མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་བཅས་ཀྱིས་ཚད་གཞི་དང་དམིགས་ཡུལ་ལྟར་གནད་དོན་ལེགས་བཅོས་དངོས་འབེབ་བཟང་པོ་བྱས།
2019.06.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་སྐུལ་སློང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་བླང་བྱའི་སྟེང་གཅིག་གྱུར་མཐའ་འཁྱོལ་བྱས་ཏེ། ཚད་གཞི་དང་དམིགས་ཡུལ་ནན་མོ་ལྟར་ལྟ་སྐུལ་བྱེད་ཞོར་དུ་བཅོས་སྒྱུར་བྱས་ནས། བྱ་བ་དོན་འཁྱོལ་བཟང་པོ་བྱས།

ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་དང་ཞིང་ཆེན་ཏང་ཨུའི་འབྲེལ་མཐུད་ཚོགས་འདུ་ཐེངས་དང་པོའི་སྟེང་བཏོན་པའི་གནད་དོན་ལས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་འབྲེལ་བའི་གནད་དོན་གྱི་ལེགས་བཅོས་དོན་འཁྱོལ་དངོས་སུ་བཟང་པོར་འཛིན་ཆེད། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དུས་ལྟར་ཞིབ་འཇུག་བྱས་ཏེ་ལེགས་བཅོས་ཇུས་གཞི་གཏན་འབེབས་བྱས་པ་དང་། བཏོན་པའི་གནད་དོན་དེ་ལེགས་བཅོས་མཐའ་འཁྱོལ་དང་བཅོས་སྐྱོང་མཐའ་འཁྱོལ་བྱས་ནས། ནག་འཇོམས་ངན་སེལ་གྱི་མཁྲེགས་གཏོར་འཐབ་འཛིང་ལས་རྣམ་པར་རྒྱལ་བར་སྒྲིག་ཁྲིམས་ཀྱི་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱས།

ལེགས་བཅོས་ཇུས་གཞི་དེས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་འབྲེལ་བའི་ཕྱོགས་བཞིའི་གནད་དོན་ལ་དམིགས་ནས། ལེགས་བཅོས་ཀྱི་བྱེད་ཐབས་བཅུ་བཞི་བཏོན་ཏེ། འགན་ཁུར་ལས་ཁུངས་དང་ལེགས་བཅོས་དུས་ཚོད་གཏན་ཁེལ་གསལ་པོ་བྱས་པ་དང་། འགན་ཁུར་གསལ་ཞིང་ཁ་ཕྱོགས་ཡང་དག་ཡིན་ལ་ལས་འགན་གསལ་པོ་ཡིན་པར་བྱས། གཅིག ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་བཏང་ནས། བྱ་བའི་རང་བཞིན་ཇེ་དྲག་ཏུ་བཏང་།“ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས”ཞེས་པའི་སློབ་གསོའི་བརྗོད་དོན་ལ་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཐད་ཀྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ་དང་། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབ་མཐའ་འཁྱོལ་བྱེད་དགོས། གནད་དོན་དང་ཁུངས་སྣེ་ཞུ་གཏུག་གི་འབྲེལ་ལམ་རྒྱ་བསྐྱེད་དེ། “ཉེས་འཇོམས་འགེབ་གཏོར”གྱི་ཟིལ་ཤུགས་ཆེན་པོ་བསྐྲུན་དགོས། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རིམ་པ་བཞིན་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཞིབ་བཤེར་གྱི་ལམ་ལུགས་དངོས་འབེབ་བྱས་ཏེ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་ས་ཁུལ་ལྟར་མཛུབ་སྟོན་དང་གྱོད་དོན་ལྟ་སྐུལ་བྱས། ཞིང་ཆེན་ཡོངས་སུ“ཉེས་འཇོམས་འགེབ་གཏོར”གྱི་མཁྲེགས་གཏོར་བྱ་སྤྱོད་སྤེལ་བ་དང་། དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ཀྱིས་སྒྲུབ་བཞིན་པའི་ངན་ནག་གི་གྱོད་དོན་ཁྲོད་ཞུགས་ནས། གཅིག་གྱུར་སྒོས་བརྟག་དཔྱད་ཞིབ་བཤེར་གྱི་ནུས་ཤུགས་ཇེ་དྲག་ཏུ་བཏང་།“གཅིག་མཚུངས་གཉིས”དང“གྱོད་དོན་གཅིག་དང་ཞིབ་བཤེར་གསུམ”གཟབ་ནན་སྒོས་དོན་འཁྱོལ་བྱས་ཏེ། ཏང་ཨུ་དང་སྲིད་གཞུང་གི་འགན་འཁྲི་གཙོ་བོ་དང་འབྲེལ་ཡོད་ཀྱི་འགན་ནུས་སྡེ་ཁག་གི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལྡོག་བཤེར་དང་འགན་འཁྲི་ལྡོག་འདེད་བྱེད་པའི་བྱ་བ་ལག་བསྟར་བྱས། གཉིས། རོགས་ལས་གཞོགས་འདེགས་ལ་ཤུགས་བསྣན་ནས། འབྲེལ་འདྲིས་ལན་སྤྲོད་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་། རང་འགུལ་སྒོས་སྲིད་ཁྲིམས་ལས་ཁུངས་ལ་འབྲེལ་མཐུད་བྱས་ཏེ། ངན་ནག་གི་གྱོད་དོན་ཆེན་པོ་དང་དེ་མིན་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་ངན་ནག་དང་རུལ་སུངས། “འགེབ་སྲུང་མཁན”བཅས་ཀྱི་གནད་དོན་ལ་འབྲེལ་བ་ཡོད་པ་དག་དུས་ཐོག་ཏུ་དབྱེ་ཞིབ་དང་གྲོས་མོལ་བྱས་པས། སྒྲིག་ཁྲིམས་འབྲེལ་མཐུད་ཀྱི་བྱ་བ་མངོན་འགྱུར་བྱས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ཏེ། ལྟ་སྐུལ་ཞིབ་བཤེར་ལས་ཁུངས་དང་སྲིད་ཁྲིམས་ལས་ཁུངས་ཀྱིས་ཆ་འཕྲིན་མཉམ་སྤྱོད་བྱས་པས། བཏོན་པའི་གནད་དོན་དང་ཁུངས་སྣེ་རྩད་ཞིབ་མཇུག་འབྲས་ཐག་གཅོད་བྱེད་ཤུགས་ཇེ་དྲག་ཏུ་བཏང་། རྫོང་དང་གྲོང་ཁྱེར། ས་ཁུལ་ཡན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཟླ་ལྟར་བྱ་བའི་ལམ་ལུགས་ཡར་ཞུ་བྱེད་པའི་བྱ་བ་དངོས་འབེབ་བྱས་པས། རིམ་པ་གོང་མའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་མཉམ་ལས་ཀྱི་བྱ་བའི་རྐྱེན་སྲོལ་དངོས་འབེབ་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་།

