ཧེ་ཡན་རྫོང་གིས“ཐབས་གསུམ་མཉམ་སྤྱོད”བྱས་ནས་ཏང་ཡོན་དཔུང་སྡེའི་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་།
2019.11.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་ཤུགས་མཐོར་འདེགས་གཏོང་བའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་གྱི་ཁྱབ་ཁོངས་གཙོ་བོ་དག་གཞི་གཅིག་ཏུ་བསྡུས་ཤིང་།“ཏང་ཡོན་གདོང་ལེན”གྱི་བཟོ་འགོད་ཤུགས་ཆེན་པོས་ལག་བསྟར་བྱས་པར་བརྟེན་ནས། གཞི་རིམ་ཏང་འཛུགས་ཀྱི་བྱ་བ་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་བྱས་པ་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པ་ཞིག་སྣེ་དྲངས་ཏེ་སྐུལ་འདེད་བྱས་པ་རེད།

ཏང་ཡོན་འཕེལ་རྒྱས་གཏོང་བའི་མགོ་ཁུངས་དོ་དམ་ཤུགས་ཆེར་གཏོང་བར་དམིགས་ཏེ། “མགོ་ཁུངས་སྤུས་འདེགས”དང“མྱུག་འདེམ་མྱུག་གསོ”ཡི་བཟོ་འགོད་ལག་བསྟར་བྱས་པ་དང་། དངོས་གནས་ཆབ་སྲིད་ཀྱི་ཚད་གཞི་དེ་གཙོ་གནས་སུ་བཞག་པར་མ་ཟད། 《ཧེ་ཡན་རྫོང་གིས་ཏང་ཡོན་སྡུད་པའི་བྱ་བའི་རིམ་པ་ལྟར་དོ་དམ་ལག་བསྟར་བྱེད་ཐབས〈ཚོད་ལྟའི་ལག་ལེན〉》གཏན་འབེབས་བྱས་ཡོད་པས། སྔར་ལས་ལྷག་པར་ཏང་ཡོན་སྡུད་པའི་སྙན་སེང་ཐོ་འགོད་ཞིབ་བཤེར་དང་གཉེན་ཉེ་རྩ་ལག་སྙན་ཞུ་སོགས་ཀྱི་ལམ་ལུགས་ཚད་ལྡན་དུ་བཏང་བ་དང་། ཏང་ཡོན་སྡུད་པའི་དོན་ཚན་གལ་ཆེན་སྙན་ཞུ་དང་བརྒྱུད་རིམ་ཧྲིལ་པོ་ཟིན་ཐོར་འགོད་པ། སྤུས་ཚད་རྗེས་སུ་འབྲངས་ནས་ཚད་ལེན་དཔྱད་བསྡུར་གདེང་འཇོག་བྱེད་པ་སྔར་ལས་གཟབ་ནན་དུ་བཏང་ཡོད། ཏང་ཡོན་དཔུང་སྡེའི་གྲུབ་ཚུལ་ལེགས་བཅོས་བྱེད་པར་དམིགས་ནས་བསམ་བློ་གཏོང་བ་དང་། ལོ་ན་གཞོན་པའི་རོང་འབྲོག་པའི་ཏང་ཡོན་སྡུད་པ་གཙོ་གནད་དུ་བཟུང་ནས། རོང་འབྲོག་པའི་ཏང་ཡོན“མྱུག་འདེམ།  མྱུག་གསོ། མྱུག་གཙབ”བཅས་བྱེད་རྒྱུ་ཤུགས་ཆེར་བཏང་ཞིང་། སྡེ་བ་རེ་རེར་ཏང་ཞུགས་ཧུར་བརྩོན་ཅན་ཆ་སྙོམས་ཀྱིས3ཡན་ཆད་དུ་སླེབས་པར་བྱས་ཡོད་པ་དང་། ཕུལ་དུ་བྱུང་བའི་ན་གཞོན་རོང་འབྲོག་པའི་ཏང་ཡོན1ཙམ་རེ་སྡུད་ལེན་བྱས་ཡོད་པས་ན། གཞི་རིམ་ས་ཆ་ནས་ཏང་ཡོན་སྡུད་པའི “མགོ་ཁུངས་ཀྱི་ཆུ་རྒྱུན”འབབ་པ་མཚམས་མི་ཆད་པར་ཁག་ཐེག་ནན་མོ་བྱས་ཡོད།

