མྱ་ངམ་གྱི་བྱེ་ཐང་དེ་ལྗང་མདོག་གི་མཛེས་ལྗོངས་ཤིག་ཏུ་གྱུར།
2019.08.01 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 36

བྱེ་ཐང་གི་ཚེ་སྲོག་སྣུམ་པོ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་བྱང་གི་ཕྱོགས་དང་མདོ་ལ་རི་བོ། ཁུ་ནུ་རི་བོ། ཚྭ་འདམ་གུང་ཧོ་གཞོང་ས་བཅས་ལ་འབྲེལ་ཡོད་པ་དང་། བྱེ་འགྱུར་གྱི་ཁྱབ་རྒྱ་དང་གནོད་འཚེ་ཅུང་ཚབས་ཆེ་བའི་གནས་ཤིག་ཡིན་ལ། རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་དཔེ་སྟོན་རྫོང་གཙོ་བོ་ཞིག་ཀྱང་རེད། རྫོང་ཡོངས་ཀྱི་སའི་རྒྱ་ཁྱོན་ལ་མུའུ་ས་ཡ་དགུ་དང་འབུམ་དགུ་ཁྲི་བདུན་སྟོང་བཞི་ཡོད་པ་དང་། དེའི་ཁྲོད་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་ལ་མུའུ་ས་ཡ་གསུམ་དང་འབུམ་བཞི་ཁྲི་གཉིས་ཡོད་པས་རྫོང་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི་བརྒྱ་ཆའི་སོ་བཞི་དང་གྲངས་ཆུང་གཉིས་ཟིན་ཡོད། བྱེ་ས་གཙོ་བོ་མུ་གེ་ཐང་དང་དེའི་ཉེ་འགྲམ་གྱི་ཞང་དང་གྲོང་རྡལ་དྲུག་ལ་ཁེབས་ཡོད།

1996ལོའི་ཚུན་ལ། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་དགོངས་དོན་ལྟར། ཀོས་ནན་རྫོང་གི་སྐབས་རེ་རེའི་ཏང་སྲིད་འགོ་ཁྲིད་ཀྱིས་བྱེ་སྣ་དང་མུ་གེ་ཐང་ཉེ་འགྲམ་དུ་བྱེ་འགོག་ནགས་བསྐྲུན་དང་ལྗང་བསྒྱུར་བྱེད་པ་དེ་རྫོང་ཡོངས་ཀྱི་དོན་དག་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱས། དེའི་སྐོར་ནས་ཀོས་ནན་རྫོང་རང་བྱུང་ཐོན་ཁུངས་ཅུའུ་ཡི་ལག་རྩལ་མི་སྣ་ལིས་ཞའོ་མིན་གྱིས་བཤད་རྒྱུར།

ནམ་ཟླ་དང་ས་གཤིས་ཀྱི་རྐྱེན་གྱིས་ཀོས་ནན་རྫོང་དུ་བཙུགས་ཆོག་པའི་སྡོང་བོ་ཧ་ཅང་ཉུང་། མང་ཆེ་ཤོས་ནི་ལྕང་མ་དང་ཐང་ཤིང་། གླ་སྟར་སོགས་ཡིན་ལ། ང་ཚོས་བྱེ་སྣ་རུ་གཙོ་བོ་སྦྱར་སྡོང་གི་སྡོང་ཕྲུག་བཙུགས་པ་དང་། ལྕང་མ་དང་གླ་སྟར་འཛུགས་བཞིན་ཡོད། ལོ་རེའི་ཟླ་གསུམ་པ་ནས་བཞི་བའི་ནང་། སྔོན་ལ་བྱེ་འགོག་གི་བྱ་བ་སྣ་ཚོགས་ལག་བསྟར་བྱས་རྗེས། ཆར་འབབ་པའི་དུས་སྐབས་སུ། བྲ་མ་དང་མཁན་པ་བཏབ་ན། ལོ་གཉིས་པར་བྲ་མ་དང་མཁན་པའི་གསོན་ཚད་ཧ་ཅང་བཟང་། དེར་མ་ཟད་ལོ་གསུམ་པར་སྦྱར་སྡོང་ལ་ཡང་རྩ་བ་རྒྱས་ཤིང་མྱུ་གུ་འབུས་པས། བྱེ་འགོག་དང་བྱེ་ས་ཇེ་བརྟན་དུ་གཏོང་བར་ཕན་ནུས་ཆེན་པོ་ཐོན། བྱེ་ཐང་གི་སྤྱི་ལེ་སུམ་ཅུའི་མཚམས་ཀྱི་ས་ཧ་ཅང་བརླན་ཆེ་བར་གྱུར་ཡོད་པ་དང་། སྦྱར་སྡོང་ནི་གཙོ་བོ་བྱེ་སྣ་དང་ཚ་རྔ་འགག་གི་ལྷོ་རྒྱུད་ཀྱི་ས་གནས་སུ་འཛུགས་བཞིན་ཡོད། ཀོས་ནན་རྫོང་གིས་ད་དུང་མུ་གེ་ཐང་གི་ཕྱོགས་བཞིའི་ལ་རིམ་པ་བགར་ནས་དོ་དམ་དང་བཅོས་སྐྱོང་ཆེན་པོ་བྱེད་བཞིན་ཡོད།

