མཚོ་བྱང་ཁུལ་གྱི་བརྗོད་དོན་སློབ་གསོའི་དྲིལ་སྒྲོག་བྱ་བར་གསོན་ཉམས་དོད་པོ་ལྡན།
2019.10.24 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 29

 “ཐོག་མའི་བསམ་འདུན་མི་བརྗེད་པར།། འགན་འཁྲི་ཡིད་ལ་བརྟན་པོར་བཅངས”པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་ཆེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་སྨྱན་བྱད་ཆེ་གྲས་ཁག་དང་མཐུན་བྱད་འབྲེལ་གཏུག་བྱེད་པ། སྨྱན་བྱད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཧུར་ཐག་གིས་སྟོབས་ཤུགས་སྒྲིག་འཛུགས་བྱེད་པ། ལེ་ཚན་ཇུས་འགོད་བྱེད་པ། འབྲེལ་ཡོད་གསར་འགྱུར་འདོན་པ། འབྲེལ་ཡོད་ཀྱི་དཔེ་མཚོན་ལ་བརྟེན་ནས་མཚོ་བྱང་ཁུལ་གྱི་བརྗོད་དོན་སློབ་གསོ་ཁྱོན་ཡོངས་དང་། དུས་ཐོག་ཏུ་སྤེལ་བ། གསོན་ཉམས་ལྡན་པའི་སྒོ་ནས་མཚོ་བྱང་ཁུལ་གྱི་བརྗོད་དོན་སློབ་གསོ་ཕྱོགས་ཡོངས་དང་དུས་ཐོག་ཏུ་དྲིལ་བསྒྲགས་འཕྲིན་སྤེལ་བྱས་ཏེ་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན།

མཚོ་བྱང་ཁུལ་གྱིས“ཐོག་མའི་བསམ་འདུན་མི་བརྗེད་པར།། འགན་འཁྲི་ཡིད་ལ་བརྟན་པོར་བཅངས”པའི་བརྗོད་དོན་སློབ་གསོའི་བྱེད་སྒོར་དམིགས་ཏེ་དྲིལ་བསྒྲགས་ཇུས་གཞི་ནན་ཏན་དང་། དྲིལ་བསྒྲགས་ཀྱི་ནང་དོན་ཞིབ་ཚགས་སུ་བཏང་ནས། དྲིལ་བསྒྲགས་ཀྱི་གཙོ་གནད་དང་དྲིལ་བསྒྲགས་བྱེད་སྟངས་ཇུས་འགོད་བྱས་ཏེ། ཁུལ་རིམ་པའི་སྨྱན་བྱད་དང་རྫོང་རིམ་པའི་སྨྱན་བྱད་དུ་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་བཅས་ཀྱི་གལ་ཆེའི་རིགས་གཅིག་སྡུད་ཐོག་དྲིལ་བསྒྲགས་བྱེད་པ། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་སློབ་སྦྱོང་དང་སློབ་གསོའི་འཕེལ་རིམ། བྱེད་ཐབས། ཕན་འབྲས་བཅས་དུས་ཐོག་ཏུ་སྤེལ་བ། ལས་ཁུངས་ཁག་དང་སྡེ་ཁག་ཁག་གི་བྱེད་ཐབས་བཟང་པོ་དང་སྔོན་ཐོན་དཔེ་མཚོན་དུས་ཐོག་ཏུ་སྤེལ་བ། གླེང་ཕྱོགས་དྲིལ་བསྒྲགས་ཀྱི་ཟིལ་ཤུགས་དྲག་པོ་ཆགས་པར་བྱེད་པ། བརྗོད་དོན་སློབ་གསོ་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་བསྐྲུན་པ། སློབ་སྦྱོང་དང་སློབ་གསོ་སྔར་ལས་དོན་དངོས་དང་ཉེ་བ། དངོས་གཉེར་ནུས་ལྡན། སེམས་སུ་ཟུག་པ་བཅས་བྱས་ཏེ་ཕན་འབྲས་ངོ་མ་ཐོབ་པར་ཁྲིད་སྟོན་བྱས།

