ཞིང་ཆེན་མཐོ་རིམ་མི་དམང་ཁྲིམས་ཁང་གིས་གཞི་རིམ་གྱི་སྲིད་དབང་ལ་ཐེ་གཏོགས་བྱས་པའི་དཔེ་མཚོན་རང་བཞིན་ལྡན་པའི་ཉེས་དོན་གྱོད་གཞི་གཉིས་ཁྱབ་བསྒྲགས་བྱས།
2019.06.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 27

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྨྱན་བྱད་ལས་རིགས་ལ་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་སྤེལ་བའི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གནས་ཚུལ་བརྡ་ཁྱབ་སྤེལ་བར་མ་ཟད། གཞི་རིམ་གྱི་སྲིད་དབང་ལ་ཐེ་གཏོགས་བྱས་པའི་དཔེ་མཚོན་རང་བཞིན་ལྡན་པའི་ཉེས་དོན་གྱོད་གཞི་གཉིས་ཁྱབ་བསྒྲགས་བྱས།
དང་པོ། ཙུང་ཆེ་གེ་མོ་སོགས་མི་སྣ་བཅུ་ཡིས་ཁྲིམས་འགལ་གྱི་སྒོ་ནས་ས་ཞིང་གཞན་ལ་བསྐོར་བ་དང་ས་ཞིང་གི་བཀོལ་སྤྱོད་དབང་ཆ་ལོག་ཚོང་བྱས་པའི་གྱོད་གཞི།
ནང་ཆེན་རྫོང་ཁྲིམས་ཁང་གིས་ཞིབ་བཤེར་རྩད་གཅོད་བྱས་པ་བརྒྱུད་ནས། ནང་ཆེན་རྫོང་གི་ཤར་མདའ་གྲོང་བརྡལ་རྡོ་འཕྲང་སྡེ་བའི་རུ་ཁག་ལྔ་བའི་སྔོན་ཆད་ཀྱི་རུ་གཙོ་ཙུང་ཆེ་གེ་མོ་སོགས་ཀྱིས་སྡེ་བའི་ནང་གི་སྡེ་མི་སྐོར་ཞིག་རྩ་འཛུགས་བྱས་ནས་འདེམས་བསྐོའི་རྣམ་པ་བརྒྱུད་དེ་ཁོར་སྲུང་རུ་ཁག་ཆུང་བ་ཞེས་པའི་མིང་ཐོག་ནས་ཁྲིམས་འགལ་གྱི་རྩ་འཛུགས་ཤིག་བཙུགས་ལ། རྩ་འཛུགས་འདིའི་ནང་དུ་བརྟན་འཇགས་ཀྱི་ཁོངས་མི་བཅུ་ཡོད་པ་དང་། དེའི་བསྡུས་མིང་ལ་“མི་བཅུའི་རུ་ཁག་ཆུང་བ་”ཟེར། རུ་ཁག་དེ་ནི་ཅུང་བརྟན་འཇགས་ཀྱི་ཁོངས་མིའི་ཚོགས་ཁག་ཞིག་ཡིན་པ་དང་། ངན་ནག་སྟོབས་ཤུགས་ཀྱི་ཉེས་དོན་རྩ་འཛུགས་ཤིག་ཏུ་གྲུབ་ཡོད། རྩ་འཛུགས་དེའི་ནང་གི་ཞུ་སྦྱོར་ཕྱི་མ་ཙུང་ཆེ་གེ་མོ་བསྟུད་མར་ལོ་མང་པོའི་རིང་ལ་རྩ་འཛུགས་ཀྱི་ཁོངས་མི་བྱས་པ་ལས་གཞན། ལྷག་མའི་ཁོངས་མི་དགུ་བོ་ལོ་རེར་རེས་མོས་སྒོས་འདེམས་བསྐོ་བྱེད་བཞིན་ཡོད།  