མི་དམངས་ཀྱི་འདོད་བློ་དང་མཐུན་པར་བྱས་ཏེ། སློབ་གསོས་སྔར་ལས་མང་བའི་ཐོབ་སྣང་དང་སྐྱིད་སྣང་ཁྱེར་ཡོང་།
2019.09.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 25

“སྔོན་ཆད་ང་ཚོ་འབྲོག་པའི་བྱིས་པ་རྣམས་ཉིན་རྒྱུན་ནོར་ལུག་གི་རྗེས་སུ་འབྲངས་པ་ཡིན་ཞིང་། ད་ལྟ་གཏན་སྡོད་ས་གནས་སུ་བྱིས་གཉོར་ཁང་ཡོད་པས། བྱིས་པ་རྣམས་ཀྱིས་ད་དུང་ཚད་ལྡན་གྱི་སློབ་སྔོན་སློབ་གསོ་མྱོང་ཐུབ”ཞིན་ཧེ་རྫོང་ལྟེ་གནས་བྱིས་གཉོར་ཁང་གི་སྒོ་ཁར་བྱིས་པ་ལེན་དུ་ཡོང་བའི་ཁྱིམ་བདག་ཅིག་གི་གདོང་ལ་འཛུམ་གྱིས་ཁེངས་འདུག

“ཕ་ཡུལ་ནས་ཟི་ལིང་དུ་ཞོར་ལས་ལ་ཡོང་དུས། མ་གཞི་སེམས་ལ་དྲན་པ་ནི་བྱིས་པའི་སློབ་གྲྭ་བརྗེ་སྐབས། དཀའ་ཚེགས་མི་ཉུང་བ་ཞིག་ལ་འཕྲད་རྒྱུ་རེད་བསམ། ཡིད་ལའང་མ་དྲན་པ་ནི་འགྲོ་ལུགས་བདེ་བླག་ངང་སྒྲུབ་ཐུབ་སོང”ཞེས་ཨན་ཧུའེ་ཞིང་ཆེན་ཧུའོ་ཧྲན་རྫོང་ནས་ཡོང་བའི་ཀྲང་རུང་ཆང་གི་གདོང་ལ་དགའ་ཉམས་ཤར་ནས་དེ་ལྟར་བཤད།

“དམའ་འབྲིང་མཐར་ཕྱིན་རྗེས། སྐབས་ཤིག་ལ་ཕྱི་རོལ་ཏུ་སོང་ནས་ཞོར་ལས་བཙལ་འདོད། སྟབས་ལེགས་པ་ཞིག་ལ་སློབ་རིན་སྤྲོད་མི་དགོས་པའི་འབྲིང་རིམ་ལས་རིགས་སློབ་གསོའི་རྗེས་ཆོད་སོང་བས། ངས་ད་གཟོད་མུ་མཐུད་དུ་དཔེ་ཆ་འདོན་ཐུབ་སོང་།”ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་དང་པོའི་སློབ་སྔོན་སློབ་གསོའི་ཆེད་ལས་སྦྱོང་མཁན་ཡེ་ཞུའེ་རང་ཉིད་ཀྱི་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་འདུག

སློབ་གསོ་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་འབྲེལ་ཞིང་། མི་རིགས་ཀྱི་དར་རྒུད་དང་འབྲེལ་བའི“ལོ་བརྒྱའི་ཇུས་ཆེན”ཞིག་ཡིན་ལ། རྒྱ་ཆེའི་ཁྱིམ་བདག་གིས་མཛེས་སྡུག་འཚོ་བར་རེ་སྨོན་བཅོལ་སའི་དམངས་འཚོའི་བཟོ་འགོད་ཅིག་ཀྱང་ཡིན། མཐའ་འཁོབ་ཀྱི་རི་གྲོང་ངམ་ཡང་ན་འདུ་འཛི་ཆེ་བའི་གྲོང་ཁྱེར་བཅས་གང་ཡིན་རུང་། བྱིས་པ་རྣམས་ཀྱི་བདེ་སྐྱིད་འཛུམ་མདངས་དང་མང་ཚོགས་ཀྱི་ཐོབ་སྣང་དངོས་མ་ཐམས་ཅད་ལས་སློབ་གསོ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེས་ཐད་ཀར་དུ་མཐོང་ཐུབ་པ་དང་། ཆེས་གསོན་ཉམས་ལྡན་པའི་མངོན་སྟངས་ཤིག་རེད།

