ཐོག་མའི་སེམས་འདུན་མི་བརྗེད་པར་ཏང་གི་རྗེས་སུ་འབྲངས། ཁམས་པའི་མི་རབས་བཞི་ཡི་བློ་དཀར་ལྷག་བསམ་མངོན།
2019.08.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 39

ཀྲུང་ཧྭ་མི་རིགས་ནི་མི་རིགས་མང་པོའི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་ཞིང་། ལོ་རྒྱུས་སྟེང་། ཀྲའོ་ཅུན་ཞུང་ནུའུ་ལ་མནའ་མར་སོང་བ་དང་རྒྱ་བཟའ་ཀོང་ཇོ་བོད་ལ་མནའ་མར་ཕེབས་པ་སོགས་ཀུན་ལ་གྲགས་པའི་གཏམ་བཟང་བཞག་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏང་གི་མི་རིགས་སྲིད་ཇུས་ཀྱི་མཛུབ་ཁྲིད་འོག རིགས་སོ་སོའི་མང་ཚོགས་བར་ཕན་ཚུན་འདྲ་མཉམ་དང་། ཕན་ཚུན་སྤུན་ཟླ་ལྟར་བརྩེ་ཞིང་ཕན་ཚུན་ལ་རོགས་རེས་བྱེད་པ་དང་། སེ་འབྲུའི་ཚི་གུ་བཞིན་དམ་པོར་གཅིག་ཏུ་སྦྲེལ་ཏེ། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ལ་ཐུན་མོང་གིས་སྲུང་སྐྱོང་བྱས།

ནུབ་རྒྱུད་དམག་ཁུལ་གྱི་སྐམ་དམག་མདའ་དཔུང་ག་གེ་མོའི་ཡུལ་ཤུལ་སྒེར་ཚུགས་སྐྱ་དམག་བརྒྱ་དཔུང་གི་བརྒྱ་དཔོན་ངེས་དོན་མཐར་ཕྱིན་ཚང་གི་མི་རབས་བཞི་ཡིས་ཐོག་མའི་སེམས་འདུན་མི་བརྗེད་པར་ཏང་གི་རྗེས་སུ་འབྲངས་པའི་མི་སེམས་འགུལ་བའི་བྱས་རྗེས་ཀྱིས་ནི། ཡང་བསྐྱར་ཀྲུང་གོ་གུང་ཁྲན་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་དོན་བདེན་དཔང་བྱས་ཤིང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཁྲོད་འབོད་སྐུལ་ནུས་པ་དང་གོང་བུར་འགྲིལ་ཤུགས། ཚེ་སྲོག་གི་ནུས་པ་བཅས་ཆེས་ཆེར་ཐོན།

ངེས་དོན་མཐར་ཕྱིན་གྱི་ཡང་མེས་ནི་ཡུལ་ཤུལ་ཞི་བས་བཅིངས་འགྲོལ་བྱེད་པར་རྒྱབ་སྐྱོར་བྱེད་མཁན་གྱི་སྐུ་དྲག་མི་སྣ་ཞིག་ཡིན་ལ། ཁོས་ཡུལ་ཤུལ་ནང་ཆེན་དུ་ཐོག་མའི་སྐར་ལྔའི་དར་དམར་ཁྱེར་བ་མ་ཟད་དེ་ཡར་བསྒྲེངས། ཁོའི་ཨ་མེས་ཀྱིས་ཡུལ་ཤུལ“ཁམས་པའི་དཔོན་རྒྱུད”ཀྱི་རྗེས་རབས་པ་ཏང་ནང་དུ་ཞུགས་པའི་ཐོག་མའི་སྲོལ་བཏོད། ཨ་ཕ་ལགས་ནི་ཡུལ་ཤུལ་ས་ཁུལ་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སློབ་སྦྱོང་བྱེད་སའི་མིག་དཔེ་ཡིན། ངེས་དོན་མཐར་ཕྱིན་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ“ཁམས་པའི་དཔོན་རྒྱུད”ཀྱི་རྗེས་རབས་པ་དམག་ལ་ཞུགས་པའི་དམག་མི་ཐོག་མ་ཡིན། ཁོ་ནི་དུས་རབས་གསར་པའི་གཞི་རིམ་དམག་དཔུང་གི་དམག་ལ་དགའ་ཞིང་དྲག་རྩལ་ལ་མཁས་པའི་ཕུལ་བྱུང་བཀོད་འདོམས་པ་ཞིག་ཡིན་པར་མ་ཟད། ཡུལ་ཤུལ་བོད་ཁུལ་དུ་ཧུར་ཐག་སྒོས་ཏང་གི་སྐད་ཆ་སྒྲོག་ཅིང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་དམར་པོའི་གཞི་རྒྱུའི་རྒྱུད་འཛིན་པ་རྣམ་དག་ཅིག་ཀྱང་རེད།