ཉིས་སྟོང་བཅོ་བརྒྱད་ལོར། རུ་ཁག་དེའི་རྩ་འཛུགས་ཁོངས་མི་གཞན་དག་ནི་ཨོ་ཆེ་གེ་མོ་དང་། བཀྲ་ཆེ་གེ་མོ། ཟླ་ཆེ་གེ་མོ། སྐར་ཆེ་གེ་མོ། སྐར་ཆེ་གེ་མོ་(སྡེ་བའི་སྔོན་ཆད་ཀྱི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། )ཨོ་ཆེ་གེ་མོ། ནོར་ཆེ་གེ་མོ། ཨོ་ཆེ་གེ་མོ། ལྕགས་ཆེ་གེ་མོ་བཅས་ཀྱིས་གྲུབ་ཡོད། མི་བཅུའི་རུ་ཁག་ཆུང་ཆུང་དེའི་མིང་ལ་ཁོར་སྲུང་མཐུན་ཚོགས་རུ་ཁག་ཆུང་བ་ཞེས་བཏགས་ཡོད་ནའང་། ཕྱི་ཕྱོགས་སུ་ཞིང་ཁའི་དོ་དམ་དང་ཁོར་ཡུག་སྲུང་སྐྱོབ། མང་ཚོགས་ཀྱི་རྩོད་པ་མདུམ་སྒྲིག་བྱེད་བཞིན་ཡོད་མོད། འོན་ཀྱང་དོན་དམ་པས་ཁྲིམས་དང་མི་མཐུན་པའི་སྒོ་ནས་སྡེ་བ་གཞུང་གི་ས་ཞིང་གཞན་ལ་བསྐོར་བ་དང་། བཙན་གྱིས་ཉོ་ཚོང་རྒྱག་པ། སྡེ་མི་རྣམས་ལ་རྒྱལ་ཁབ་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་མ་དངུལ་གྱི་བྱ་དགའ་སྟེར་བ་སོགས་ལེན་པར་བཀག་འགོག་བྱེད་པའི་ཁྲིམས་འགལ་གྱི་ནག་ཉེས་བྱ་སྤྱོད་འདི་དག་གིས་ས་གནས་མང་ཚོགས་དང་སྡེ་བའི་ཨུ་ཡོན་ལྷན་ཁང་དང་ཏང་ཨུ་སྲིད་གཞུང་གི་རྒྱུན་ལྡན་གྱི་བྱ་བའི་སྒྲིག་ལམ་ལ་གཏོར་བརླགས་བཟོས་ཏེ་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས། ཞུ་སྦྱོར་ཕྱི་མ་ཙུང་ཆེ་གེ་མོ་སོགས་མི་བཅུ་ཡིས་ཁྲིམས་དང་མི་མཐུན་པའི་ཁེ་ཕན་ཐོབ་ཆེད་ས་ཞིང་དོ་དམ་ལས་ཁུངས་ཀྱི་ཞིབ་བཤེར་ཆོག་མཆན་མེད་པར་ཉིས་སྟོང་བཅུ་གསུམ་ལོ་ནས་ཉིས་སྟོང་བཅོ་རྒྱད་ལོའི་བར་དུ། སྔ་རྗེས་སུ་ཁྲིམས་འགལ་གྱི་སྒོ་ནས་སྡེ་བའི་ཐུན་མོང་གི་ས་ཞིང་བཀོལ་སྤྱོད་དབང་ཆ་གཞན་ལ་བསྐོར་བ་དང་ལོག་ཚོང་རྒྱག་པ་བཅས་བྱས་ཏེ། ཁྱོན་བསྡོམས་པས་ཁྲིམས་འགལ་གྱི་སྒོ་ནས་སྡེ་བའི་ཐུན་མོང་གི་ས་ཞིང་མུའུ་ཞེ་དགུ་དང་གྲངས་ཆུང་ང་དྲུག་ལྷག་གཞན་ལ་བསྐོར་བ་དང་དེའི་ཁྲོད་ནས་ཁྲིམས་དང་མི་མཐུན་པའི་སྒོ་ནས་ཁེ་སྤོགས་སྒོར་མོ་ས་ཡ་གསུམ་དང་འབུམ་གསུམ་ཁྲི་གཅིག་བླངས་ནས་སྡེ་བ་ཐུན་མོང་གི་རྒྱུ་ནོར་བཙན་བཟུང་བྱས། ཞུ་སྦྱོར་ཕྱི