​ཞིང་ཆེན་ཡོངས་ཀྱི་བུད་མེད་བྱ་གཞག་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་བ།
2019.11.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 50

གཙང་གསུམ་འབྱུང་ཡུལ་བུད་མེད་བདེ་ཐང་འོས་འགན་ནད་བཅོས་བྱ་འགུལ་ཆུ་དམར་ལེབ་རྫོང་དུ་འཚོགས་པ།

འབྲི་སྟོད་རྫོང་མ་བུ་བདེ་སྲུང་སྨན་ཁང་གི་སྨན་པས་གྲོགས་པོ་ཆུང་ཆུང་ལ་ཁབ་རྒྱག་བཞིན་པ།

“མི་གཅིག་གིས་བཅུའི་སྣེ་ཁྲིད་པ་དང་མི་བཅུ་ཡིས་བརྒྱ་སྣེ་ཁྲིད་པ། མི་བརྒྱ་ཡིས་སྟོང་གིས་སྣེ་ཁྲིད་པའི”བཟོ་སྐྲུན་གཏིང་ཟབ་སྒོས་ལག་བསྟར་བྱ་ཆེད། “བུད་མེད་ཀྱི་ལས་སྐྲུན་གསར་སྐྲུན་བྱ་འགུལ”དང“བུད་མེད་ཀྱི་དབུལ་སྐྱོར་བྱ་འགུལ།”“བུད་མེད་ཀྱི་ཞིང་སྡེའི་དར་སྤེལ་བྱ་འགུལ”བཅས་རང་རང་གི་ཁྱད་ཆོས་ཡོད་པའི་བྱ་འགུལ་སྤེལ་བ་དང་།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་བཅུག་སྟེ། བུད་མེད་ཀྱི་བྱ་གཞག་དང་བུད་མེད་ཀྱི་ལས་དོན། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་བཅོས་སྒྱུར་ལ་ཚད་མཐོའི་མཐོང་ཆེན་བྱས་པས། ཞིང་ཆེན་ཡོངས་ཀྱི་བུད་མེད་བྱ་གཞག་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཡར་རྒྱས་གསར་པ་བྱུང་བ་དང་འཕེལ་རྒྱས་གསར་པ་བྱུང་ཡོད།

བུད་མེད་ནི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་དང་། ཁྱིམ་ཚང་དཔལ་ཡོན་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་ཏང་གི་མང་ཚོགས་ཚོགས་པའི་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་གི་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་སྒྱུར་ཇུས་གཞི》སོགས་དང་། 《མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་གི་དྲག་ཤུགས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》བཅས་ས་གནས་ཀྱི་ཁྲིམས་འཛུགས་རྣམ་གྲངས་ནང་བཅུག་ནས་བུད་མེད་ཀྱི་བདེ་ཐང་དང་སློབ་གསོ། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ནང་དོན་སྔ་རྗེས་སུ་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་དམངས་འཚོའི་དོན་དངོས་ནང་བཅུག་ནས་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ནང་བཅུག་སྟེ། བུད་མེད་འཕེལ་རྒྱས་དང་ཁེ་དབང་སྲུང་སྐྱོང་ཁྲོད་ཀྱི་མངོན་གསལ་ཡིན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད།