ཐོག་མའི་སེམས་འདུན་ལ་བརྟེན་ནས་བརྩེ་བ་ངོ་མ་བྱུང་།

1949ལོའི་ཟླ8པར། ངེས་དོན་མཐར་ཕྱིན་གྱི་ཡང་མེས་ཐུབ་བསྟན་མགོན་པོས་ཡུལ་ཤུལ་བོད་རིགས་རྣམས་ཀྱི་ཚབ་བྱས་ཏེ་དམག་རྟ་སྟོང་ལྷག་སོགས་དངོས་རྫས་གལ་ཆེན་རྣམས་བཅིངས་འགྲོལ་དམག་ལ་ཕུལ། དེའི་རྒྱུ་མཚན་ནི་ཁོ་ཚོས་དངོས་གནས་གུང་ཁྲན་ཏང་དང་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་མི་དམངས་དམག་དཔུང་གིས་ཁ་ཞེ་གཉིས་མེད་ཀྱིས་མི་དམངས་ལ་བདེ་སྐྱིད་འཚོལ་བཞིན་པ་མིག་གིས་མཐོང་ཞིང་སེམས་ཀྱིས་ཚོར་བས་རེད།

དད་མོས་ལ་སྟོབས་ཤུགས་ཀྱི་གོང་བུ་ཆགས།

ཐུབ་བསྟན་མགོན་པོས་གུང་ཁྲན་ཏང་གིས་བསྩལ་པའི་སྐར་ལྔའི་དར་དམར་སྙིང་སྟོབས་ཆེན་པོས་རང་ཁྱིམ་གྱི་སྒོ་སྟེང་དུ་བཙུགས་པ་དེ་ནི། ནང་ཆེན་ས་ཁུལ་གྱི་བར་སྣང་དུ་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་ཐོག་མ་རུ་གྱུར། སྐབས་དེ་ནས་བཟུང་། “ངེས་པར་དུ་ཏང་གི་རྗེས་སུ་འབྲང་དགོས། བློ་གཅིག་སེམས་གཉིས་གཏན་ནས་བྱེད་མི་རུང”བ་ནི“ཁམས་པའི་དཔོན་རྒྱུད”དེའི་དམར་པོའི་ཁྱིམ་གྱི་བསླབ་ཚིག་ཏུ་གྱུར།

བྱས་རྗེས་བཞག་སྟེ་ཏང་གི་དྲིན་ལན་འཇལ།

ངེས་དོན་མཐར་ཕྱིན་གྱི་ཨ་མེས་ཕུན་ཚོགས་དབང་གྲགས་ལོ15ཡི་སྟེང་གསར་བརྗེར་ཞུགས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་བོད་ཁུལ་གྱི་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པའི་བྱ་བའི་ཁྲོད། གུང་ཁྲན་ཏང་མི་སོ་སོས་ངལ་རྩོལ་མང་ཚོགས་ཀྱི་ཁ་ལོ་བསྒྱུར་ཏེ་བཅིངས་འགྲོལ་ཐོབ་ཆེད་དཔའ་ངར་ཞུམ་མེད་ཀྱིས་རང་སྲོག་བློས་གཏོང་ཕོད་པའི་གསར་བརྗེའི་སྙིང་སྟོབས་དེས། ཁོའི་མི་ཚེའི་གདམ་གསེས་སྔར་ལས་ཀྱང་ཇེ་བརྟན་དུ་འགྱུར་དུ་བཅུག སྐབས་དེར། ཕུན་ཚོགས་དབང་གྲགས་ནི་སྐྱེ་ཁུངས“བརྒྱ་དཔོན་ཚང”ཡིན་པ་ལས་ཏང་ནང་དུ་ཞུགས་པའི་གུང་ཁྲན་ཏང་ཡོན་ཐོག་མ་རུ་གྱུར་པས། བོད་ཁུལ་དུ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས།