་མ་ནོར་ཆེ་གེ་མོ་དང་ལྕགས་ཆེ་གེ་མོ་གཉིས་ཀྱིས་ད་དུང་ཟོང་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་སྐོར་ཞིག་བསྡུ་རུབ་བྱས་ཏེ་ནང་ཆེན་རྫོང་མི་རིགས་སློབ་འབྲིང་གསུམ་པ་འཛུགས་བསྐྲུན་བྱེད་པའི་ལས་ཡུལ་དངོས་ནས་མཉམ་རུབ་བྱས་ཏེ་ལས་ཡུལ་དངོས་སུ་འཛུགས་བསྐྲུན་རྒྱུ་ཆ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ནང་གི་དངོས་རྫས་བྱོ་བ་སོགས་ཀྱི་བགེགས་རྐྱེན་བཟོ་བའི་བྱེད་ཐབས་སྤྱད་པ་བརྒྱུད། རླངས་འཁོར་རེ་ལ་ཚོང་རའི་རིན་གོང་ལས་སྒོར་མོ་སྟོང་གཉིས་ལས་མཐོ་བའི་ལམ་གླ་བླངས་ཏེ་ཁྲིམས་དང་མི་མཐུན་པའི་སྒོ་ནས་སོ་སོར་ཁེ་སྤོགས་སྒོར་མོ་སྟོང་བཞི་དང་ཉིས་བརྒྱ་བཞི་བཅུ་དང་སྟོང་དྲུག་དང་སུམ་བརྒྱ་དྲུག་བཅུ་བླངས།
ནང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད་ཁྲིམས་འགལ་གྱི་སྒོ་ནས་གཞན་ལ་བསྐོར་བ་དང་ས་ཞིང་གི་བདག་དབང་བཟུང་བའི་ཉེས་ཆད་ཀྱིས་སོ་སོར་ཞི་སྦྱོར་ཕྱི་མ་ཙུང་ཆེ་གེ་མོ་སོགས་ལ་དུས་བཀག་བཙོན་འཇུག་ལོ་དྲུག་དང་ལོ་གསུམ་དང་ཟླ་བ་དྲུག་ཅན་བཅས་ཀྱི་ཁྲིམས་ཐག་བཅད་པར་མ་ཟད། སྒོར་མོ་ཁྲི་སོ་ལྔ་ཅན་དང་ཁྲི་ཉི་ཤུ་ཅན་བཅས་ཀྱི་ཁྲིམས་འགལ་ནག་ཉེས་ཀྱི་ཆད་པ་བཅད།
གཉིས། དབང་ཆེ་གེ་མོ་སོགས་མི་བཅུ་གཉིས་ཀྱིས་ཁྲིམས་འགལ་གྱི་སྒོ་ནས་གཏེར་ཁ་སྔོག་འདོན་བྱེད་པའི་གྱོད་གཞི།
ནང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཞིབ་བཤེར་གསལ་བོ་བྱས་པ་བརྒྱུད་ནས། ནང་ཆེན་རྫོང་ཤར་མདའ་གྲོང་བརྡལ་རྡོ་འཕྲང་སྡེ་བའི་སྔོན་ཆད་ཀྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཆེ་གེ་མོ་དང་སྡེ་དམངས་བསོད་ཆེ་གེ་མོ། ཚེ་ཆེ་གེ་མོ།ནོར་ཆེ་གེ་མོ། ཆོས་ཆེ་གེ་མོ།འཆི་ཆེ་གེ་མོ་སོགས་མི་བཅུ་གཅིག་གིས་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་མ་ཐོབ་པར་“ཁོར་ཡུག་སྲུང་སྐྱོབ་ཚན་ཆུང་”གི་མིང་ཐོག་ནས“