ད་ལོའི་ཚུན་དུ། གཅན་ཚ་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་རྫུན་བཟོ་ཅན་དང་ཉམས་ཞན་ཅན་དང་བས་མཐའ་ཅན་བཅས“ཅན་གསུམ”གྱི་མི་འདང་སར་དམིགས་ནས། ཆབ་སྲིད་ཀྱི་བྱེད་ནུས་དང་ཞབས་འདེགས་ཀྱི་བྱེད་ནུས་འཛུགས་སྐྲུན་འབུར་དུ་ཐོན་པར་བྱས་ཤིང་། དངོས་གནས་དྲང་གནས་ཀྱི་བྱེད་ཐབས་ལ་བརྟེན་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་སྤྱི་འཁོར་ནུས་པ་དང་རང་འཁོར་ནུས་པ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་མཐོར་འདེགས་བྱས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་ཤུགས་སྔར་ལས་ལྷག་པར་མཐོར་འདེགས་བྱས།
གཅན་ཚ་རྫོང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས“སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དེ་རྩ་བར་བཟུང་སྟེ། རྒྱུན་ཆད་མེད་པར་ཏང་ནང་ཁུལ་གྱི་སློབ་གསོའི་བྱེད་སྟངས་ལེགས་བསྒྱུར་དང་། སློབ་སྦྱོང་ལ་འཆར་གཞི་ལྡན་པ་དང་ནང་དོན་ལ་བླང་བྱ་ཡོད་པ། དུས་ཚོད་ལ་ཁག་ཐེག་ཡོད་པ་བཅས་ལ་འགན་ལེན་ཏན་ཏིག་བྱས་པས། སློབ་སྦྱོང་གི་ཕན་འབྲས་མིག་མཐོང་ལག་ཟིན་དུ་གྱུར། གཞི་རིམ་ཏང་རྩ་འཛུགས་ཀྱི་རིགས་བགོས་རིམ་པ་གཏན་འཁེལ་དང་ཏང་ཡོན་དམངས་གཙོ་དཔྱད་བསྡུར་བྱེད་པ་རྩ་བའི་འཛིན་ལུང་བྱས་ཏེ། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་སྐབས་བརྗེ“ཕྱིར་མིག་བལྟ་བ”དང་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་ཟུང་འབྲེལ་བྱེད་དགོས་ལ། རྗེས་ལུས་ཀྱི་ཏང་རྩ་འཛུགས་དང་ནུས་མེད་ཉམས་ཞན་ཁ་ཐོར་གྱི་ཏང་རྩ་འཛུགས་ལ་ཤུགས་ཆེན་པོས་དག་ཐེར་བཅོས་སྐྱོང་བྱས། དུས་མཚུངས་སུ། སྡེ་བའི(སྡེ་ཁུལ)“ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་ཚན་ཁག་དང་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་རྗེས་གྲབས་ལས་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་མཛུབ་སྟོན་པ་བཅས་ཀྱི་དཔུང་སྡེ་འཛུགས་སྐྲུན་ནན་འཛིན་བྱས། གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་དུ་བསྒྱུར་བའི་འཛུགས་སྐྲུན་བླང་བྱ་དང་སྡེ་བ་རིམ་པའི་རྩ་འཛུགས་ཀྱི“སྲོག་ཤིང་གཅིག་དང་བཅོས་སྐྱོང་གསུམ”ཞེས་པའི་བཅོས་སྐྱོང་གི་དཔེ་དབྱིབས་རྣམ་པ་འཛུགས་པའི་དགོས་མཁོ་དང་། “ཞང་འཛིན་སྡེ་བར་སྐུལ་འདེད་བཏང་ནས་རྨང་གཞི་འཛུགས་སྐྲུན། རིམ་པ་གསུམ་གྱིས་དཔེ་སྟོན་རྫོང་མཉམ་དུ་སྐྲུན།”ཞེས་པའི་བྱ་བའི་སྤྱི་ཁོག་བཀོད་སྒྲིག་ལ་ཡང་ཡང་བལྟ་བསྡུར་བྱེད་བཞིན་སྔར་ཡོད་དཔེ་སྟོན་ས་གནས་ཀྱི་རྨང་གཞིའི་སྟེང་དུ། ད་ལོའི་ལོ་སྟོད་ཀྱི་སྐབས་ལ་མ་དངུལ་སྒོར་ཁྲི45གཏོང་འཇོག་བྱས་ནས་དཔེ་སྟོན་ས་གནས5ཙམ་འཛུགས་སྐྲུན་བྱས་ཤིང་། དཔེ་སྟོན་གྱིས་ཏང་རྩ་འཛུགས་སོ་སོར་སྐུལ་ཁྲིད་བྱས་ནས་ལོ་འདིའི་ནང་དུ་གཅིག་བསྡུས་སྒོས་དཔེ་སྟོན་ས་གནས24ཙམ་འཛུགས་སྐྲུན་བྱས། ཏང་ཡོན་ལས་བྱེད་པས་ཧུར་ཐག་གིས་ཞབས་འདེགས་ཞུ་སྟངས་བསྒྱུར་ནས། “སྒུག་སྡོད་རྣམ་པའི་ཞབས་ཞུ”ནས“སྒོ་ཁར་བསྐྱོད་ནས་ཞབས་ཞུ་སྒྲུབ་པའི་རྣམ་པ”ལ་བསྒྱུར་པ་དང་། དེ་ནས་རེ་རེ་བཞིན་ཞིབ་བཤེར་རྒྱུས་ལོན་བྱས་ནས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་དགོས་མཁོའི་རྩིས་ཁྲ་ཞིབ་ཐོ་བཟོ་བ་དང་། དགོས་མཁོ་དང་འབྲེལ་གནས་རོགས་སྐྱོར་ལས་ཁུངས་ཀྱི་འབྲེལ་འཛུགས་ལ་དམིགས་འབེན་གཏད་ནས་རོགས་སྐྱོར་གྱི་རྩིས་ཁྲ་ཞིབ་ཐོ་བཟོ་བ། དེ་ནས་ཡང་བསྐྱར་ཏང་ཡོན་ཡོངས་རྫོགས་ཀྱིས་ངོས་འཛིན་རྩིས་ལེན་བྱས་ཏེ་ཞབས་ཞུ་ཁས་ལེན་གྱི་རྩིས་ཁྲ་ཞིབ་ཐོ་བཟོ་བ་སོགས་ཀྱི་ཐབས་ལམ་གང་མང་སྤྱད་པ་བརྒྱུད་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་ཤུགས་སྔར་ལས་མཐོར་འདེགས་བྱས།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།