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ནན་ཏན་སྒོས་ཕོ་མོ་འདྲ་མཉམ་སོགས་ཀྱི་གཞི་རྩའི་རྒྱལ་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ།《མཚོ་སྔོན་ཞིང་ཆེན་གྱི་བུད་མེད་འཕེལ་རྒྱས་འཆར་འགོད(2011ལོ་ནས་2020ལོ་བར)》ནུས་ལྡན་ངང་ལག་བསྟར་བྱས་པ་དང་། བུད་མེད་ཀྱི་རྒྱུན་མཐོང་ནད་ལ་བརྟག་ཚད་མཐོ་རུ་བྱིན་པ། བུད་མེད་ཀྱི་སློབ་གསོ་མྱོང་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ། འོས་འགན་སློབ་གསོའི་དུས་རིམ་གྱི་ཕོ་མོའི་ཁྱད་པར་ཕལ་ཆེར་མེད་པར་གྱུར་པ། བུད་མེད་ཀྱི་ལས་སྐྲུན་ལས་ཞུགས་ཐབས་ལམ་མང་དུ་སོང་པ། མཁར་གྲོང་གི་བུད་མེད་ཀྱི་སྤྱི་ཚོགས་འགན་ལེན་ཆུ་ཚད་ཤུགས་ཆེན་པོའི་ཇེ་མཐོར་གྱུར་བ། བུད་མེད་ཀྱི་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་སོང་བ། བུད་མེད་ཀྱི་སྣ་མང་ཅན་དང་རིམ་པ་མང་བའི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་པས། བུད་མེད་རྣམས་ཞིང་སྡེ་བཅོས་སྐྱོང་དང་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན། དཔལ་ཡོན་ཞང་སྲོལ་གསོ་སྐྱོང་སོགས་ཀྱི་ཐད་ཟབ་ཞུགས་བྱས་པའི་ནུས་པ་ཉིན་རེ་བཞིན་མངོན་གསལ་དུ་འགྱུར་བཞིན་ཡོད། ཞིང་ཆེན་ཡོངས་སུ་གསུམ་བརྒྱད་དར་དམར་མཉམ་སྡེབ་དང་བུད་མེད་ཀྱི་ཤེས་དཔལ་ལས་གནས། བུད་མེད་ཀྱི་བྱས་རྗེས་སྔོན་ཐོན་སྡེ་ཚོགས་སུམ་བརྒྱ་ང་བརྒྱད་དང་། གསུམ་བརྒྱད་དར་དམར་བ་དང་བུད་མེད་བྱས་རྗེས་འཇོག་མཁན་དཔེ་བཟང་མི་སྣ་ལྔ་བརྒྱ་སོ་དགུ་བཅས་ཡོད་པ་དང་། རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བའི་དཔེ་དམག་དང“མཐོ་སྒང་གི་དཔེ་ལེགས་དམག་དཔུང་སྨན་པ”ཧི་མིན། རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ་དང“རྒྱལ་ཡོངས་ཀྱི་དཔེ་ཁྲིད་མིག་དཔེའི་མི་སྣ”གཡང་མོ་སྐྱིད་སོགས་ཀྱིས་ཚབ་བྱས་པའི་ཕུལ་བྱུང་བུད་མེད་སྐོར་ཞིག་གིས་དུས་རབས་ལ་ངོ་གནོང་མི་དགོས་པའི་འོད་སྟོང་འཕྲོ་རུ་བཅུག་ཡོད།

མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་གི་སྡོད་ཁུལ་དང་། བུད་མེད་མང་ཚོགས་ནས་མགོ་བརྩམས་ཏེ། “བུད་མེད་ཁྲི་སྟོང་མང་པོའི་སྒྲོག་འགྲེལ་ཆེན་མོའི་བྱ་འགུལ”གཏིང་ཟབ་སྤེལ་བ་དང་། དྲ་ཐོག་དང་ཡུལ་དངོས་སུ“སྤྱི་ཁྱབ་ཧྲུའུ་ཅིར་འཕྲིན་བཟང་བསྐུར་བ”དང་། “ཏང་གི་བུ་མོས་ཐོག་མའི་བསམ་འདུན་བརྗོད་པ།”“བདེ་སྐྱིད་ལྡན་པའི་འཚོ་བ་གང་བྱུང་དུ་པར་ལེན་པ”སོགས་ཀྱི་བྱ་འགུལ་སྤེལ། དེ་དང་ཆབས་ཅིག དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་དམ་པོར་དམིགས་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་བའི་རྨང་གཞིའི་སྟེང་། བུད་མེད་ཀྱི་ལས་སྐྲུན་འགན་ལེན་དངུལ་བུན་སྒོར་དུང་ཕྱུར་བརྒྱད་བྱིན་པ་དང་། རྒྱལ་སྤྱིའི་ཞིང་སྤེལ་ཐེབས་རྩའི་བུད་མེད་ཀྱི་ཞིང་ལས་མ་ཡིན་པའི་བུད་མེད་དང་། བུད་མེད་ཀྱི་ཁྱིམ་ལས་ཞབས་ཞུ། བུད་མེད་དབུལ་པོའི་རྩལ་ནུས་མཐོར་འདེགས་སུ་གཏོང་བ་སོགས་ཀྱི་གསོ་སྦྱོང་ལས་གཞི་ལག་བསྟར་ནན་ཏན་བྱས་པས་རིམ་རྩིས་བྱས་ན་བུད་མེད་འབུམ་གསུམ་ལྷག་ལ་ཕན་ཁེ་ཐོབ་ཡོད་པ་རེད། ཞིང་ཆེན་རིམ་པ་ཡན་གྱི“བུད་མེད་ཀྱི་དབུལ་ཐར་དