མཁར་གྲོང་ཆུང་བ་རུ་ཡིད་དགའ་བའི་གཏམ་རྒྱུད་མང་པོ་ཡོད།
2019.07.31 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

ལོ་ངོ་བཞི་བཅུའི་རིང་གི་འགྱུར་ལྡོག་ནི་ངས་སྔོན་ཆད་རྨི་ལམ་དུའང་ཤར་མ་མྱོང་ཞེས་རྒན་པོ་པདྨ་དབང་ཆེན་གྱིས་མགོ་བོ་གཡུག་བཞིན་མཁྲིས་ཀྱི་རྒན་པོ་རྒྱ་བདུན་ལ་ལྟོས་ནས་དགོད་ཞོར་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་འགོར་བའི་འགྱུར་ལྡོག་དལ་མོར་གླེང་བྱུང་།

ད་ལོ་ལོ་ན་དྲུག་ཅུར་སོན་པའི་པདྨ་དབང་ཆེན་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་ཞིག་ཡིན་པ་དང་། ལས་འཁྱུར་ངལ་གསོ་མ་བྱས་པའི་སྔོན་ལ། ཁོས་སྔོན་ཆད་ཀོས་ནན་རྫོང་ཏང་ཨུ་ཏང་གི་སློབ་གྲྭའི་སློབ་གཙོ་དང་། ཀོས་ནན་རྫོང་ཡིག་བསྐུར་ངོ་གཏུག་ཅུའུ་ཡི་ཅུའུ་ཀྲང་གི་འགན་འཁུར་མྱོང་། ལོ་ངོ་སོ་བདུན་གྱི་ཡར་སྔོན་ལ། ཁོ་ནི་གསར་དུ་ལས་གནས་སུ་ཞུགས་པའི་སློབ་ཆུང་གི་དགེ་རྒན་ཞིག་ཡིན།

ང་རང་ཆིག་སྟོང་དགུ་བརྒྱ་གྱ་གཅིག་ལོར་བྱ་བར་ཞུགས་པ་དང་། སྐབས་དེ་དུས་ཀོས་ནན་རྫོང་ཐར་ཤུལ་སློབ་ཆུང་གི་དགེ་རྒན་ཞིག་ཡིན་ལ། སློབ་གྲྭའི་སློབ་ཁྲིད་དང་གཞུང་སྒྲུབ་ཆ་རྐྱེན་ཞན་པ་དང་། དགེ་རྒན་འགའ་ཤས་ཀྱིས་སློབ་ཁྲིད་ཀྱི་བྱ་བ་ཐམས་ཅད་ཕྲག་ཏུ་འཁུར་ཡོད། ང་ཚོས་གཟའ་འཁོར་དང་པོར་སློབ་གྲྭའི་ནང་སློབ་མར་སློབ་ཁྲིད་བྱེད་དགོས་པ་དང་། གཟའ་འཁོར་གཉིས་པའི་ནང་རྟར་ཞོན་ནས་སྒོ་སམ་ཁྱེར་ཏེ་རྫོང་དང་སྡེ་བའི་ནང་གི་སློབ་ཁྲིད་བྱེད་སར་སོང་ནས་སློབ་ཁྲིད་བྱེད་དགོས། མཚམས་རེར་ནམ་ཟླ་མ་བཟང་ན་འབྲོག་པའི་ཕྱུགས་འཚོ་ས་རུ་ཐོན་རག་བར་དུ་ཉིན་གཅིག་གི་དུས་ཚོད་དགོས་ཟེར། པདྨ་དབང་ཆེན་གྱིས་བཤད་པའི་རྟར་ཞོན་ནས་སློབ་ཁྲིད་བྱེད་དུ་འགྲོ་བ་དང་། ལྕི་བས་མེ་གསོ་བ། སྐད་ཡིག་དང་རྩིས་རིག་སོགས་རིག་ཚན་ཐ་དག་འཆད་ཤེས་དགོས་པ་ནི་སྐབས་དེའི་ཀོས་ནན་རྫོང་སློབ་གྲྭའི་སློབ་གསོའི་དངོས་ཡོད་གནས་ཚུལ་ཡིན་པ་དང་། ལོ་ངོ་བཞི་བཅུའི་རིང་གི་འགྱུར་ལྡོག་ཆེན་པོ་གླེང་སྐབས། པདྨ་དབང་ཆེན་གྱིས་བརྗོད་ལས་འདས་པ་ཞིག་རེད་ཅེས་འཚོ་བ་གསར་བར་རེ་ལྟོས་ཀྱིས་ཁེངས་ནས་བཤད་བྱུང་།

