མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཁྲོད་ཀྱི་དཔེ་མཚོན་ལྡན་པའི་གྱོད་གཞི་བཞི་ཁྱབ་སྒྲོག་བྱས།
2019.06.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 32

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀོང་ཞའོ་ཀྲུང་གིས་སྨྱན་བྱད་ཡོངས་ལ་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་སྡེ་ཁག་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ལྟ་སྐུལ་ཁྲིམས་བསྟར་དང་འགན་འཁྲི་རྩད་གཅོད་བྱས་པའི་བྱ་བའི་གནས་ཚུལ་ཁྱབ་སྒྲོག་བྱས།

མཚམས་སྦྱོར་བྱས་པ་ལྟར་ན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་ནག་འཇོམས་ངན་སེལ་དེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་གཞི་རིམ་གྱི“སྦྲང་ནག་གསོད་པའི”བྱ་སྤྱོད་དང་ཟུང་འབྲེལ་བྱེད་པར་དམིགས་ཏེ། ཁྲིམས་བསྟར་ནན་མོ་དང་། གུ་ཡངས་གཏན་ནས་མེད་པའི་སྒོ་ནས་ངན་ནག་དང་འབྲེལ་བའི་རུལ་སུངས་དང་ངན་ནག་སྟོབས་ཤུགས་རྩད་གཅོད་བྱེད་པའི་འགེབ་སྲུང་མཁན་ཐག་གཅོད་ནན་མོ་བྱས་ནས། ཆབ་སྲིད་ཀྱི་ཁོར་ཡུག་མུ་མཐུད་དུ་གཙང་བཟོ་བྱས། མིག་སྔའི་བར་དུ་ཉིས་སྟོང་བཅུ་དགུ་ལོའི་ཟླ་དྲུག་པའི་ཚེས་བཅུ་ཉིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ལ་ངན་ནག་དང་འབྲེལ་བའི་རུལ་སུངས་དང་འགེབ་སྲུང་མཁན་གྱི་གྱོད་དོན་ཁུངས་སྣེ་བཞི་བརྒྱ་དང་རེ་གཅིག་འབྱོར་བ་དང་། གྱོད་གཞི་ཉིས་བརྒྱ་དང་བཅུ་དགུ་མཇུག་སྒྲིལ་ཞིང་། གྱོད་གཞི་བརྒྱ་དང་བཅུ་བདུན་ཐོ་འགོད་བྱས་པ་དང་། མི་བརྒྱ་དང་སོ་བརྒྱད་ཐག་གཅོད་བྱས་པ་དེ་ལས་དེ་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་མི་དམངས་དཀྱིལ་སྙིང་ཡིན་པ་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི་ཁེ་ཕན་ལ་དོན་ངོ་མས་སྲུང་སྐྱོབ་བྱེད་པའི་ལངས་ཕྱོགས་དང་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད།

དཔེ་མཚོན་གྱོད་གཞི་དང་པོ།

ཕེན་ཨན་ཆུས་ཡི་ཅུའུ་ག་གེ་མོའི་ཅུའུ་ཀྲང་ཡན་ཆེ་གེ་མོ་དང་ཧྥིན་ཆེ་གེ་མོ་གཉིས་ཀྱིས་ཡོན་ཆེ་གེ་མོ་འགོ་གཙོ་ཡིན་པའི་ངན་ནག་སྤྱི་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་ལ་རྒྱབ་སྐྱོར་བྱས།

ཉིས་སྟོང་དགུ་ལོར། ཕེན་ཨན་རྫོང་གི་ཅུའུ་ག་གེ་མོའི་སྔོན་ཆད་ཀྱི་ཅུའུ་ཀྲང་ཡན་ཆེ་གེ་མོས་ཅུའུ་ཡི་མིང་ཐོག་ནས་ཡོན་ཆེ་གེ་མོའི་མིང་ཐོག་ལ་མཚོ་སྔོན་དངོས་ཡོད་སྡེ་ཚོགས་ག་གེ་མོ་ཚད་ཡོད་ཀུང་ཟི་ལ་ཉེན་རྟོག་པའི་རླངས་འཁོར་བྱང་བུ་ཞིག་བཟོས་པ་མ་ཟད། ཀུང་ཟི་དེའི་རྒྱུ་ནོར་བླངས། 2012ལོར། ཉེན་རྟོག་པའི་རླངས་འཁོར་བྱང་བུའི་ལམ་ལུགས་བསྒྱུར་བཀོད་བྱས་པ་དང་། སྐབས་དེར་ཕེན་ཨན་ཆུས་ཡི་ཅུའུ་ག་གེ་མོའི་ཅུའུ་ཀྲང་འགན་ཁུར་ཡོད་པའི་ཧྥུན་ཆེ་གེ་མོས་ཀུང་ཟི་དེར་ཉེན་རྟོག་པའི་རླངས་འཁོར་བྱང་བུ་གསར་བ་ཞིག་བཟོས་ལ། དེའི་འཕྲོར་ཀུང་ཟི་དེའི་རྒྱུ་ནོར་བླངས། ཡོན་ཆེ་གེ་མོས་2014ལོའི་བར་དུ་རླངས་འཁོར་བྱང་བུ་དེ་ཀུང་ཟིའི་རླངས་འཁོར་ཀྱི་སྟེང་དུ་བཀལ། མིག་སྔར། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་ཡོན་ཆེ་གེ་མོ་དང་ཧྥིན་ཆེ་གེ་མོ་གཉིས་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་ཐད་ནས་ཞིབ་བཤེར་རྟོག་དཔྱོད་བྱས་པ་མ་ཟད། ཉར་འཇོག་བྱེད་པའི་བྱེད་ཐབས་སྤྱད།