ཀོས་ནན་རྫོང་གིས་ལོ་ངོ་ཉི་ཤུའི་རིང་སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་སྐྲུན་བྱེད་པ་དང་དར་སྤེལ་གཏོང་བ། མི་དམངས་ཕྱུག་པོར་བསྒྱུར་བ་རྒྱུན་འཁྱོངས་བྱེད་རྒྱུ་དེ་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་དུ་བརྩིས། ལོ་རེར་རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་དང་དམག་དཔུང་། དམངས་དམག གྲྭ་བཙུན། དགེ་སློབ། དེ་མིན་སྤྱི་ཚོགས་ལས་རིགས་ཡོངས་ཀྱི་མི་སྣ་ཁྲི་ཕྲག་ལྷག་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་བྱས་ཏེ་རི་བཀག་ནགས་གསོ་བྱེད་པ་དང་། མཐའ་མཚམས་བཅོས་སྐྱོང་བྱེད་པའི་རྣམ་པ་ལྟར་བྱེ་འགྱུར་ཚབས་ཆེན་ཡིན་པའི་གནས་སུ་བཀག་སྡོམ་སྲུང་སྐྱོབ་བྱས་ཏེ། བྱེ་འགོག་ནགས་གསོའི་བྱ་བ་ལག་བསྟར་བྱས། དོ་དམ་ས་ཚིགས་ཀྱི་འགོ་གཙོ་རྡོ་རྗེ་རྒྱལ་གྱིས་བཤད་རྒྱུར།

1996ལོར་བྱེ་སྣ་ས་ཆ་འདི་ནས་ནགས་སྐྲུན་གྱི་མགོ་བརྩམས་པ་དང་། སྐབས་དེར་ནགས་སྐྲུན་བྱེད་སྐབས་འཕྲུལ་ཆས་བྱེ་མའི་ནང་དུ་བགྲོད་མི་ཐུབ་པས། སྡོང་ཕྲུག་གཡག་དང་རྟ། བོང་བུ་སོགས་ལ་བཀལ་བ་དང་། མང་ཚོགས་ཀྱིས་ཀྱང་རྡོ་ཁུར་བ་དང་རྩྭ་ཁུར་བ། སྡོང་བོ་ཁུར་ནས་སྡོང་འཛུགས་ནགས་སྐྲུན་གྱི་བྱ་བ་གཉེར་བ་རེད། དེའི་རྗེས་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། སྡོང་ཕྲུག་འཕྲུལ་ཆས་ཀྱིས་དྲུད་པ་དང་། ལོ་རེའི་སྤྱི་རྩིས་ཀྱི་ཟླ་གསུམ་པའི་ཟླ་སྨད་ནས་ཉིན་བཞི་བཅུའི་རིང་ལ་སྡོང་འཛུགས་ནགས་སྐྲུན་གྱི་བྱ་འགུལ་ཆེན་པོ་སྤེལ་བཞིན་ཡོད་ལ། སྐབས་དེར་ངལ་རྩོལ་པ་ཡོད་ཚད་གནས་འདིར་ཡོང་ནས་ལས་ཀ་ལས་དགོས། དེ་བས་ད་ལྟའི་བར་སྡོང་འཛུགས་ནགས་སྐྲུན་གྱི་བྱ་བར་འབད་པ་ཆེན་པོ་བྱས་ཏེ་རྩྭ་ས་དང་ནགས་སྐྲུན་གྱི་ཐད་ལ་གྲུབ་འབྲས་ཆེན་པོ་བླངས་ཡོད།