ཏང་ཡོན་དཔུང་སྡེ་ཇེ་དྲག་ཏུ་གཏོང་བའི་དོ་དམ་ལྟ་སྐུལ་ལ་དམ་པོར་དམིགས་ཏེ། སྔར་ལས་ལྷག་པར་ཏང་ཡོན་གྱི“གདོང་ལེན་སྟོན་གྲངས”དཔྱད་བསྡུར་གདེང་འཇོག་གི་དོ་དམ་བྱེད་ཐབས་གང་ཞིག་གཏན་འབེབས་དང་འཐུས་ཚང་བཟོས་ཤིང་། ཏང་ཡོན་གྱིས་ཁས་ལེན་དམ་བཅའ་འཇོག་པ་དང་རང་ཉིད་ཀྱིས་གདེང་འཇོག་བྱེད་པ། ཏང་ཡོན་ཕན་ཚུན་བར་དཔྱད་བསྡུར་གདེང་འཇོག་བྱེད་པ།དམངས་གཙོའི་ཚད་ལེན་གདེང་འཇོག་བྱེད་པ། ཀྲི་པུའུ་ཡིས་ཕྱོགས་བསྡུས་གདེང་འཇོག་བྱེད་པ། གོང་རིམ་ཏང་རྩ་འཛུགས་ཀྱིས་ཞིབ་བཤེར་བྱེད་པ། མཇུག་འབྲས་མངོན་གསལ་ཡོངས་བསྒྲགས་བྱེད་པ་བཅས་ནང་དོན་གཙོ་བོ་ཡིན་པའི་ཏང་ཡོན་དཔྱད་བསྡུར་གདེང་འཇོག་གི“ཁས་ལེན་གཅིག་གདེང་འཇོག་བཞི་ཞིབ་བཤེར་གཅིག་ཡོངས་བསྒྲགས་གཅིག”ཅེས་པའི་ནང་རྐྱེན་སྲོལ་བཟང་བཙུགས་ཡོད། ཁྱད་པར་དུ་སྐོར་སྐྱོད་ཏང་ཡོན་དོ་དམ་བྱེད་པའི་ཕྱོགས་སུ། རིམ་པ་སོ་སོའི་འཕྲིན་ཕྲན་ཚོགས་པ་བེད་སྤྱོད་བྱས་ནས། སྐོར་སྐྱོད་ཏང་ཡོན་གྱི་བསམ་བློའི་སློབ་གསོ་ཟླ་རེར་ཞུ་འབུལ་བྱེད་པའི་ལམ་ལུགས་དང་རྩ་འཛུགས་བྱ་བ་དུས་ཚིགས་རེར་ཞུ་འབུལ་བྱེད་པའི་ལམ་ལུགས་ཀྱང་བཙུགས་པ་རེད། དེ་ནས “གསར་པ་གཉིས”ཀྱི་ཏང་འཛུགས་སྐྲུན་དང་ཟུང་དུ་སྦྲེལ་ནས། དཔལ་འབྱོར་ཚོང་དོན་དང་སྡོད་ཁང་འཛུགས་སྐྲུན། ཚོང་ཁྲོམ་ལྟ་སྐུལ་ལ་སོགས་སྡེ་ཁག་གི་གཙོ་འགན་གཙོ་ལས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། སྔར་ལས་ལྷག་པར“ཁུག་མའི་ཏང་ཡོན་མཉམ་འབྲེལ་ཞིབ་བཤེར། མཉམ་འབྲེལ་གསོ་སྐྱོང་མཉམ་འབྲེལ་དོ་དམ། ཤུན་སྟོང་ཀྲི་པུའུ་དུས་བཅད་རིམ་བཤེར”ལ་སོགས་པའི་ནང་རྐྱེན་འཐུས་ཚང་དུ་བཏང་ཡོད།

ཏང་ཡོན་གདོང་ལེན་བཟོ་འགོད་གཏིང་ཟབ་ཏུ་སྤེལ་བར་དམིགས་ནས། རོང་འབྲོག་ཁུལ་གྱི་ཏང་ཡོན་རྣམས་ཀྱིས་ཕྱུག་བསྒྱུར་ཕྱུག་ཁྲིད་བྱེད་པའི་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱེད་དགོས་པའི《བསམ་འཆར》བཏོན་པ་དང་། རོང་འབྲོག་པའི་ཏང་ཡོན་གྱི“སྣེ་ཁྲིད་ལྔ”ཡི་བྱ་འགུལ་ཡང་གཏིང་ཟབ་ཏུ་སྤེལ་བ་རེད། སྡེ་ཁུལ་དུ“ ཏང་ཡོན་མང་ཚོགས་ཀྱིས་དཔལ་ཡོན་འཆམ་མཐུན་བདེ་སྐྱིད་ལྡན་པའི་སྡེ་ཁུལ་མཉམ་སྐྲུན་བྱེད་པ”དེ་ཐེག་བྱད་བྱས་ཏེ།“དམངས་ལྔས་བཞི་ཁྲིད ”དང“བདུན་འབྲེལ་བདུན་མཉམ ”ལ་སོགས་པའི་ནུས་ལྡན་བྱེད་ཐབས་རབ་དང་རིམ་པ་ནན་ཏན་གྱིས་སྤྱི་སྡོམ་བྱས་པར་མ་ཟད་གཏིང་ཟབ་ཀྱིས་ཁྱབ་གདལ་དུ་སྤེལ་བ་རེད། ལས་ཁུངས་ཀྱི་དོན་ལས་སྡེ་ཚན་དུ“ འགན་འཁྲི་བཞི་དམ་འཛིན་གསུམ་དག་ཐེར་བཅོས་སྐྱོང་གཅིག”ཅེས་པ་འབུར་དུ་ཐོན་པར་བྱས་ནས། མུ་མཐུད་དུ“ལྷང་ངེ་ས་གསུམ་བསྡུར་བ་གསུམ་དཔྱད་འདེམ་གསུམ ” སོགས་ཀྱི་བྱ་འགུལ་སྤེལ་བཞིན་ཡོད་པ་རེད། །

                                                རྩོམ་སྒྲིག་པ། གཡང་འབུམ་རྒྱལ།