དཔེ་མཚོན་གྱོད་གཞི་གཉིས་པ།

མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་ཅུའུ་ག་གེ་མོའི་བདེ་འཇགས་བཅོས་སྐྱོང་ཡན་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་མཱ་ཆེ་གེ་མོ་དང་། ཚྭ་འདམ་གཞོང་ཆེ་བ་མངགས་གཏོང་ཁང་གི་འགོ་བ་ཏིན་ཆེ་གེ་མོ་གཉིས་ཀྱིས་ཨིན་ཆེ་གེ་མོ་འགོ་བ་ཡིན་པའི་ངན་ནག་སྟོབས་ཤུགས་ཚོགས་པའི་ཁྲིམས་འགལ་ཉེས་དོན་བྱ་སྤྱོད་ལ་རྟོག་དཔྱོད་མི་བྱེད་པ་དང་། རྟོག་དཔྱོད་གསལ་བོ་བྱས་མེད་པ་རེད།

མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་ཅུའུ་ག་གེ་མོའི་བདེ་འཇགས་བཅོས་སྐྱོང་ཡན་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་མཱ་ཆེ་གེ་མོ་དང་། ཚྭ་འདམ་གཞོང་ཆེ་བ་མངགས་གཏོང་ཁང་གི་འགོ་བ་ཏིན་ཆེ་གེ་མོ་གཉིས་ཀྱིས་ཨིན་ཆེ་གེ་མོ་འགོ་བ་ཡིན་པའི་ངན་ནག་སྟོབས་ཤུགས་ཚོགས་པའི་ཁྲིམས་འགལ་ཉེས་དོན་བྱ་སྤྱོད་ལ་ཕན་འབྲས་ལྡན་པའི་བཀག་འགོག་བྱེད་ཐབས་མ་སྤྱད་པར་རྒྱུ་ནོར་བླངས། མིག་སྔར། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་མཱ་ཆེ་གེ་མོ་དང་། ཏིན་ཆེ་གེ་མོ་གཉིས་ཀྱིས་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་ཐད་ནས་གྱོད་གཞི་ཐོ་འགོད་བྱས་ནས་ཞིབ་བཤེར་རྟོག་དཔྱོད་བྱས་པར་མ་ཟད། ཉར་འཇོག་བྱེད་ཐབས་ལག་བསྟར་བྱས།

དཔེར་མཚོན་གྱོད་གཞི་གསུམ་པ།

འཛུགས་སྐྲུན་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་ག་གེ་མོའི་སྐབས་དེའི་འགོ་གཙོ་བང་ཆེ་གེ་མོས་ཀུང་ཟི་ག་གེ་མོས་དངུལ་བུན་འཇལ་མི་ཐུབ་པའི་གནས་ཚུལ་འོག་ཏུ། ཀུང་ཟི་དེར་ཁྲིམས་འགལ་གྱི་སྒོ་ནས་དངུལ་བུན་མང་པོ་བསྐྱིས་པས། དངུལ་ཁང་དེས་སྒོར་མོ་བསྐྱི་བའི་རྣམ་པ་མི་ལེགས་པར་བཟོས་པ་དང་། བང་ཆེ་གེ་མོས་ད་དུང་ཀུང་ཟི་དེའི་རྒྱུ་ནོར་མང་པོ་བླངས། ཉེ་ལམ། ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བང་ཆེ་གེ་མོའི་ལས་གནས་ཀྱི་ཁྲིམས་འགལ་གནད་དོན་ཐད་ནས་གྱོད་གཞི་ཐོ་འགོད་བྱས་ཏེ་རྟོག་དཔྱོད་བྱས།

དཔེ་མཚོན་གྱོད་གཞི་བཞི་བ།

ཡུལ་ཤུལ་གྲོང་ཁྱེར་གྱི་མངགས་གཏོང་ཁང་ག་གེ་མོའི་འགོ་གཙོ་ཀྲིག་ཆེ་གེ་མོ་དང་། ཉེན་རྟོག་པ་ཁྲིན་ཆེ་གེ་མོ། ཀོས་ཆེ་གེ་མོ་སོགས་ཀྱིས་གྱོད་གཞི་ཐོ་འགོད་བྱས་ཀྱང་རྟོག་དཔྱོད་མི་བྱེད་པ་དང་། བྱ་བ་སྒྲུབ་པ་མི་བཟང་།

ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་ཅུའུ་ག་གེ་མོའི་འགོ་གཙོ་ཀྲིག་ཆེ་གེ་མོ་དང་། གྱོད་གཞི་སྒྲུབ་མཁན་གྱི་ཉེན་རྟོག་པ་ཁྲིན་ཆེ་གེ་མོ། ཀོས་ཆེ་གེ་མོ་སོགས་ཀྱིས་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་ཧི་མ་ལ་ཡKTVནང་དུ་རྡུང་རེས་བྱས་པའི་གྱོད་གཞི་སྒྲུབ་སྐབས། གྱོད་གཞི་ཐོ་འགོད་བྱས་ཀྱང་རྟོག་དཔྱོད་མི་བྱེད་པ་དང་། བྱ་བ་མི་སྒྲུབ་པའི་བྱ་སྤྱོད་གནས་ཡོད། མིག་སྔར། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་མི་གསུམ་པོས་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་ཐད་ནས་གྱོད་གཞི་ཐོ་འགོད་དང་ཞིབ་བཤེར་རྟོག་དཔྱོད་བྱེད་བཞིན་པའི་སྒང་ཡིན།

                                                                                                                        ལོ་ཙཱ། ཚེ་རིང་སྒྲོལ་མ།