ལོ་ངོ70རིང་ལ། ལྷག་པར་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཚུན་ལ། རང་ཞིང་གི་སློབ་གསོའི་ལས་དོན་དེ་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག་དང་། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་ཏུ། ནན་ཏན་སྒོས་ཏང་དང་རྒྱལ་ཁབ་ཀྱི་ཇུས་ཆོད་གལ་ཆེན་དང་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གོ་གནས་དོན་འཁྱོལ་བྱས་པས། སློབ་གསོའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་བླངས་པ་དང་། སློབ་གསོའི་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་མངོན་འགྱུར་བྱུང་།

སྤུས་ཀ་མཐོར་འདེགས་བཏང་སྟེ། བྱིས་པ་ཐམས་ཅད་ཕྱོགས་ཡོངས་དང་རང་གཤིས་ལྡན་པའི་ངང་ཡར་རྒྱས་འབྱུང་དུ་འཇུག་དགོས།

གལ་ཏེ་འདྲ་མཉམ་ནི་སློབ་གསོའི་མགོ་རྩོམ་ས་ཡིན་ན། སྤུས་ཀ་ནི་སློབ་གསོའི་ཚེ་སྲོག་གི་རྒྱུད་སྐུད་ལྟ་བུ་ཡིན།

སློབ་གསོ་བརྡ་འཕྲིན་ཅན་མགྱོགས་མྱུར་སྒོས་འཛུགས་སྐྲུན་དང་འཕེལ་རྒྱས་བཏང་བ་དེས། མཚོ་སྔོན་གྱི་སློབ་གསོ་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་བཏང་། མིག་སྔར། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་འཛིན་གྲྭ་བརྒྱ་ཆའི་གོ་བརྒྱད་དང་སློབ་ཁྲིད་ས་གནས་བརྒྱ་ཆའི་དགུ་བཅུ་རུ་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པ་དང་། སློབ་གྲྭ་བརྒྱ་ཆའི་གྱ་གསུམ་དུ་སྦྲེལ་དྲ་འབྲེལ་མཐུད་བྱས་ཡོད་ལ། སློབ་གྲྭ་བརྒྱ་ཆའི་ཉེར་དགུ་ལ་ཉེ་བ་ཞིག་གིས་བྱེད་ནུས་འཐུས་ཚང་ཡིན་པའི་སློབ་རའི་དྲ་རྒྱ་བཙུགས་ཡོད། 2018ལོའི་ལོ་མཇུག་ཏུ། རང་ཞིང་གི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭར་ཁྱོན་བསྡོམས་ཆེད་ལས་དགེ་རྒན་ཁྲི་བདུན་དང་སྟོང་གཉིས་ལྔ་བརྒྱ་ཞེ་ལྔ་ཡོད་པ་དེ། 1978ལོའི་མི་གྲངས་ཁྲི་ལྔ་དང་སྟོང་གསུམ་བདུན་བརྒྱ་རེ་བདུན་ཡོད་པ་དང་བསྡུར་ན་མི་གྲངས་ཁྲི་གཅིག་དང་སྟོང་བརྒྱ་བདུན་བརྒྱ་དོན་བརྒྱད་ཀྱིས་འཕར། ཞིང་ཆེན་ཡོངས་ཀྱི་སློབ་ཆུང་དང་། སློབ་འབྲིང་གི་ཆེད་ལས་དགེ་རྒན་ཁྲོད་མཐོ་རིམ་དང་རིམ་པ་དང་པོའི་སློབ་གཉེར་བརྒྱུད་རིམ་ཅན་གྱིས་དགེ་རྒན་གྱི་སྤྱིའི་གྲངས་འབོར་ཁྲོད་ཟིན་པའི་བསྡུར་ཚད་བརྒྱ་ཆའི་གོ་དྲུག་གྲངས་ཆུང་བརྒྱད་དང་བརྒྱ་ཆའི་གྱ་ལྔ་ལྷག་ལ་སླེབས་ཡོད་པ་དང་། མཐོ་འབྲིང་དགེ་རྒན་གྱི་སློབ་གཉེར་བརྒྱུད་རིམ་ཚད་ལྡན་དུ་སླེབས་ཚད་བརྒྱ་ཆའི་གོ་དྲུག་དང་གྲངས་ཆུང་ལྔ་བདུན་ལ་སླེབས་ཡོད་པ་དང་། མཐོ་རིམ་སློབ་ཆེན་གྱི་དགེ་རྒན་ཁྲོད་རབ་འབྱམས་ཞིབ་འཇུག་སློབ་མ་དང་དེའི་ཡན་གྱི་བསླབ་གནས་ཅན་གྱི་ཆེད་ལས་དགེ་རྒན་གྱིས་བརྒྱ་ཆའི་རེ་གཉིས་དང་གྲངས་ཆུང་གསུམ་ཟིན་ཡོད།

