ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་པ་དང་། རང་ཞིང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་ཁྱབ་སྒྲོག་བྱས།
ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་པ་དང་། རང་ཞིང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་ཁྱབ་སྒྲོག་བྱས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་བདེ་འཇགས་ཐིན། ཞིང་ཆེན་ཁྲིམས་འཛིན་ཐིན་སོགས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་སོ་སོར་རང་ཁྱབ་ཁོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དུས་རིམ་རང་བཞིན་གྱི་འཕེལ་རིམ་གནས་ཚུལ་དང་དཔེར་མཚོན་གྱོད་གཞི་ཡར་ཞུ་བྱས། ཀྲུང་དབྱང་དང་ཞིང་ཆེན་གྱི་སྨྱན་བྱད་གཙོ་བོ་ཉི་ཤུ་ལྷག་གི་གསར་འགོད་པ་བཞི་བཅུ་ལྷག་ཐེངས་འདིའི་ཚོགས་འདུར་ཞུགས།
རང་ཞིང་གིས་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་དང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གིས་འབྲེལ་ཡོད་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བའི་བཀོད་སྒྲིག་ལ་ཡར་སྐུལ་བྱེད་པའི་རེ་བ་ལྟར། ཡང་དག་པའི་སྒོ་ནས་ཆེད་དོན་འཐབ་རྩོད་གྱི་དུས་སྐབས་དང་། རྒོལ་ཐབས། འགན་འཁྲི་སོགས་དམ་འཛིན་བྱས་ཏེ། གནད་དོན་ཀྱི་ཕྱོགས་སྟོན་དང་། རྡུང་རྡེག་ནན་མོ་གཏོང་བ། ཁྲིམས་ཆད་གཅོད་པ། རྒྱབ་ཕྱོགས་ཀྱི་མི་སྣ་སྔོག་འདོན་བྱེད་པ། མྱུར་དུ་མྱུལ་ཞིབ་དང་རྩད་གཅོད་པ། མྱུར་དུ་ཞུ་གཏུག་དང་ཞིབ་བཤེར་བྱེད་པ་སོགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་གྱོད་གཞི་ཆེན་པོ་ཐེར་འདོན་བྱས་ཏེ། འགེབ་སྲུང་མཁན་རྩད་གཅོད་བྱེད་པ་གནད་སར་བཞག་སྟེ་རྒོལ་རྡུང་དྲག་པོ་གཏོང་བ་རྒྱུན་འཁྱོངས་བྱས།
ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་སེམས་ཞིབ་མོས་རྩྭ་འཛུགས་དང་། བཀོད་སྒྲིག་ནན་མོ་བྱས་ནས་བསྡོམས་པས་ནག་འབྲེལ་རྩ་འཛུགས་ལྔ་དང་། ངན་པའི་སྟོབས་ཤུགས་ཉེས་ཅན་སྡེ་ཚོགས་བཅུ་བཞི། ངན་པའི་སྟོབས་ཤུགས་ཀྱི་ཉེས་ཅན་ཚོགས་པ་ཞེ་བཞི་རྩ་བཅོམ་བྱས་ཤིང་། ངན་ནག་དང་འབྲེལ་བའི་མི་དྲུག་བརྒྱ་ང་བརྒྱད་འཛིན་བཟུང་དང་། སྒོར་མོ་དུང་ཕྱུར་བཞི་དང་བྱེ་བ་གཅིག་ལྷག་བཀག་ཉར་བྱས། དུས་མཚུངས་སུ། “རྣོ་ངར་རལ་གྲི་ཨང་དང་པོའི”གཅིག་གྱུར་འགུལ་སྐྱོད་ཀྱི་ཇུས་ཆོད་བཀོད་སྒྲིག་ལྟར་དུ། ཡང་བསྐྱར་རྒོལ་རྡུང་དྲག་པོ་བཏང་བས། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།
ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ངན་ནག་དང་འབྲེལ་བའི་འབུར་ཐོན་ལས་རིགས་ཀྱི་ཁྱབ་ཁོངས་ལ་ཁ་གཏད་དེ། ཁྲིམས་གཞིར་བཟུང་ནས་དུས་ལྟར་ཕན་འབྲས་མཐོ་བའི་འཛིན་བཟུང་ཆོག་མཆན་བཀོད་པ་དང་། ངན་ནག་སྟོབས་ཤུགས་སྐོར་ཞིག་གི་ཉེས་དོན་གྱོད་གཞི་ཞུ་གཏུག་བྱས། ཟླ་དྲུག་པའི་ཚེས་བཅུ་ཉིན་བར་དུ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ནས་བསྡོམས་པས་ངན་ནག་དང་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་སུམ་བརྒྱ་དང་སོ་གསུམ་འཛིན་བཟུང་བྱེད་པའི་ཆོག་མཆན་ཐོབ་ཅིང་། ཞུ་གཏུག་བྱེད་མཁན་གྱི་མི་བཞི་བརྒྱ་དང་བརྒྱད་ལ་སླེབས།
ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། འདྲི་གཅོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། ངན་ནག་སྟོབས་ཤུགས་ཀྱི་ཉེས་ཅན་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་བཏང་བས། བཙན་གནོན་མཁན་ལ་རྡུང་རྡེག་གཏོང་བའི་རྣམ་པ་ཞིག་གྲུབ། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ངན་ནག་སྟོབས་ཤུགས་ཀྱི་ཉེས་དོན་གྱོད་གཞི་དོན་གཉིས་དང་མི་དྲུག་བརྒྱ་ཉེར་གཉིས་དང་ལེན་བྱས་པ་དང་། འདྲི་གཅོད་བྱས་པའི་གྱོད་གཞི་ང་དྲུག་དང་མི་སུམ་བརྒྱ་ཞེ་གསུམ་ཡོད་ལ། གྱོད་གཞི་མཇུག་སྒྲིལ་ཚད་བརྒྱ་ཆའི་དོན་བདུན་དང་གྲངས་ཆུང་བདུན་བརྒྱད་ལ་སླེབས།
ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ལོ་ངོ་གསུམ་གྱི་སྤྱིའི་དམིགས་འབེན་ལ་དམིགས་ནས། ལག་བསྟར་བྱེད་ཐབས་གཏན་འཁེལ་དང་། དུས་ལྟར་ལྟ་སྐུལ་མཛུབ་སྟོན་དང་རྟག་དཔྱད་བྱས་པ་དང་། དུས་ལྟར་དུ་དབྱེ་ཞིབ་འདྲི་གཅོད་བྱས་ནས་ཆེད་དོན་འཐབ་རྩོད་ཀྱི་འགན་འཁྲི་དངོས་འབེབ་བྱེད་པར་ཁག་ཐེག་བྱས། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་དང་སྲིད་འཛིན་མ་ལག་གིས་ནག་འཇོམས་ངན་སེལ་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་བྱ་འགུལ་སྟོང་ལྔ་ལྷག་སྤེལ་བ་དང་། དྲིལ་སྒྲོག་རྒྱུ་ཆ་གོ་གཅིག་ལྷག་མར་བྱིན་ལ། བོད་རྒྱ་ཡིག་རིགས་དང་། སོག་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་དྲིལ་སྒྲོག་རྒྱུ་ཆ་ཁྲི་ལྔ་ལྷག་བསྒྲིགས་ནས་མར་བྱིན།
ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མྱུར་དུ་འགན་འཁྲི་ལ་རྐང་བཙུགས་ཏེ། གུ་ཡངས་སྤུ་ཙམ་ཡང་མེད་པའི་སྒོ་ནས་ངན་ནག་དང་འབྲེལ་བའི་རུལ་སུངས་ལ་ཆད་པ་ནན་མོ་བཅད་པ་དང་། ངན་ནག་སྟོབས་ཤུགས་ཀྱི་འགེབ་སྲུང་མཁན་སྔོག་འདོན་བྱས་ཏེ། ཆབ་སྲིད་ཀྱི་ཁོར་ཡུག་མུ་མཐུད་དུ་གཙང་མར་བཏང་།
ཟླ་དྲུག་པའི་ཚེས་བཅུ་ཉིན་བར་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ངན་ནག་དང་འབྲེལ་བའི་རུལ་སུངས་དང་འགེབ་སྲུང་མཁན་གྱི་ཁུངས་སྣེ་བསྡོམས་པས་བཞི་བརྒྱ་དང་རེ་གཅིག་འབྱོར་བ་དང་། གྱོད་དོན་ཉིས་བརྒྱ་དང་བཅུ་དགུ་སྒྲུབ་ཚར་བ་དང་། གྱོད་གཞི་བརྒྱ་དང་བཅུ་བདུན་ཐོ་འགོད་བྱས་ལ། མི་བརྒྱ་དང་སོ་བརྒྱད་ཐག་གཅོད་བྱས།
ལོ་ཙཱ། ཚེ་རིང་སྒྲོལ་མ།