“ཏང་གིས་ང་རང་གསོ་སྐྱོང་བྱས་པས། ངས་ཏང་གི་དྲིན་ལན་འཇལ་དགོས།”ངེས་དོན་མཐར་ཕྱིན་གྱི་ཨ་ཕ་སྡོམ་པ་ཨ་བྷོ་ནི་ཡུལ་ཤུལ་ཁུལ་གྱི་མགོ་ཁྲིད་ལས་བྱེད་པ་ཞིག་རེད། ཡུལ་ཤུལ་ལ་ས་འགུལ་བྱུང་སྐབས། ཁོས་བསྟུད་མར་ཉིན་ཞག་དྲུག་ལ་འབད་འཐབ་བྱས་པས། རྒུད་སྐྱོབ་ཀྱི་ལས་ཡུལ་དང་པོ་ནས་བརྒྱལ་ཏེ་ཐང་ལ་འགྱེལ། མཚོ་སྔོན་ཞིང་ཆེན་གྱིས་ཁོ་རང“ཞིང་ཆེན་ཡོངས་ཀྱི་ས་འགུལ་གནོད་སྐྱོན་སེལ་བའི་མིག་དཔེ”དང“ཕུལ་བྱུང་མགོ་ཁྲིད་ལས་བྱེད་པ”རུ་བདམས། སྡོམ་པ་ཨ་བྷོའི་ཆེས་ཆེ་བའི་རེ་འདུན་ནི“ཆེས་མཐའ་མའི་ཕྱེ་ཁུག་མ་གང་ཏང་ལ་སྟེར་བ་དང་། ཆེས་མཐའ་མའི་རས་ཁྲེ་གང་ཏང་ལ་སྟེར་བ། ཆེས་མཐའ་མའི་བུ་ཆུང་ཏང་ལ་སྟེར”བ་དེ་རེད།

བློ་དཀར་ལྷག་བསམ་གྱིས་འགན་ཕྲག་ཏུ་བླངས། “གྲོང་ཁྱེར་ཆེན་པོར་ང་ནི་དཀོན་པ་ཞིག་མིན་ཡང་། མཐོ་སྒང་དུ་ང་རང་དེ་ལས་མཁོ།”ངེས་དོན་མཐར་ཕྱིན་དམག་གི་སློབ་གྲྭ་ནས་མཐར་ཕྱིན་རྗེས་སྤྱིར་ཞིང་ཆེན་ལྟེ་གནས་ཀྱི་གྲོང་ཁྱེར་ཞིག་ཏུ་ལས་ཀ་སྒྲུབ་ཆོག་མོད། ཡིན་ཡང་། ཁོས་ཡུལ་ཤུལ་གྱི་རི་མཐོ་ཞིང་ས་རྒྱ་ཆེ་བས། ལས་འགན་ལག་བསྟར་བྱེད་སྐབས། སྐྱ་དམག་དམག་དཔུང་གིས་སྔར་ལས་ལྷག་པར“རྟ་ཐོག་གི་གནམ་ས་འཛིན་པ”ཡི་བྱེད་ནུས་འདོན་སྤེལ་བྱེད་ཐུབ་པ་ཤེས་པས། ཁོས་སྔར་བཞིན་ཡུལ་ཤུལ་གྱི་དམག་སྒར་ནས་འདུག་པ་གདམ་གསེས་བྱས།