པདྨ་དབང་ཆེན་གྱིས་ངོ་མ་འགྱུར་ལྡོག་ཧ་ཅང་ཆེ། སྐབས་དེར་རྫོང་མཁར་གྱི་སློབ་གྲྭའི་ནང་རྙིང་ཧྲུལ་དུ་གྱུར་བའི་ཁང་བ་འགའ་དང་། རྐུབ་སྟེགས་དང་སྒྲོག་ཙེ་རྙིང་བ་འགའ་ལས་མེད་ལ། ད་ལྟ་སློབ་ཆུང་དང་སློབ་འབྲིང་མ་ཟད། བྱིས་གཉོར་ཁང་ཡང་འཛུགས་སྐྲུན་བྱས་པ་ཧ་ཅང་བཟང་། ང་ཚོས་སྨྱན་བྱེད་སྣ་མང་གི་སློབ་ཁྲིད་བྱེད་མི་ཤེས་རུང་། ད་ལྟའི་སློབ་ཁྲིད་བྱེད་སྤྱད་ཚང་མ་ནི་ཚན་རྩལ་འདུས་ཚད་མཐོ་བ་ཞིག་རེད། ད་ལྟའི་བྱིས་པ་ཚང་མར་སློབ་ཁང་ཆེན་པོ་དང་དཔེ་ཆ་གསར་བ་ཡོད་པས། སྔོན་ཆད་གྲང་འཁྱག་གིས་བསྡམས་པའི་རྩྭ་ཐང་སྟེང་སློབ་ཁྲིད་བྱེད་པའི་ཉིན་མོ་དང་བསྡུར་ན་ལྡབ་ཇི་འདྲའི་མང་པོ་ཞིག་གིས་བཟང་བ་རེད་ཨང་ཟེར།

ད་ལྟ། ཀོས་ནན་རྫོང་གི་སློབ་གྲྭ་ཚང་མར་སློབ་ཁྲིད་སྒྲིག་ཆས་ཆ་ཚང་ཡོད་པ་དང་། སློབ་གསོའི་སྤུས་ཚད་ཀྱང་ཉིན་རེ་ནས་ཉིན་རེར་ཇེ་མཐོར་འགྲོ་བཞིན་ཡོད་ལ། དཔེ་ཀློག་སྐྱོར་སྦྱོང་གིས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་འགོར་བའི་རིང་གི་སློབ་གསོའི་འགྱུར་ལྡོག་མཚོན་པར་བྱས་ཡོད་པ་མ་ཟད། རྟ་ལ་ཞོན་ནས་སློབ་ཁྲིད་བྱེད་དུ་འགྲོ་བའི་རྣམ་པ་དང་རྒྱང་དུ་གྱེས་པ་མཚོན་ཡོད། ཡིན་ཡང་། རྒན་པོ་རྒྱ་བདུན་གྱིས་བལྟས་ན་འགྱུར་ལྡོག་ཆེན་པོ་དེ་ནི་སློབ་གྲྭ་རྐྱང་རྐྱང་ཞིག་ནས་མངོན་པ་ཙམ་མ་ཡིན་པར་རྫོང་མཁར་ཆུང་བ་འདིའི་གྲུ་ཟུར་རེ་རེའི་འགྱུར་བ་ཡིས་ཁོ་ལ་སེམས་ཚོར་ཟབ་མོ་སྐྱེས་སུ་བཅུག་ཡོད།

ད་ལོ་ལོ་ན་དོན་གསུམ་ལ་སླེབས་པའི་རྒན་པོ་རྒྱ་བདུན་ནི་སྔོན་ཆད་ཀོས་ནན་རྫོང་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་ཡིན་པ་དང་། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། རྒྱ་བདུན་ཀོས་ནན་རྫོང་གི་འགྱུར་ལྡོག་ལ་ཆ་རྒྱུས་ཟབ་མོ་ཡོད་ལ། ལོ་བཅུ་ཕྲག་འགའ་ནི་མངར་སྐྱུར་ཁ་གསུམ་འདྲེས་ཡོད་ཅིང་། དེ་ལས་མང་བ་ནི་ཏང་གི་བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ལ་བཀའ་དྲིན་དང་མཁར་གྲོང་ཆུང་བའི་འགྱུར་ལྡོག་འཕེལ་རྒྱས་ལ་ཚོར་སྣང་ཟབ་མོ་ཡོད་པ་དེ་ཡིན།