དུས་མཚུངས་སུ། རང་ཞིང་གིས་སློབ་ཡོན་བྱ་དགའ་དང་ཁ་གསབ་སྤྲོད་པའི་ལམ་ལུགས་བཙུགས་ཏེ། ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དཀྱུས་མའི་མཐོ་རིམ་སློབ་ཆེན་ལས་མཐར་ཕྱིན་པ་དང་། དགེ་རྒན་གྱི་ཐོབ་ཐང་བླངས་པ། རོང་འབྲོག་ས་ཁུལ་གྱི་ཞང་དང་ཞང་མན་གྱི་སློབ་གྲྭར་སོང་ནས་དགེ་རྒན་བྱེད་པ། དེར་མ་ཟད་དགེ་རྒན་བྱེད་སའི་ལས་ཁུངས་དང་ལོ་བརྒྱད་ཡན་གྱི་ཞབས་ཞུའི་གྲོས་ཡིག་བཞག་པའི་གསར་དུ་གདན་ཞུ་བྱས་པའི་དགེ་རྒན་ལ་སློབ་ཡོན་གྱི་བྱ་དགའ་དང་ཁ་གསབ་སྤྲད་དེ། མཐོ་རིམ་དགེ་འོས་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་གཞི་རིམ་རོང་འབྲོག་ས་ཁུལ་གྱི་སློབ་གྲྭར་ཡོང་ནས་དགེ་རྒན་བྱེད་པར་སྐུལ་ལྕག་དང་སྣེ་ཁྲིད་བྱས་ཤིང་། ཞིང་ཆེན་ནང་ཁུལ་གྱི་ཁ་ཕྱོགས་གཏན་འཁེལ་གྱིས་གཞུང་ནས་སློབ་ཡོན་སྤྲོད་པའི་དགེ་འོས་སློབ་མ་སྐྱེད་སྲིང་བྱས་ཤིང་། སློབ་གསོའི་སྡེ་ཁག་གིས་སྲིད་ཇུས་འདོན་པ་དང་། ནོར་སྲིད་ཀྱིས་མ་དངུལ་སྟེར་བ། སྒྲིག་བཟོ་སྡེ་ཁག་གིས་སྒྲིག་ཁོངས་ཀྱི་སྐལ་འཇོག་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ལས་གནས་མཁོ་སྤྲོད་བྱེད་པའི་རྐྱེན་སྲོལ་ལེགས་པོ་གྲུབ་པར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་མ་འོངས་པའི་ཆེད་དུ་སྐད་གཉིས་རྩིས་ཚན་དང་སློབ་ཆུང་གི་བསླབ་བྱ་ཡོངས་ཀྱི་རྐང་འཛིན་དགེ་རྒན་འབོར་ཆེན་གསོ་སྐྱོང་བྱ་བ་ལ་ནུས་ལྡན་སྲིད་ཇུས་ཀྱི་འགན་སྲུང་མཁོ་སྤྲོད་བྱས།