གསུམ། ཕྱོགས་གཅིག་ལ་སྟོབས་ཤུགས་བཏོན་ནས་མཉམ་གནས་མཉམ་ལས་ལ་སྐུལ་འདེད་བཏང་། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རང་འགུལ་སྒོས་སྲིད་ཁྲིམས་ལས་ཁུངས་ལ་འབྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་སྟེ། ཐག་གཅོད་བྱས་ཟིན་པའི་ངན་ནག་སྟོབས་ཤུགས་དང་འབྲེལ་བ་ཡོད་པའི་གནད་དོན་དང་ཁུངས་སྣེ་རིམ་གྱིས་གཙང་སེལ་བྱས་ནས། བརྟག་དཔྱད་བྱས་ཟིན་པའི་ངན་ནག་སྟོབས་ཤུགས་ཀྱི་གྱོད་གཞི་ལ་སྔར་ལས་དབྱེ་ཞིབ་དང་བརྡར་གཅོད་བྱས་པ་དང་། འགེབ་སྲུང་མཁན་གཙང་སེལ་བྱེད་པར་ཁག་ཐེག་བྱས། བཞི་ནི་དུས་རྒྱུན་གྱི་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། བྱ་བའི་འདྲི་གཅོད་བྱེད་མགོ་བརྩམས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཞིབ་བཤེར་ཁང་གིས་འབྲེལ་གཏུག་ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་འགན་འཁྲི་གཙོ་བོའི་ཉིན་རྒྱུན་གྱི་ལྟ་སྐུལ་བྱ་བ་དངོས་འབེབ་བྱས་ཏེ། གཞི་རིམ་དུ་སྡོད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་བྱས་ཏེ། ལས་རིགས་གཙོ་གཉེར་སྡེ་ཁག་གིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་འགན་འཁྲིའི་དུས་རྒྱུན་གྱི་ལྟ་སྐུལ་ནུས་ཤུགས་ཇེ་དྲག་ཏུ་བཏང་། བྱ་བ་དལ་ལྷོད་བྱེད་པ་དང་འགན་འཁྲི་དངོས་འབེབ་བྱས་པ་མི་ལེགས་པའི་ས་ཁུལ་གྱི་ལས་ཁུངས་ལ་གཅིག་བསྡུས་གླེང་མོལ་བྱས་ཏེ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འགན་ནུས་སྡེ་ཁག་བཅས་ཀྱི་བྱ་བའི་འགན་འཁྲི་ལ་གནོན་ཤུགས་ཆེན་པོ་བྱིན་ཏེ། འགན་འཁྲི་ལག་བསྟར་བྱས་པ་མི་བཟང་བའི་ལས་ཁུངས་ལ་འགན་འཁྲི་རྩད་གཅོད་བྱེད་དགོས།

མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ནག་འཇོམས་ངན་སེལ་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་སྣང་ཚུལ་ཟབ་མོ་ཧུར་ཐག་གིས་བསྐྲུན་ཏེ། མང་ཚོགས་ཀྱི་དེ་ཤེས་ཚད་དང་དེའི་ཁྱབ་རྒྱ་མཐོར་འདེགས་སུ་བཏང་ནས། ནག་འཇོམས་ངན་སེལ་ཁྲིམས་སྐྱོང་དྲིལ་སྒྲོག་གི་མཐོ་རླབས་གསར་པ་བསླངས།

ཉེ་ལམ། ཞིང་ཆེན་སྲིད་འཛིན་ཐིན་གྱིས《ནག་འཇོམས་ངན་སེལ་ཆེད་དོན་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་བྱ་བ་སྔར་ལས་ཟབ་སྤེལ་བྱེད་པའི་སྐོར་གྱི་བརྡ་སྦྱོར》བཏང་ནས། རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བ་ནི་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དེ་གཞི་རིམ་དུ་བསྲིང་བའི་བྱེད་ཐབས་གལ་ཆེན་ཡིན་པར་ངོས་འཛིན་ཟབ་མོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་བསམ་བློའི་གོ་རྟོགས་མཐོར་འདེགས་སུ་གཏོང་བ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་སྟེང་དངོས་སུ་གཅིག་གྱུར་བྱེད་པ་དང་། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་དཀྱིལ་སྙིང་ལ་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། དྲིལ་སྒྲོག་གཏིང་ཟབ་བྱེད་པ། ཆེད་དོན་འཐབ་རྩོད་ལ་རམ་འདེགས་བྱེད་པ་བཅས་ཀྱི་འགན་ནུས་ཁྱད་སྟོབས་འདོན་སྤེལ་ལེགས་པོ་བྱས་ཏེ། ནག་འཇོམས་ངན་སེལ་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་དགོས་པའི་རེ་བ་བཏོན།

རྒྱུས་ལོན་པ་ལྟར་ན། ཟླ་དྲུག་པའི་ཚེས་བཅུ་ཉིན་ནས་བཟུང་སྟེ། ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་འཕྲིན་གཏོང་ལས་གཉེར་ཁེ་ལས་དང་མཉམ་འབྲེལ་གྱིས་སྤྱི་ཚོགས་ལས་རིགས་སོ་སོར་ནག་འཇོམས་ངན་སེལ་གྱི་དྲིལ་སྒྲོག་འཕྲིན་ཐུང་བསྐུར་བ་དང་། དེའི་ཁྱབ་རྒྱ་མི་ཐེངས་ས་ཡ་བཞི་དང་འབུམ་ལྔ་ལ་སླེབས། བྱ་འགུལ་གྱི་བཀོད་སྒྲིག་ལྟར། ཟླ་བདུན་པའི་ཚེས་བཅུ་ཉིན་གྱི་སྔོན་ལ། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ཁོངས་གཏོགས་ཀྱིས་ད་དུང་གཞུང་ཕྱོགས་འཕྲིན་ཕྲན་དང་པོད་འཕྲིན། སྤྱི་སྟེགས། གཞུང་དྲ། ཁ་པར་མགྲོན་སྣེ། རང་འགུལ་གྱིས་སྟེགས་བུ་བཙུགས་ནས་གྱོད་དོན་དང་སྦྲེལ་ཏེ་བཅའ་ཁྲིམས་བཤད་པ་དང་། ཕན་ཚུན་མཉམ་འབྲེལ་གྱིས་གྱོད་དོན་ལྟར་ཁྲིམས་བཤད་པ་དང་། ཕན་ཚུན་བར་ཁྲིམས་སློབ་པ། གནས་གཏན་འཁེལ་བྱས་ཏེ་ཞབས་ཞུ་སྒྲུབ་ནས། ནག་འཇོམས་ངན་སེལ་ཁྲིམས་སྐྱོང་དྲིལ་སྒྲོག་གི་ཤན་ཤུགས་དང་སིམ་འཛུལ་ནུས་ཤུགས་ཇེ་ཆེར་བཏང་།

ལོ་ཙཱ་བ། ཤ་བོ་རིན་མཚོ།