ཀོས་ནན་རྫོང་གིས་མཐོ་སྒང་གི་མཐོ་འཁྱག་ས་ཁུལ་དུ་བྱེ་འགོག་བྱེ་བཅོས་བྱ་བར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པས། སྤྱི་ཚོགས་ལས་རིགས་སོ་སོའི་གདེང་འཇོག་ཆེན་པོ་བྱས་པ་དང་། རིམ་པ་སོ་སོའི་སྲིད་གཞུང་དང་འགོ་ཁྲིད་ཀྱིས་ཁས་ལེན་ཆེན་པོ་བྱས་ལ། སྔ་རྗེས་སུ་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་གཟེངས་བསྟོད་ཆེན་པོ་གནང་བ་དང་། ཉིས་སྟོང་དྲུག་ལོར་རྒྱལ་ཁབ་ནགས་ལས་ཅུའུ་ཡིས་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ས་ཁུལ་དུ་བདམས་པ་དང་། ཉིས་སྟོང་བདུན་ལོར་མཚོ་སྔོན་ཞིང་ཆེན་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནགས་ལས་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་སྔོན་ཐོན་ལས་ཁུངས་སུ་བདམས། ཉིས་སྟོང་བརྒྱད་ལོར་རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་དང་མི་ཤུགས་ཐོན་ཁུངས་འགན་སྲུང་པུའུ། རྒྱལ་ཁབ་ནགས་ལས་ཅུའུ་བཅས་ཀྱིས་བྱང་གསུམ་ནགས་ཚལ་འགོག་སྲུང་ཐད་བྱས་རྗེས་ཆེ་བའི་ལས་ཁུངས་སུ་བདམས། ཉིས་སྟོང་བཅུ་བདུན་ལོར་རྫོང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཅུའུ་དང་། སྡོང་འཛུགས་ནགས་སྐྲུན་མཁན་པུ་རྒྱལ་རྒྱལ་ཡོངས་བྱེ་འགོག་བྱེ་བཅོས་སྔོན་ཐོན་སྡེ་ཚོགས་དང་བྱེ་བཅོས་དཔེ་སྟོན་མི་སྣར་བདམས། ཕྱོགས་མང་པོའི་འབད་བརྩོན་ལ་བརྟེན་པས་གྲུབ་འབྲས་ཆེན་པོ་དེ་ལྟ་བུ་བླངས་པ་རེད། ནགས་རའི་ནགས་སྲུང་བ་བན་ཤུལ་སྡེ་བའི་སྡེ་མི་འབྲུག་འབུམ་རྒྱལ་གྱིས་གནའ་དེང་ཞིབ་བསྡུར་གྱི་སྒོ་ནས་བཤད་རྒྱུར།

དེ་སྔོན་ས་ཆ་འདི་བྱེ་མ་ཡིན་པ་དང་། ཟླ་གཉིས་པ་གསུམ་པའི་ནང་དུ་རླུང་ཤུགས་ཧ་ཅང་ཆེ།  བྱེ་འགྱུར་ས་ཆ་ཇེ་ཆེར་གྱུར་བས་རྩྭ་ས་ཇེ་ཆུང་དུ་སོང་། 96ལོར་ས་ཆ་འདིར་ནགས་སྐྲུན་བྱས་པ་དང་། དང་ཐོག་རྒྱལ་ཁབ་ཀྱིས་ས་མུའུ་སུམ་བརྒྱའི་གནས་སུ་ཚོད་ལྟ་བྱས་ཏེ་སྡོང་འཛུགས་ནགས་སྐྲུན་བྱས་ནས་ཉམས་མྱོང་བླངས་པ་དང་།  དེ་ནས་མུ་མཐུད་དུ་ལོ་རེར་ནགས་སྐྲུན་བྱས་པས། དེང་སྐབས་རྩྭ་ས་ཇེ་ཆེར་གྱུར་བ་དང་མང་ཚོགས་ཀྱི་འཚོ་བ་ཇེ་སྐྱིད་དུ་གྱུར་ཡོད། དེང་མ་རླུང་གཡུག་སྐབས་གོང་གི་རྒྱལ་ལམ་ཡོངས་རྫོགས་བྱེ་མས་བསྣུབ་ཡོང་། ང་རང་གིས་ལོ་ངོ་ཉེར་བཞིའི་རིང་གནས་འདི་ནས་ནགས་སྲུང་བྱས་པ་དང་།  དེང་སྐབས་རྒྱལ་ཁབ་ཀྱིས་ལས་གཞི་མང་པོ་བྱིན་ནས་ནགས་སྐྲུན་ལ་ཤུགས་བསྣན་ཏེ་རྩྭ་སའི་རྒྱ་ཁྱོན་ཇེ་ཆེར་གྱུར་ཡོད་པ་དང་། མང་ཚོགས་ཀྱི་འཚོ་བ་ཡང་ཇེ་སྐྱིད་དུ་གྱུར་ཏེ་དགའ་སྣང་འཆར་ཡོད།

སྙན་སྒྲོན་པ།བྱེ་མ་འགོག་བཅོས་བྱ་བར་སྔར་ལས་ལྷག་པར་སྐུལ་འདེད་གཏོང་ཆེད། ཀོས་ནན་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཡི“སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ”དང་“མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ།”“ཏན་ཏན་ཏིག་ཏིག་བཞི”བཅས་ཀྱི་དགོངས་པ་གལ་ཆེན་གཟབ་ནན་སྒོས་ལག་བསྟར་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་བྱེ་འགོག་བྱེ་བཅོས་ཀྱི་ལས་འགན་ལེགས་པོར་སྒྲུབ་སྟེ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཞན་འགྱུར་གྱི་གནས་བབ་ལ་ཚོད་འཛིན་བྱས་པས། རྫོང་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་སྡོད་གནས་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། མ་ཡུམ་ཆུ་བོ་སྲུང་སྐྱོང་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་དང་སྔོ་ལྗང་རི་ཆུ། ས་ཆུ་སྲུང་འཛིན་སོགས་ཀྱི་ཐད་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

སྔོན་དུས་སྡོང་འཛུགས་ནགས་སྐྲུན་བྱེད་སྐབས་ཀྱི་འཚོ་བའི་ཡོ་ཆས།

བྱེ་འགོག་བྱ་བའི་གྲུབ་འབྲས་ཀྱི་དན་རྟགས།

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།