རྒན་པོ་རྒྱ་བདུན་གྱིས་བཤད་རྒྱུར། ཆིག་སྟོང་དགུ་བརྒྱ་རེ་བཞི་ལོར་ང་རང་བྱ་བར་ཞུགས་པ་དང་། ལོ་དེར་ང་ལོ་བཅུ་དགུ་དང་། སྣ་འཛོམས་ཚོང་ཁང་གི་ལས་གཉེར་མཁན་ཞིག་ཡིན། ཟླ་གཅིག་གི་ནང་སྒོར་མོ་བཞི་བཅུ་ཞེ་གསུམ་དང་ཟུར་གསུམ་གྱི་ཟླ་ཕོགས་ལ་བསྟེན་ནས་ཁྱིམ་ཚང་གང་བོའི་ཁ་གསོ་བཞིན་ཡོད། སྐབས་དེར་ཀོས་ནན་རྫོང་དུ་ཐར་ཐོར་གྱི་ཁང་བ་དམའ་མོ་འགའ་ཤས་ལས་མེད་པ་དང་། ལོ་རེའི་རླུང་གཡུགས་པའི་དུས་ཚིགས་སུ་རྫོང་མཁར་དུ་བྱེ་རྡུལ་ནམ་མཁར་ཁྱབ་ནས་རྐང་ལམ་ཕྲ་མོ་ཞིག་རྒྱང་རིང་དུ་འཐེན་པ་མ་གཏོགས་ཅི་ཡང་མཐོང་མི་ཐུབ་ཟེར། རྒན་པོ་རྒྱ་བདུན་གྱི་སེམས་ངོགས་སུ་གསལ་བའི་མཁར་གྲོང་རྙིང་བའི་རྗེས་ལུས་ཀྱི་རྣམ་པར་ཁོ་རང་ཁོ་ཐག་ཆད་པ་མཚོན་ཡོད་ལ། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་གྱི་མཁར་གྲོང་ཆུང་བའི་རྣམ་པ་གསར་བ་གླེང་སྐབས། ཀོས་ནན་རྫོང་གི་མཛེས་སྡུག་གི་རྣམ་པ་དེ་ཕྱོགས་མང་པོ་ནས་ཕྱིར་མངོན་ཡོད།

ལོ་བཅུ་ཕྲག་ལྷག་གི་རིང་ལ་ཚོང་ལས་གཉེར་རྗེས། ང་རང་ཀོས་ནན་རྫོང་མི་དམངས་ཁྲིམས་ཁང་གི་དམངས་དོན་ཐིན་ནས་འདྲི་གཅོད་པ་བྱས་པ་དང་། ཀོས་ནན་རྫོང་མཁར་སྔོན་ཆད་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང་། ཆིག་སྟོང་དགུ་བརྒྱ་གྱ་དགུ་ལོར་རྫོང་མི་དམངས་ཁྲིམས་ཁང་གིས་རིམ་པ་གསུམ་ཅན་གྱི་ཐོག་ཁང་ཆུང་ཆུང་ཞིག་གསར་དུ་ལས། དེ་ནི་རྫོང་མཁར་འདིར་ཆེས་མཐོ་བའི་ཐོག་ཁང་མཐོན་པའི་གྲས་ཡིན་པ་དང་། སྲིང་ལམ་གྱི་རྒྱ་ཆེ་རུ་བཏང་བ་དང་། ལམ་འགྲམ་གཉིས་སུ་ད་དུང་གློག་སྒྲོན་ཀྱང་བཀར། སྔོན་ཆད་རྟར་ཞོན་ནས་གཞུང་སྒྲུབ་བྱེད་དུ་འགྲོ་དགོས་པ་དང་། རྗེས་ནས་རླངས་འཁོར་བསྐོར་ནས་གཞི་རིམ་དུ་ལས་ཀ་བསྒྲུབ་པར་འགྲོ་ཆོག མཁར་གྲོང་ཆུང་བ་དེ་ཆེན་པོར་གྱུར་བ་མ་ཟད། གསར་བ་གསར་རྐྱང་ཞིག་ཏུའང་གྱུར། ངའི་ཟླ་ཕོགས་སྔོན་ཆད་ཀྱི་སྒོར་མོ་ཞེ་གསུམ་དང་ཟུར་གསུམ་ནས་ཉིས་སྟོང་གསུམ་ལོར་སྒོར་མོ་སྟོང་གཅིག་དང་བརྒྱད་བརྒྱར་འཕར་བ་དང་། ཟླ་ཕོགས་ལྡབ་འགའ་འཕར་བ་དེས་རང་ཉིད་ཀྱི་སྒོར་ཁུག་ནང་གི་སྒོར་མོ་ཇེ་མང་དུ་སོང་བ་དང་། ང་རང་ཉིད་ཀྱི་ཀོས་ནན་རྫོང་གི་འཚོ་བ་ཡང་སྔར་ལས་ཇེ་བཟང་དུ་སོང་། ད་ལྟ་ང་རང་ཐོག་ཁང་དུ་གནས་སྤར་བ་དང་། ཁོམ་སྐབས་བྱུང་དུས་བྱ་འགུལ་ལྟེ་གནས་སུ་སོང་ནས་ལུས་ཕུང་སྦྱོང་བརྡར་བྱེད་བཞིན་ཡོད། ཁྱིམ་མི་གང་བོར་འགྲིག་མཐུན་ཡོད་པ་དང་། འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གྱུར་ཞེས་རྒན་པོ་རྒྱ་བདུན་གྱི་གདོང་ལ་ཡིད་ཚིམས་པའི་འཛུམ་མདངས་དང་བཅས་མཛེས་སྡུག་ལྡན་པའི་ལོ་ངོ་བཞི་བཅུའི་རིང་གི་གཏམ་རྒྱུད་བརྗོད་བྱུང་།