་མི་དགུ་ཚོགས་པ་”ཞེས་པའི་ཁྲིམས་འགལ་རྩ་འཛུགས་བཙུགས་པ་དང་། རྩ་འཛུགས་དེར་གཏན་འཇགས་ཀྱི་ཁོངས་མི་དགུ་ཡོད་པས་མི་དགུ་ཚོགས་པ་ཟེར་ཞིང་། ཅུང་གཏན་འཇགས་ཀྱི་ཚོགས་པ་དེས་ངན་ནག་སྟོབས་ཤུགས་ཀྱི་ཁྲིམས་འགལ་རྩ་འཛུགས་གྲུབ། རྩ་འཛུགས་དེས་སྡེ་དམངས་ལ་དོན་དངོས་སྒྲུབ་པར་ཁ་གཡར་ནས་སྡེ་བའི་བྱ་བ་ལ་ཁ་ལོ་བསྒྱུར་ནས་གཞི་རིམ་སྤྱི་ཚོགས་དོ་དམ་སྒྲིག་ལམ་ལ་ཟིང་ཆ་བཟོས། རྩ་འཛུགས་དེས་ཆོག་མཆན་ཡི་གེ་མེད་པར་སྡེ་དམངས་སྐོར་ཞིག་བྱས་ནས་ཕྱེ་ཟེགས་བཙོང་ཏེ་ཁྲིམས་འགལ་གྱི་སྒོ་ནས་སྡེ་བ་ཐུན་མོང་གི་ས་ཞིང་ལོག་ཚོང་བྱས་པར་མ་ཟད། ཁྲིམས་འགལ་གྱི་སྒོ་ནས་བླངས་པའི་སྒོར་མོ་སྐོར་ཞིག་གིས་ཚོགས་ཁང་ལས་པ་དང་སྒོར་མོ་སྐོར་ཞིག་མི་གྲངས་ལྟར་སྡེ་དམངས་སྐོར་ཞིག་ལ་བགོ་བཤའ་རྒྱབ། ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོ་དང་སྡེ་དམངས་བསོད་ཆེ་གེ་མོ། ཚེ་ཆེ་གེ་མོ།ནོར་ཆེ་གེ་མོ། ཆོས་ཆེ་གེ་མོ།འཆི་ཆེ་གེ་མོ་སོགས་ཀྱིས་བསམ་བཞིན་དུ་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་རྒྱལ་ཁབ་ཀྱི་རྩྭ་སའི་སྐྱེ་ཁམས་ཀྱི་ཁ་གསབ་གསོག་དངུལ་བླངས་བར་མ་ཟད་མང་ཚོགས་ཀྱིས་ལེན་པར་བཀག་རྐྱེན་བཟོས་ནས།  སྡེ་དམངས་ཨུ་ཡོན་ལྷན་ཁང་དང་གྲོང་བརྡལ་ཏང་ཨུ། གྲོང་བརྡལ་སྲིད་གཞུང་བཅས་ཀྱི་བྱ་བའི་སྒྲིག་ལམ་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཏེ། སྤྱི་ཚོགས་ལ་སྣང་བརྙན་ངན་པ་བཟོས། ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོ་དང་བསོད་ཆེ་གེ་མོ།སྐར་ཆེ་གེ་མོ་སོགས་ཀྱིས་འབྲེལ་ཡོད་ལས་ཁུངས་ཀྱི་ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་མ་སྒྲུབ་པར་ཉིས་སྟོང་བཅོ་བརྒྱད་ལོར་རྫ་ཆུའི་འགྲམ་རྒྱུད་དུ་ཕྱེ་ཟེགས་བླངས་ཏེ་ཕྱིར་ཚོང་བྱས། ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོ་དང་སྡེ་དམངས་བསོད་ཆེ་གེ་མོ། ཚེ་ཆེ་གེ་མོ།ནོར་ཆེ་གེ་མོ། ཆོས་ཆེ་གེ་མོ།འཆི་ཆེ་གེ་མོ་སོགས་མི་བཅུ་གཅིག་གིས་ཉིས་སྟོང་བཅོ་བརྒྱད་ལོར་རྫ་ཆུའི་འགྲམ་རྒྱུད་དུ་ཕྱེ་ཟེགས་རྨིད་རྒྱ་དཔང་གྲུ་བཞི་མ་ཁྲི་གཅིག་སྟོང་བཞི་བཞི་བརྒྱ་བཞི་བཅུ་ཞེ་གསུམ་བླངས་ཏེ། ཁེ་སྤོགས་སྒོར་མོ་འབུམ་གཉིས་དང་ཁྲི་བཞི་བླངས། ཁྲིམས་འགལ་གྱི་སྒོ་ནས་སྡེ་བའི་ས་ཞིང་མུའུ་བཅུ་གསུམ་ལྷག་ལོག་ཚོང་བྱས་ནས་ཁེ་སྤོགས་སྒོར་མོ་འབུམ་གསུམ་དང་ཁྲི་བདུན་སྟོང་གསུམ་སུམ་བརྒྱ་སོ་གཉིས་བླངས་བ་དང། དེ་ལས་ཁྲིམས་འགལ་གྱི་ཁེ་སྤོགས་སྐོར་ཞིག་སྡེ་དམངས་ལ་བགོ་བཤའ་བརྒྱབ་སྟེ་སྡེ་བ་ཐུན་མོང་གི་རྒྱུ་ནོར་བཙན་བཟུང་བྱས།
ནང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་འགལ་གྱི་སྒོ་ནས་གཏེར་ཁ་སྔོག་འདོན་བྱས་པར་དབང་ཆེ་གེ་མོ་སོགས་མི་བཅུ་གཉིས་སོ་སོར་ལོ་དྲུག་ཅན་དང་ལོ་གཉིས་ཅན་གྱི་དུས་བཀག་བཙོན་འཇུག་བྱས་པར་མ་ཟད། སྒོར་མོ་ཁྲི་ལྔ་ཅན་དང་ཁྲི་གཅིག་ཅན་བཅས་ཀྱི་ཁྲིམས་འགལ་ཉེས་ཆད་བཅད།
ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཉེས་དོན་ཐིན་གྱི་ཐིན་ཀྲང་ཆིས་ཀོ་ཆིན་གྱིས་བསྟན་དོན། གོང་གི་གྱོད་གཞི་དེ་གཉིས་ནི་གཞི་རིམ་སྲིད་དབང་གི་ངན་ནག་སྟོབས་ཤུགས་ཀྱི་ཉེས་དོན་གྱི་དཔེ་མཚོན་གྱོད་གཞིར་རྟོགས་ཟེར། ནང་ཆེན་རྫོང་ཤར་མདའ་གྲོང་བརྡལ་རྡོ་འཕྲང་སྡེ་བའི་རུ་ཁག་ལྔ་བའི་སྔོན་ཆད་ཀྱི་རུ་གཙོ་འབྲུག་ཆེ་གེ་མོ་དང་རྡོ་འཕྲང་སྡེ་བའི་སྔོན་ཆད་ཀྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབང་ཆེ་གེ་མོ་སོགས་ཀྱིས་སྡེ་བའི་སྡེ་མི་སྐོར་ཞིག་དང་མཉམ་དུ་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་མ་ཐོབ་པར“ཁོར་ཡུག་སྲུང་སྐྱོབ་ཚན་ཆུང”དང“ཁོར་སྲུང་ཚན་ཆུང”གི་མིང་སྟེང་ནས་ཁྲིམས་འགལ་གྱི་སྒོ་ནས“མི་བཅུ་ཚན་ཆུང”དང“མི་དགུ་ཚོགས་པ”བཙུགས་ནས།“མི་བཅུ་ཚན་ཆུང་”དང་“མི་དགུ་ཚོགས་པས”ཐུན་མོང་གིས་གྲོས་མོལ་བྱས་པའི་རྣམ་པ་སྤྱད་ནས་སྡེ་བའི་བྱ་བ་ལ་ཐེ་གཏོགས་བྱས་ནས་ཤུགས་རྐྱེན་ངན་པ་བཟོས་ཏེ། བསམ་བཞིན་དུ་རྒྱལ་ཁབ་ཀྱི་སྲིད་ཇུས་ལག་བསྟར་བྱེད་པར་ངོ་རྒོལ་བྱས་ནས་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་རྒྱུན་ལྡན་གྱི་བྱ་བའི་སྒྲིག་ལམ་ལ་གཏོར་བརླགས་བཟོས་པར་མ་ཟད་ཁྲིམས་འགལ་གྱི་སྒོ་ནས་ས་ཞིང་གཞན་ལ་བསྐོར་བ་དང་། ས་ཞིང་གི་བཀོལ་སྤྱོད་དབང་ཆ་ལོག་ཚོང་བརྒྱབ་པ། ཁྲིམས་འགལ་གྱི་སྒོ་ནས་གཏེར་ཁ་སྔོག་འདོན་བྱེད་པ་སོགས་ཀྱི་བྱ་སྤྱོད་སྤེལ་ཏེ་ཐུན་མོང་གི་རྒྱུ་ནོར་བཙན་བཟུང་བྱས་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས། ལྐོག་རྔན་ལེན་པ་དང་བཙན་ཤེད་སྤྱོད་པ། མགོ་སྐོར་གཏོང་། འཇིགས་སྐུལ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་གཞི་རིམ་གྱི་སྲིད་དབང་ཧམ་བཟུང་དང་། གཞི་རིམ་གྱི་སྐབས་བརྗེ་འདེམས་བསྐོ་ལ་གཏོར་བརླགས་བྱེད་པ། ཞིང་སྡེའི་དཔལ་འབྱོར་ཐོན་ཁུངས་སྒེར་སྡེམ་བྱེད་པ། ཐུན་མོང་གི་རྒྱུ་ནོར་བཙན་བཟུང་བྱེད་པའི་ངན་ནག་སྟོབས་ཤུགས་བཅས་ནི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་བྱེད་ཡུལ་གཙོ་བོ་ཡིན། གྱོད་གཞི་དེ་གཉིས་ཁྲིམས་ལྟར་ཞིབ་བཤེར་བྱས་པས་ས་ཁུལ་དེར་དུས་ཡུན་རིང་བོར་ཙུང་ཆེ་གེ་མོ་དང་དབང་ཆེ་གེ་མོ་མགོ་བ་ཡིན་པའི་ངན་ནག་སྟོབས་ཤུགས་ཀྱི་ཁྲིམས་འགལ་རྩ་འཛུགས་ཀྱིས་ཚབས་ཆེ་བའི་སྒོ་ནས་སྡེ་བའི་བྱ་བ་ལ་ཐེ་གཏོགས་བྱས་པ་དང་། བསམ་བཞིན་དུ་རྒྱལ་ཁབ་ཀྱི་སྲིད་ཇུས་ལག་ལེན་དོན་འཁྱོལ་བྱེད་པར་ངོ་རྒོལ་བྱེད་པའི་རྫིག་ཉམས་ལ་རྡུང་རྡེག་དྲག་པོ་བྱས་པས་ས་གནས་མང་ཚོགས་ཀྱིས་བསྔགས་བརྗོད་ཆེན་པོ་ཐོབ།
                                                                                                                                            ལོ་ཙཱ་བ། སྐར་མ་མཚོ།