མི་རབས་གཅིག་ལ་མི་རབས་གཅིག་གི་འགན་འཁྲི་ཡོད་པ་དང་། མི་རབས་གཅིག་ལ་མི་རབས་གཅིག་གི་འགན་ཁུར་ཡོད། ངེས་དོན་མཐར་ཕྱིན་ཚང་གི་མི་རབས་བཞི་ཡི་བྲག་རི་བཞིན་བརྟན་པའི་ཆབ་སྲིད་དད་མོས་དང་། དམངས་གཅེས་དང་དམངས་ལ་བཅངས་པའི་བརྩེ་བ། འབད་བརྩོན་ལྷོད་མེད་ཀྱི་བརྩོན་སེམས་སྙིང་སྟོབས། སྒེར་སེམས་མེད་པར་བྱས་རྗེས་འཇོག་པའི་རིན་ཐང་དོན་གཉེར་བྱེད་པ་བཅས་ནི། དུས་རབས་གསར་པར་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པའི་རླབས་ཆེ་བའི་འཐབ་ལམ་ཁྲོད་ཀྱི་གསོན་ཉམས་ལྡན་པའི་འདྲ་གཟུགས་རེད།

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ་ཡིས་ད་ལོའི་དམག་འཛུགས་དུས་ཆེན་གྱི་སྔོན་ཉིན་མོར“ དུས་རབས་གསར་པའི་ཆེས་ཡིད་དུ་འོང་བའི་གསར་བརྗེ་དམག་མི”9མཉམ་འབྲེལ་གྱིས་ཁྱབ་བསྒྲགས་བྱས། ནུབ་རྒྱུད་དམག་ཁུལ་སྐམ་དམག་མདའ་དཔུང་ག་གེ་མོའི་ཡུལ་ཤུལ་སྒེར་ཚུགས་སྐྱ་དམག་བརྒྱ་དཔུང་གི་བརྒྱ་དཔོན་ངེས་དོན་མཐར་ཕྱིན་སྐམ་དམག་གི་འཐུས་མི་གཅིག་པུར་བདམས་ཐོན་བྱུང་།

ངེས་དོན་མཐར་ཕྱིན་ནི་མཐོ་སྒང་དུ་གཞིས་ཆགས་པའི་འཐབ་ཕྱོགས་དང་པོའི་དམག་སྐྱོང་མཁན་རེད། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ“ཁམས་པའི་དཔོན་རྒྱུད”ཀྱི་རྗེས་རབས་པའི་ཁྲོད་བཅིངས་འགྲོལ་དམག་གི་དམག་ལྭ་གྱོན་མཁན་དང་དམག་རྟའི་འཕོངས་ལ་བཞོན་པའི་སྐྱ་དམག་ཐོག་མ་ཡིན་པའི་ཆ་ནས། ངེས་དོན་མཐར་ཕྱིན་གྱིས“ཏང་གི་རྗེས་སུ་འབྲངས་པ”ཡི་ཁྱིམ་སྲོལ་ཡིད་ལ་བརྟན་པོར་བཟུང་སྟེ། དམག་ལ་ཞུགས་ཏེ་རྒྱལ་ཁབ་ལ་དྲིན་གཟོ་བའི་བློ་སྤོབས་ལ་འགྱུར་བ་མེད་ཅིང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་ལག་བསྟར་བྱས་ཏེ། སྤྱིར་བཏང་གི་ལས་གནས་ལས་སྤྱིར་བཏང་མ་ཡིན་པའི་བྱས་རྗེས་བཞག ལག་ལེན་དངོས་བརྒྱུད་དེ་དུས་རབས་གསར་པའི་གསར་བརྗེ་དམག་མི་ཞིག་གི་འགན་འཁྲི་དང་འགན་ཁུར་གསར་དུ་བྲིས་པ་དང་། དམག་དཔུང་ཡོངས་ཀྱིས་བླ་སྲོག་ཡོད་པ་དང་ནུས་རྩལ་ཡོད་པ། དཔའ་རྒོད་ཡིན་པ། ཀུན་སྤྱོད་ཡག་པའི་དུས་རབས་གསར་པའི་གསར་བརྗེ་དམག་མི་གསོ་སྐྱོང་བྱེད་ཀྱིན་པའི་གྲུབ་འབྲས་མངོན་གསལ་ཕུན་སུམ་ཚོགས་པའི་སྒོ་ནས་མཚོན་ཡོད།

                                                                                                          རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།