ད་ལྟའི་ཀོས་ནན་རྫོང་དུ་ཐོག་ཁང་མཐོན་པོ་མང་པོ་ཡོད་པས་དེ་ལ་ཡ་མཚན་ཆེན་པོ་སྐྱེས་མི་དགོས་པ་དང་། ཁོད་ཡངས་པའི་ལམ་གསར་དུ་ལས་པ་དང་རིག་གནས་ལུས་སྦྱོང་བྱེད་སའི་ཐང་ཆེན་ཡང་གསར་དུ་འཛུགས་སྐྲུན་བྱས་ཡོད་ལ། གསར་དུ་ཁ་སྣོན་བྱས་པའི་སྐྱེད་མོས་ཚལ་གྱིས་མཁར་གྲོང་ཆུང་བ་འདི་ལ་གསོན་ཤུགས་དང་སྐྱེ་སྟོབས་ལྡན་པར་བྱས་ཡོད། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་འགོར་བའི་རིང་ལ། རྒན་པོ་རྒྱ་བདུན་གྱི་སེམས་ནང་གི་ཀོས་ནན་རྫོང་མཁར་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕེལ་རྒྱས་ཀྱི་བྱུང་ཡོད་པར་མ་ཟད། ད་དུང་འོད་སྟོང་འབར་བའི་དུས་རབས་ཞིག་ཏུ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ་བྱུང་བའི་བཀའ་དྲིན་ཡང་དྲན་བཞིན་ཡོད་པ་རེད།

རྒན་པོ་པདྨ་དབང་ཆེན་གྱི་སེམས་ནང་གི་ལོ་ངོ་བཞི་བཅུའི་རིང་གི་ཧ་ལས་པའི་འགྱུར་ལྡོག་དང་། རྒན་པོ་རྒྱ་བདུན་གྱིས་ཡུན་རིང་སེམས་སུ་ཉར་བའི་ཀོས་ནན་རྫོང་མཁར་གྱི་དྲན་འཛིན་གང་ཡིན་ཡང་། ལོ་ཟླ་ནི་ཆུ་བོའི་རྒྱུན་དང་འགྲོགས་ནས་བཞུར་བཞིན་ཡོད་པ་དང་། གནམ་ས་བླ་འོག་བརྗེ་བ་ལྟ་བུའི་ད་ལྟའི་འགྱུར་ལྡོག་དང་། ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྣམ་པས་མི་རྣམས་ལ་ལྟ་བའི་ཆོག་མི་ཤེས་པའི་རྣམ་པ་ཞིག་བསྐྲུན་ཡོད། སེམས་ནང་དུ་བརྗོད་མི་ཤེས་པའི་དགའ་སྤྲོ་ཡོད་ལ། བརྗོད་མི་ཚར་བའི་དུངས་པ་ཀྱང་ཡོད། སྤྱིར་བཏང་གི་མང་ཚོགས་རྣམས་ཀྱིས་ལོ་ངོ་བཞི་བཅུའི་རིང་གི་དུས་རབས་ཀྱི་འགྱུར་ལྡོག་ཆེན་པོ་སྟོང་ཟད་མ་བཏང་བར་མི་རིགས་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར་སྔར་ལས་རེ་ལྟོས་ཀྱིས་ཁེངས་ཡོད།

                                                                                          ལོ་ཙཱ། ཚེ་རིང་སྒྲོལ་མ།