ནང་དོན་གསར་གཏོད་དང་། ཟུང་འབྲེལ་ནོར་མེད་འཚོལ་བ། བརྗོད་དོན་སློབ་གསོའི་བྱེད་སྒོའི་ཕན་འབྲས་མངོན་པ་བཅས་བྱ་ཆེད། མཚོ་བྱང་ཁུལ་དྲིལ་བསྒྲགས་སྡེ་ཁག་གིས་གསར་འགོད་པ་ཁག་གཅིག་སྒྲིག་འཛུགས་བྱས་ཏེ་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་བཅར་འདྲི་དང་འཕྲིན་སྤེལ་བྱས་ནས་སློབ་སྦྱོང་གི་རྣམ་པ་བཟང་བོ་དང་གུང་ཁྲན་ཏང་ཡོན་གྱི་རྣམ་པ་བཟང་བོ་བཏོད་ཡོད། 《བཞུད་སྔ་བའི་སྐྱེས་མ་མཱ་ཅིན་ལེན།》སོགས་ཕུལ་བྱུང་གི་རྩོམ་ཡིག་སྐོར་ཞིག་བྲིས་ནས། ལས་ཡུལ་དང་པོར་བསྐྱོད་པ་དང་བརྙན་མིག་མི་སེར་ལ་གཏད་པ། ལས་ཡུལ་དང་པོར་བཅར་འདྲིར་བསྐྱོད་པ་དང་ཉེ་འགྲམ་གྱི་བྱ་བ་བསྒྲུབས་ཏེ་གསོན་ཉམས་དོད་པའི་དཔེ་མཚོན་ཐོག་ནས་བརྗོད་དོན་སློབ་གསོའི་ཕན་འབྲས་མཚོན་པར་བྱས་པ་རེད། སྔ་རྗེས་སུ་མཚོ་བྱང་སྨྱན་གསར་གྱིས་ཁུལ་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་རྩོམ་སྒྲིག་བྱས་པའི《མཚོ་བྱང་ཁུལ་གྱི་བརྗོད་དོན་སློབ་གསོའི“གཏམ་རྒྱུད་ཐུང་ངུ”》ཞེས་པ་དང་མཚོ་བྱང་ཁུལ་གྱི་བརྗོད་དོན་སློབ་གསོའི་ཕྲེང་བསྟར་ལེ་ཚན་གཏོང་སྤེལ་བྱས་ཤིང་། མིག་སྔར་མཚོ་བྱང་ཁུལ་གྱི་བརྗོད་དོན་སློབ་གསོའི“གཏམ་རྒྱུད་ཐུང་ངུ”ཐེངས་བཞི་དང་ཕྲེང་བསྟར་ལེ་ཚན་ཐེངས་བཅུ་གཉིས་བཀོད་ཡོད། དེ་དང་ཆབས་ཅིག བརྗོད་དོན་སློབ་གསོའི་བྱེད་སྒོའི་བཀྲག་མདངས་འཚེར་ས་དང་གསོན་ཉམས་ལྡན་པའི་རྒྱུ་ཆ་དམ་འཛིན་བྱས་ཏེ་ནན་ཏན་གྱིས་བཅར་འདྲི་དང་། རྣམ་པ་སྣ་མང་། མང་ཚོགས་དང་འབྲེལ་འདྲིས་ཀྱི་སྐད་ཆ་བཅས་ཀྱི་ཐོག་ནས་ཏང་ཡོན་ལས་བྱེད་པས་དམངས་ཀྱི་ཆེད་དང་། དམངས་ལ་དགའ་བ། དམངས་ལ་བརྩེ་བའི་སྣང་བརྙན་བཟང་པོ་བསྐྲུན་པ་རེད། 