གཏེར་ལེན་ཁ་གྲོང་ཁྱེར་དུ་དམངས་ཡོངས་ཟབ་ཞུགས་བྱས་ཏེ་ནག་འཇོམས་ངན་སེལ་གྱི་དྲིལ་སྒྲོག་བྱ་བར་ཡང་བསྐྱར་མཐོ་རླབས་གསར་བ་བསླངས།
2019.06.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 15

ཉིན་ཤས་ཀྱི་རིང་དུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གཏེར་ལེན་ཁ་གྲོང་ཁྱེར་གྱི་སྲང་ལམ་ཀུན་ཏུ་སོང་ཚེ།  ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་དྲིལ་སྒྲོག་བྱེད་པའི་རྣམ་པས་ཡོངས་སུ་ཁེངས་འདུག་སྟེ། “ནག་འཇོམས་ངན་སེལ”ཞེས་བྲིས་པའི་རྒྱ་ཁྱབ་བརྡ་སྦྱོར་དང་འཕྲེད་བྱང་། དྲིལ་སྒྲོ་རྒྱུ་ཆ་སོགས་ག་ས་གང་དུ་མཐོང་ཐུབ།

ལས་རིགས་དང་ལས་ཁུངས་སོ་སོ་སྐུལ་སློང་བྱས་ཏེ་དགེ་མཚན་ལྡན་པའི་སྒོ་ནས་ནག་ཚོགས་དང་འབྲེལ་བ་ཡོད་པའི་ཁུངས་སྣེ་སྣ་ཚོགས་འདོན་སྤྲོད་བྱས། གཏེར་ལེན་ཁ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་སྡོད་ཁུལ་སོ་སོའི་སྡོད་དམངས་ཨུ་ཡོན་ལྷན་ཁང་དང་མཉམ་དུ་ཁོངས་གཏོགས་ཀྱི་ལས་རིགས་སོ་སོའི་འགན་ཁུར་མི་སྣ་གཙོ་བོ་རྩ་འཛུགས་བྱས་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བར་སྐུལ་སློང་བྱེད་པའི་ཚོགས་འདུ་བསྡུས་ཏེ།  གཅིག་བསྡུས་སྒོས་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྐོར་གྱི་འབྲེལ་ཡོད་ཤེས་བྱར་གསོ་སྦྱོང་དང་སློབ་སྦྱོང་བྱས་པར་མ་ཟད། འགན་འཁྲི་ཡི་གེ་སྟེང་མིང་བཀོད་དེ“ནག་འཇོམས་ངན་སེལ་མི་རེ་རེ་ལ་འཁན་ཁུར་ཡོད་པའི”འདུ་ཤེས་སྲ་བརྟན་དུ་བཏང་།

སྡོད་ཁུལ་དང་སློབ་གྲྭ  ཁེ་ལས་སོགས་ལས་ཁུངས་སུ་སོང་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ཤེས་བྱའི་འཆད་ཁྲིད་བྱ་བ་གཏིང་ཟབ་ཏུ་སྤེལ།  ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་དང་འབྲེལ་བ་ཡོད་པའི་ཁྲིམས་ལུགས་ཤེས་བྱ་དྲིལ་སྒྲོག་ཞིབ་མོ་བྱས་པར་མ་ཟད། དོན་དངོས་ཀྱི་གྱོད་དོན་དཔེ་མཚོན་དང་ཟུང་འབྲེལ་བྱས་ནས། རྒྱ་ཆེ་མི་དམངས་མང་ཚོགས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་བྱེད་པར་སྣེ་ཁྲིད་བྱས་ཏེ། དངོས་གནས་བསམ་བློ་དང་འགུལ་སྐྱོད་དེ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་སྟེང་དུ་གཅིག་གྱུར་བྱས་ནས། འགན་བབ་ཁུར་ཕོད་པར་བྱས་ཏེ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྔར་ལས་ལྷག་པའི་སྒོ་ནས་གཟབ་ནན་སྒོས་ཡར་སྐུལ་བྱེད་པར་སྐུལ་འདེད་བྱས།

དམངས་ཡོངས་ཟབ་ཞུགས་བྱས་ཏེ་ནག་འཇོམས་ངན་སེལ་གྱི་ཟིལ་ཤུགས་ཆེ་རུ་བཏང་། སྡོད་ཁུལ་གྱི་སྤྱི་བསྒྲགས་ར་བ་དང་གསོལ་ཁང་སོགས་ཀྱི་གློག་རྡུལ་འཆར་ཤེལ་སོགས་ལ་བརྟེན་ནས། སྦྱར་བྱང་སྦྱོར་བ་སོགས་ཀྱིས་དྲིལ་སྒྲོག་གི་ཟིལ་ཤུགས་རྒྱ་ཆེ་རུ་བཏང་། མི་མང་པོ་འདུ་ས་རུ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དང་འབྲེལ་བ་ཡོད་པའི་སྦྱར་ཡིག་དང་ཁུངས་སྣེ་ཞུ་གཏུག་བྱེད་སའི་བརྡ་འཕྲིན་ཡོད་པའི་ཤོག་ཕོར་དང་སྨྱུ་གུ  ལག་ཁྱེར་ཁུག་མ་སོགས་འཚོ་བའི་སྤྱོད་ཆས་བྱིན་ནས་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་དྲིལ་སྒྲོག་གི་ནུས་པ་ཇེ་ཆེར་བཏང་། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དྲིལ་སྒྲོག་བྱ་བར་ཡར་སྐུལ་བྱས་པ་བརྒྱུད་གཏེར་ལེན་ཁ་གྲོང་ཁྱེར་གྱི་མི་དམངས་མང་ཚོགས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ངོས་ཟིན་མཐོར་འདེགས་བྱུང་ཞིང་། མི་དམངས་མང་ཚོགས་ཟབ་ཞུགས་བྱེད་པར་སྐུལ་སློང་བྱས་པ་དང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དགེ་མཚན་རང་བཞིན་དང་རང་འགུལ་རང་བཞིན་བཅས་ལ་སྣེ་ཁྲིད་བྱས་ཏེ། མངའ་ཁུལ་གྱི་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཀྱི་ཚོར་སྣང་ཇེ་དྲག་ཏུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན།

                                                                                     ལོ་ཙཱ་བ། གཡང་འབུམ་རྒྱལ།