“ཆེན་པོ་ནས་སྟོབས་ལྡན”ལ་བསྐྱོད་པའི་འགག་སྒོར་འགྲེང་ནས། རྨང་གདན་མཐོར་འདེགས་དང་བར་ཁྱད་ཇེ་ཆུང་དུ་གཏོང་བ། སྤུས་ཀ་མཐོར་འདེགས་བཏང་སྟེ། རྒྱ་ཆེའི་བྱིས་པ་རྣམས་ལ་སྤུས་ལེགས་སློབ་གསོ་མཉམ་རོལ་དང་། ཤེས་བྱར་བརྟེན་ནས་ལས་དབང་ལ་ཁ་ལོ་བསྒྱུར་དུ་འཇུག་རྒྱུ་ནི་རྒྱལ་ཁབ་ཀྱི་འགན་འཁྲི་ཡིན་ལ་མང་ཚོགས་ཀྱི་སྙིང་གཏམ་ཡང་ཡིན། སློབ་གསོས་མང་ཚོགས་ལ་སྔར་ལས་མང་བའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་ཁྱེར་འོང་བར་རེ་སྨོན་བྱས།

སློབ་གྲྭ་རེ་རེ་ལེགས་པོར་བསྒྲུབས་ཏེ། བྱིས་པ་རེ་རེར་སྔར་ལས་བཟང་པོ་དང་སྔར་ལས་འདྲ་མཉམ་གྱི་སློབ་གསོ་ཐོབ་ཏུ་འཇུག་དགོས།

སློབ་མ་རེ་རེར་ཁ་ཕྱོགས་པ་དང་སློབ་གྲྭ་རེ་རེ་ལེགས་པོར་བསྒྲུབས་ཏེ། བྱིས་པ་རེ་རེར་འདྲ་མཉམ་སྤུས་ལེགས་ཀྱི་སློབ་གསོ་མྱོང་དུ་འཇུག་རྒྱུ་དེ་ནི། སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་གཞི་རྩའི་བླང་བྱ་ཡིན་ཞིང་རྒྱ་ཆེའི་མང་ཚོགས་ཀྱི་སེམས་གཏིང་གི་འབོད་པའང་ཡིན།

རྒྱལ་ཁབ་ཀྱིས2015ལོ་ནས་གསར་འཕར་སློབ་བསྡུའི་འཆར་གཞིའི་གཙོ་གཞི་ཡོངས་རྫོགས་དབུས་ནུབ་རྒྱུད་ས་ཁུལ་དང་མི་གྲངས་མང་བའི་ཞིང་ཆེན་གྱི་ཕྱོགས་སུ་གཞོལ་བ་དང་། ལོ་གསུམ་གྱི་རིང་ལ་དབུས་ནུབ་རྒྱུད་ས་ཁུལ་གྱི་སློབ་བསྡུའི་མཐུན་སྦྱོར་འཆར་གཞི་ལ་རོགས་སྐྱོར་བྱས་ཏེ་ཁྱོན་བསྡོམས་མི་འབུམ་དགུ་ལྷག་བཀོད་སྒྲིག་བྱས་ཤིང་། དབུས་ནུབ་རྒྱུད་ས་ཁུལ་ལ་མི་ཁྲི་བརྒྱ་ལ་ཉེ་བའི་སློབ་ཆེན་ཞིག་བཙུགས་པ་དང་མཚུངས། 2018ལོར། རང་ཞིང་གིས་ཟི་ལིང་གི་རྫོང་གསུམ་དང་། མཚོ་ཤར་གྲོང་ཁྱེར། མཚོ་བྱང་ཁུལ། མཚོ་ལྷོ་ཁུལ། མཚོ་ནུབ་ཁུལ་བཅས་ཀྱི་འབྲིང་རྒྱུགས་སློབ་བསྡུའི་ལམ་ལུགས་བཅོས་བསྒྱུར་བྱེད་མགོ་བརྩམས་ཏེ། ཁྱོན་ཡོངས་ནས་མཐོ་རྒྱུགས་དཀྱུས་མའི་མཉམ་འགྲོའི་རེ་འདུན་བཅོས་བསྒྱུར་ལག་བསྟར་བྱས་པར་མ་ཟད་གྲུབ་འབྲས་ལེགས་པོ་བླངས། ཞིང་ཆེན་ལ་གཏོགས་པའི་དངོས་གཞིའི་སློབ་ཆེན་སློབ་བསྡུའི་འཆར་གཞིའི་གྲུབ་ཚུལ་སྙོམས་སྒྲིག་བྱས་པ་དང་། གསར་གཏོད་རང་བཞིན་གྱི་ངང་ནས“སྐྱེ་ཁམས”དང“དབུལ་སྐྱོར” “བོད་ཁུལ”བཅས་ཆེད་དམིགས་སློབ་བསྡུའི་འཆར་གཞི་བཙུགས་ཏེ། རོང་འབྲོག་ས་ཁུལ་གྱི་སློབ་བསྡུའི་འཆར་གཞི་སྟོང་གཅིག་བརྒྱ་དང་ང་དྲུག་ལེགས་འགྲུབ་བྱུང་བ་དང་། ཞིང་ཆེན་ལ་གཏོགས་པའི་སློབ་ཆེན་དངོས་གཞི་རིམ་པའི་ཞིང་ཆེན་ནང་ཁུལ་བསྡུ་ལེན་གྱི་སྤྱིའི་གྲངས་འབོར་གྱི་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་གཅིག་ཟིན་ཡོད་པ་དང་། རོང་འབྲོག་མང་ཚོགས་ཀྱིས་བསྟོད་བསྔགས་རྒྱ་ཆེར་ཐོབ།

སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་སུ་འགྲོ་དགོས་ན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་གནད་དོན་ཐག་གཅོད་དགོས། སྟོང་སྐོར་རྫོང་པོ་ཧང་ཞང་དཀྱིལ་སྙིང་སློབ་གྲྭ་དང་ཧུའུ་ཐའེ་སློབ་འབྲིང་གཉིས་ཀྱིས“ཟླ་བོ་བསྒྲིགས”པ་དང“ཧུའུ་ཐའེ་སློབ་འབྲིང་གི་དགེ་རྒན་རྣམས་ཀྱི་མདུན་དུ་ངས་སློབ་གསོའི་འདུ་ཤེས་གསར་པ་དང་སློབ་ཁྲིད་བྱེད་ཐབས་གསར་པ་མང་པོ་བསླབས་ཐུབ་བྱུང་ལ་ཕན་འབྲས་ཆེན་པོ་ཐོབ”ཞེས་པའོ་ཧང་དཀྱིལ་སྙིང་སློབ་གྲྭའི་སློབ་ཆུང་སྡེ་ཁག་གི་དབྱིན་ཡིག་དགེ་རྒན་ཀྲང་ཡུང་ཧྭ་ཡིས་དེ་ལྟར་བཤད།

2018ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་རྫོང་ཞེ་གསུམ(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ཡོན་ལྷན་ཁང)འདྲ་མཉམ་གྱིས་རྒྱལ་ཁབ་འོས་འགན་སློབ་གསོ་དོ་སྙོམས་ཀྱི་ཞིབ་བཤེར་རྩིས་ལེན་གྱི་ཚད་ཐིག་ལ་ལོངས་སོང་།

འདྲ་མཉམ་ནི་སློབ་གསོ་འཕེལ་རྒྱས་ཀྱི་རིན་ཐང་ལྟ་བ་གཙོ་བོ་ཞིག་ཡིན་ལ། མང་ཚོགས་ཀྱིས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་དོན་སྙིང་ཡང་ཡིན། རོང་འབྲོག་ས་ཁུལ་ནས་གྲོང་ཁྱེར་བར་དུ། བྱིས་པ་རེ་རེས་སྔར་ལས་དོ་སྙོམས་ཀྱི་སློབ་གསོ་མྱོང་ཐུབ་པའི་ཕུགས་འདུན་དེ་མངོན་འགྱུར་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།