《རྐང་ཚ་རྩྭ་ཐང་གི་བུ་རྒོད་པོ—རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཞང་གཉའ་གོང་མ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ལུང་བྷོ་ལ་དྲན་གསོ་ཞུ་བ》སོགས་ཀྱི་རྩོམ་ཡིག་ཡག་པོ་ཁག་གཅིག་སྤེལ་བ་དང་། མཚོ་བྱང་བརྙན་འཕྲིན་ལས་ཁུངས་ཀྱིས་བརྗོད་དོན་སློབ་གསོའི་དུས་མཚམས་ཁག་གི་བཀོད་སྒྲིག་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་དུས་ཐོག་ཏུ《མཚོ་བྱང་གསར་འགྱུར》གྱི་ལེ་ཚན་ནང《“ཐོག་མའི་བསམ་འདུན་མི་བརྗེད་པར།། འགན་འཁྲི་ཡིད་ལ་བརྟན་པོར་བཅངས”པའི་བརྗོད་དོན་སློབ་གསོ་སྤེལ་སྐབས》དང་། 《ཞི་ཅིན་ཕིང་གི“ཐོག་མའི་བསམ་འདུན་མི་བརྗེད་པར།། འགན་འཁྲི་ཡིད་ལ་བརྟན་པོར་བཅངས”པའི་སྐོར་གྱི་གསུང་བཤད་གལ་ཆེན་གནད་བསྡུས》 《“ཐོག་མའི་བསམ་འདུན་མི་བརྗེད་པར།། འགན་འཁྲི་ཡིད་ལ་བརྟན་པོར་བཅངས”པའིབརྗོད་དོན་སློབ་གསོའི་ཐད་ངེས་པར་ཤེས་དགོས་པའི་དྲི་བ་དང་དྲིས་ལན》སོགས་ཆེད་བསྒྲིགས་ལེ་ཚན་གསུམ་སྒྲིག་ནས། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོའི་བརྗོད་དོན་སློབ་གསོའི་ཁྲོད་ཀྱི་གནས་ཚུལ་གསར་ཤོས་གཅིག་སྡུད་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་བརྗོད་དོན་སློབ་གསོའི་འབྲེལ་ཡོད་ཤེས་བྱ་ཤེས་སུ་བཅུག

རྣམ་པ་གསར་གཏོད་དང་ཉེ་བཅར་རང་བཞིན་ཆེ་རུ་བཏང་ནས་སྒྲོག་སྤེལ་གྱི་ཕན་འབྲས་ཡག་ཤོས་ཐོབ་པར་བྱ་དགོས། ཁུལ་རིམ་པའི་སྨྱན་བྱད་ཁག་གིས་གསར་འགྱུར་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་རྫོང་དང་། ཞང(གྲོང་རྡལ)་སོ་སོས་བརྗོད་དོན་སློབ་གསོའི་བྱེད་སྒོ་སྤེལ་བར་ཕྱོགས་ཡོངས་དང་། ཟུར་མང་བ་བཅས་ཀྱི་རྣམ་པས་དྲིལ་བསྒྲགས་བྱས་པ་རེད། 《མཚོ་བྱང་ས་ཁུལ་ཁག་གི་གསར་གཏོད་བྱེད་སྟངས་དང་བྱེད་ཐབས་ལ་བརྟེན་ནས་བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་བ》དང་། 《ཆུ་མིག་གྲོང་རྡལ་གྱི“དོ་སྣང་ཆེན་པོ་གསུམ”ལ་དམ་འཛིན་ཏན་ཏིག་བྱས་ཏེ“ཐོག་མའི་བསམ་འདུན་མི་བརྗེད་པར།། འགན་འཁྲི་ཡིད་ལ་བརྟན་པོར་བཅངས”པའི་བརྗོད་དོན་སློབ་གསོ་རྒྱུན་མཐུད་ངང་སྤེལ།》《མདོ་ལའི“སློབ་སྦྱོང+”བརྗོད་དོན་སློབ་གསོ་ལ་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ།》 