས་ཟབ་མོ་ལེན་དགོས་པའི་རེ་བ་བཏོན་པ་དང་། བྱ་བའི་དཀྱིལ་སྙིང་མགྱོགས་མྱུར་སྒོས་ཀྲུང་དབྱང་གི་ལྟ་སྐུལ་མཛུབ་སྟོན་བྱ་བའི་སྟེང་དུ་གཅིག་བསྡུས་བྱས་ཏེ།  ཚད་མཐོན་པོའི་ཆབ་སྲིད་ཀྱི་རང་རྟོག་བསམ་བློ་དང་འགན་འཁྲིའི་ཁག་ཁུར་འདུ་ཤེས་བཅས་ཆེད་དོན་འཐབ་རྩོད་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། ཅིས་ཧྲི་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཧན་གོ་ཧྥུའུ་ཡིས་བཤད་རྒྱུར། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་དྲིལ་སྒྲོག་གི་ཁྱབ་ཚད་དང་ཟབ་ཚད་ཤུགས་ཆེ་ཆེར་བཏང་ནས། དཔེ་མཚོན་གྱི་གྱོད་གཞི་དྲིལ་བསྒྲགས་ལ་བརྟེན་ནས་གཞི་རིམ་ལས་བྱེད་མང་ཚོགས་ནང་ཞུགས་བྱེད་པའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་མཐོར་འདེགས་སུ་གཏོང་དགོས། ཁྱབ་ཁོངས་གལ་ཆེན་དང་ས་ཁོངས་གལ་ཆེན་ལ་གཅིག་བསྡུས་སྒོས་ཞིབ་བཤེར་བྱས་ནས། ཏན་ཏན་ཏིག་ཏིག་སྒོས་ནག་འཇོམས་ངན་སེལ་གྱི་སྟོབས་ཤུགས་རྩ་བ་ནས་ཕྱིར་སྔོག་འདོན་བྱེད་དགོས།"སྡེ་བའི་གཤེད་མ་དང་། ཡུལ་གྱི་གཤེད་མ། གཏེར་ཁའི་གཤེད་མ་"བཅས་ནག་སྤྱོད་སྟོབས་ཤུགས་དང་རྙོག་འཛིང་གི་ལས་རིགས་ལ་ཁྲིམས་ཆད་ནན་མོ་གཅོད་པ་དང་རྡུང་རྡེག་བཏང་ནས་བཅོས་སྐྱོང་བྱེད་དགོས།
མྱུར་སྒྲུབ་མྱུར་བཅོས་དང་།བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས།
"ཀྲུང་དབྱང་གིས་འདི་འདྲའི་སྟོབས་ཤུགས་ཆེན་པོ་འདོན་བཞིན་ཡོད་པ་མཐོང་རྗེས།ང་ཚོ་ཚོང་ལས་པའི་སེམས་པ་སྔར་ལས་ལྷག་པར་ཇེ་བདེ་རུ་བུད་སོང་།" ཀྲུང་དབྱང་གི་ནག་འཇོམས་ངལ་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་མཚོ་སྔོན་དུ་ཡོང་ནས་བྱ་བར་མཛུབ་སྟོན་བྱེད་བཞིན་ཡོད་པའི་གཏམ་སྙན་གོ་རྗེས།  ཟི་ལིང་གྲོང་ཁྱེར་དུ་སྒྱུ་རྩལ་ཐོན་རྫས་ཀྱི་ཚོང་ལས་གཉེར་གྱིན་པའི་ལིས་ཁྲིན་ལ་དགའ་སྤྲོ་ཚད་མེད་སྐྱེས་བྱུང་། ཁོས་བཤད་རྒྱུར། ཏང་ཀྲུང་དབྱང་གི་འཐབ་ཇུས་ལག་བསྟར་གྱིས་ག་ས་གང་དུ་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ནས། ཕྱོགས་གང་ཐད་ནས་མང་ཚོགས་ལ་སེམས་ཁུར་བྱེད་བཞིན་ཡོད། སྤྱིར་བཏང་གི་མང་ཚོགས་ཤིག་ཡིན་པའི་ཆ་ནས་ང་ཚོས་སེམས་སྟེང་ནས་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་ཡོད་ལ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་ལ་ཡིད་ཆེས་དང་རེ་བས་ཁེངས་ཡོད།
“བདེ་འཇགས་འདོད་པ་དང་བདེ་འཇགས་ལ་རེ་བ་བྱེད་པ། བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ནི་མང་ཚོགས་ཀྱི་ཆེས་སྟབས་བདེ་བའི་ཡིད་སྨོན་བྱེད་ས་དེ་རེད། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་བླངས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་བ། བདེ་འཇགས་ཀྱི་ཚོར་བ་བཅས་སྟོབས་ལྡན་དུ་གཏོང་དགོས”།ཞེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ་ཡྭང་ཀྲན་ལུང་བྱ་བ་འདི་ལ་ཚོར་སྣང་ཟབ་མོ་ལྡན།        