《ཚ་ཚ་འུར་འུར་གྱི་རྐ་ཆུ་སྡེ་བ》 《སྔོན་ཐོན་ལ་ཕྱོགས་པའི་འགན་འཁྲི་འཁུར་ཕོད་པ་སྟེ། ཧེ་ཡན་རྫོང་གིས་རྫོང་རིམ་པའི་མགོ་ཁྲིད་ཚན་ཁག་གི“རྐུབ་སྟེགས་ཚོགས་འདུ”》རྩོམ་ཡིག་སོགས་སྤེལ་བའི་དུས་མཚུངས་སུ། རྣམ་པ་སྣ་མང་སྤྱད་དེ་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་གཅིག་སྡུད་ཐོག་བརྗོད་དོན་སློབ་གསོའི་ལག་ལེན་ཁྲོད་ཞུགས་པར་སྣེ་ཁྲིད་བྱས།

ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་ཤུགས་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་བཏང་ནས། གླེང་ཕྱོགས་དང་དྲིལ་བསྒྲགས་བྱེད་ཤུགས་མཐོ་རུ་གཏོང་བ། མཚོ་བྱང་ཁུལ་གྱིས་ནང་ཁུལ་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི་སྐར་ཁུང་ལ་བརྟེན་ནས། མཚོ་སྔོན་ཉིན་རེའི་ཚགས་པར་དང་མཚོ་སྔོན་བརྙན་འཕྲིན་ཁང་། མཚོ་སྔོན་གསར་འགྱུར་དྲ་བ། ནུབ་མཚོའི་གྲོང་ཁྱེར་ཚགས་པར་སོགས་ཞིང་ཆེན་གྱི་སྨྱན་བྱད་ཐོག་མཚོ་བྱང་ཁུལ་གྱི་བརྗོད་དོན་སློབ་གསོའི་ཁྱད་ཆོས་གཙོ་བོ་དྲིལ་བསྒྲགས་བྱས་པ་རེད། མཚོ་སྔོན་ཉིན་རེའི་ཚགས་པར་སྟེང《མིན་ཡོན་རྫོང་གི“མཚན་སྦྱོང་འཛིན་གྲྭ”དེ་བརྗོད་དོན་སློབ་གསོའི་གཞི་རྟེན་གལ་ཆེན་དུ་གྱུར་པ》ཞེས་པ་དང་། མཚོ་སྔོན་གསར་འགྱུར་དྲ་བའི་སྟེང《“ཐོག་མའི་བསམ་འདུན་མི་བརྗེད་པར། གཅེས་སེམས་ལྡན་ལ་མཉམ་དུ་སྐྱོད་པའི།”བརྩམས་ཆོས་གྱེར་འདོན་ཚོགས་འདུ་མཚོ་བྱང་དུ་འཚོགས་པ》ཞེས་པ། ནུབ་མཚོའི་གྲོང་ཁྱེར་ཚགས་པར་སྟེང《ཆི་ལེན་རྫོང་གི་ནུས་ཤུགས་ཡོད་རྒུས་ཁ་ཆར་བུ་ཡུག་ལ་འགོག་རྒོལ་དང་ཤར་བགྲོད་ལ་འགན་སྲུང་བྱེད་པ》ཞེས་པ། མཚོ་སྔོན་གསར་འགྱུར་མཉམ་སྒྲོག་སྟེང《མཚོ་བྱང་ཁུལ་གྱི“ཐོག་མའི་བསམ་འདུན་མི་བརྗེད་པར།། འགན་འཁྲི་ཡིད་ལ་བརྟན་པོར་བཅངས”པའི་བརྗོད་དོན་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ》སོགས་ཀྱི་རྩོམ་ཡིག་སྤེལ་ཞིང་། མཚོ་བྱང་ཁུལ་གྱིས་བརྗོད་དོན་སློབ་གསོའི་བྱེད་སྒོ་སྤེལ་བའི་ཁྱད་ལྡན་བྱེད་ཐབས་དང་ཕན་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས་པ་རེད།