ཁོས་བཤད་རྒྱུར། མང་ཚོགས་ལ་ཐོབ་ཚོར་དང་བདེ་འཇགས་ཀྱི་ཚོར་སྣང་ཡོད་དགོས་ན་ངེས་པར་དུ་ནག་འཇོམས་ངན་སེལ་གྱི་སྟོབས་ཤུགས་མེད་པར་གཏོང་དགོས། མཚོ་ལྷོའི་རིམ་པ་གཉིས་ཀྱི་ཁྲིམས་ཁང་གིས་འཛུབ་སྟོན་འདི་གོ་སྐབས་གལ་ཆེན་ཞིག་ཏུ་བཟུང་ནས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་དགོས་པ་དང་། ཆབ་སྲིད་ཀྱི་འགན་ཁྲི་ཇེ་དྲག་ཏུ་གཏོང་བ། ཆབ་སྲིད་ཀྱི་ཁག་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། རང་འགུལ་སྒོས་ཀྲུང་དབྱང་ལྟ་ཞིབ་མཛུབ་སྟོན་ཚན་ཁག་གི་ཞིབ་བཤེར་དང་མཛུབ་སྟོན་དང་ལེན་བྱེད་དགོས།ནུས་ཤུགས་ཡོད་དགུས་བྱ་བ་རེ་རེ་ལེགས་པོར་བསྒྲུབ་དགོས་པ་དང་མྱུར་སྒྲུབ་མྱུར་བཅོས་བྱེད་ཐུབ་པ། ནག་འཇོམས་ཀྱི་ཟིལ་ཤུགས་མེད་པར་བཟོ་བ་དང་། ངན་སེལ་གྱི་རལ་གྲི་འཕྱར་ཏེ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་དེ་གཏིང་ཟབ་དུ་སྤེལ་བར་སྐུལ་འདེད་བཏང་ཏེ། ལོ་གསུམ་གྱི་ནང་དུ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པར་རྨང་གཞི་འདིང་དགོས།
“ང་ཚོས་དོན་ངོ་མའི་ཐོག་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ཞིང་ཆེན།གྲོང་ཁྱེར།ཆུའུ་བཅས་ཀྱི་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། མུ་མཐུད་དུ་ཤུགས་སྣོན་པ་དང་། ཡུན་རིང་བར་དུ་བྱས་རྗེས་འཇོག་དགོས”ཞེས་ཟི་ལིང་གྲོང་ཁྱེར་ཆིན་ཁྲིན་སྲང་ལམ་གྱི་ཏང་ཨུའི་ཧྲུའུ་ཅི་པའེ་ཞའོ་ལིན་གྱིས་བཤད་པར། གཞི་རིམ་ལས་ཁུངས་ཤིག་ཡིན་པའི་ཆ་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བ་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་བ་དང་། ཡིད་ཚིམས་ཚད། བདེ་འཇགས་ཚོར་བ་བསྟུད་མར་ལོ་རེ་བཞིན་མཐོར་འདེགས་སུ་བཏང་། ང་ཚོས་ལྟ་སྐུལ་འཛུབ་སྟོན་འདི་གོ་སྐབས་སུ་བཟུང་ནས་བསྟུད་མར་གཞི་རིམ་རྩ་འཛུགས་ལ་ཤུགས་བསྣན་ནས། གཞི་རིམ་གྱི་ཁོར་ཡུག་གཙང་སེལ་དང་། སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། སྤྱོད་ངན་དག་གཙང་དང་། བརྟན་འཇགས་ཀྱི་གཞི་རིམ་སྤྱི་ཚོགས་ཁོར་ཡུག་གི་རྣམ་པ་ཞིག་བསྐྲུན་ནས། བསྟུད་མར་ཆེད་དོན་འཐབ་རྩོད་ལ་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།
“མི་དམངས་མང་ཚོགས་ལ་བདེ་འཇགས་ཀྱི་ཚོར་སྣང་དང་ཐོབ་སྣང་གི་ཚོར་བ། བདེ་སྐྱིད་ཀྱི་ཚོར་སྣང་བཅས་ཡོད་ན་ད་གཟོད་འཚོ་བར་སྔར་ལས་ཕུན་སུམ་ཚོགས་པ་དང་། སྔར་ལས་འགན་སྲུང་ཡོད་ངེས།”ཞེས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཞང་གི་ཏང་ཨུའི་ཧྲུའུ་ཅི་བློ་བཟང་བཀྲ་ཤིས་ཀྱིས་དེ་ལྟར་བཤད།   
ཀྲུང་དབྱང་གི་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་མཚོ་སྔོན་དུ་ལྟ་སྐུལ་མཛུབ་སྟོན་གཏིང་ཟབ་སྒོས་སྤེལ་བ་དེ་ནི་ཁྱོན་ཡོངས་ནས་ཞིབ་བཤེར་བརྟག་དཔྱད་དང་། ནད་ཐོག་སྨན་བཅོས་ཐེངས་ཤིག་ཡིན་ལ། ཁྱོན་ཡོངས་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་བྱ་བ་དམ་འཛིན་ནན་མོ་བྱས་པ་ཞིག་ཀྱང་ཡིན། དེ་ལས་ཀྱང་ཏང་ཨུ་དང་སྲིད་གཞུང་གིས་ནག་འཇོམས་ངན་སེལ་འགན་ཁུར་གཙོ་བོར་ནུས་ཡོད་སྒོས་མཛུབ་སྟོན་དང་སྐུལ་ལྕག་བྱས་པ་ཞིག་ཀྱང་རེད། གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་གོང་རིམ་གྱི་བཀོད་སྒྲིག་དང་ལྟ་སྐུལ་མཛུབ་སྟོན་གྱི་བླང་བྱ་ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་དགོས་ལ།ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་གྱིས་ཐེར་འདོན་བྱས་པའི་གནད་དོན་དེ་མ་ཐག་བཅོས་བསྒྱུར་བྱས་ཏེ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་སྔར་ལས་ལྷག་པའི་སྒོ་ནས་གྲུབ་འབྲས་ལེན་དགོས།

                                                                                    ལོ་ཙཱ་བ། གཡང་འབུམ་རྒྱལ། སྐར་མ་མཚོ།