གཞན་ཡང་། 《མདོ་ལ་ཚགས་པར》དང་། མཚོ་བྱང་བརྙན་འཕྲིན་ཁང་། མཚོ་བྱང་སྨྱན་གསར། ཨ་མདོ་སྨྱན་གསར། གསེར་མདོག་གི་འཇུ་ལག མདོ་ལར་སྐྱོད་པ། རྐང་ཚ་རྫོང་གསར་འགྱུར་ལྟེ་གནས། དག་སྣང་གི་མདའ་བཞིའི་དྲ་བ་སོགས་ཀྱི་འཕྲིན་སྟེགས་བརྒྱུད་དེ། ཁུལ་ཏང་ཨུའི་ལྟེ་བའི་ལས་དོན་དང་ཟུང་འབྲེལ་གྱིས་སྣང་བརྙན་བཞེངས་སྐྲུན་དང་ཕུན་སུམ་ཚོགས་པའི་སློབ་སྦྱོང་གི་ཐོན་ཁུངས་རྒྱུད་སྐུར་དང་སྒྲིག་བཟོ་བྱས་པའི་དུས་མཚུངས་སུ། སློབ་སྦྱོང་གི་ནང་དོན་དུས་ཐོག་ཏུ་ཏང་ཡོན་ཡོངས་ཀྱིས་དྲ་ལམ་ནས་རང་བརྟེན་སློབ་སྦྱོང་དང་མཉམ་འགུལ་སྤེལ་རེས་བྱེད་པར་སྣེ་ཁྲིད་བྱས་ཏེ་སློབ་སྦྱོང་སློབ་གསོའི་ཁྱབ་རྒྱ་ཆེ་རུ་བཏང་།

བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱིས“ཐོག་མའི་བསམ་འདུན་མི་བརྗེད་པར།། འགན་འཁྲི་ཡིད་ལ་བརྟན་པོར་བཅངས”པའི་བརྗོད་དོན་སློབ་གསོ་སྤེལ་ཚུན་དུ། མི་དམངས་ཉིན་རེའི་ཚགས་པར་དང་མི་དམངས་དྲ་བ། ཞིན་ཧྭ་དྲ་བ། ཀྲུང་དབྱང་གི་རྒྱང་སྒྲོག་བརྙན་འཕྲིན་ཁང་སོ་སོ། གསར་འགྱུར་མཉམ་སྒྲོག་སོགས་ཀྲུང་དབྱང་གི་སྨྱན་བྱད་གྱི་སྟེང་དུ་མཚོ་བྱང་ཁུལ་གྱིས“ཐོག་མའི་བསམ་འདུན་མི་བརྗེད་པར།། འགན་འཁྲི་ཡིད་ལ་བརྟན་པོར་བཅངས”པའི་བརྗོད་དོན་སློབ་གསོའི་འབྲེལ་ཡོད་རྩོམ་ཡིག46སྤེལ་ཡོད་ལ། མཚོ་སྔོན་ཉིན་རེའི་ཚགས་པར་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། མཚོ་སྔོན་གསར་འགྱུར་དྲ་བ། མཚོ་སྔོན་གསར་འགྱུར་མཉམ་སྒྲོག་སོགས་ཞིང་ཆེན་གྱི་སྨྱན་བྱད་སྟེང་མཚོ་བྱང་ཁུལ་གྱིས་བརྗོད་དོན་སློབ་གསོའི་རྩོམ་ཡིག112སྤེལ་ཡོད། ཁུལ་རིམ་པའི་ཚགས་པར་དང་དུས་དེབ། དྲ་ཚིགས། གསར་འགྱུར་སྟེགས་བུ་བཅས་སུ་རྩོམ་ཡིག1089སྤེལ་ཡོད། ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་བཅས་ཀྱི་སྨྱན་བྱད་ཆེ་གྲས་ཁག་ཏུ་ཁྱོན་བསྡོམས་རྩོམ་ཡིག1247སྤེལ་ཡོད་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།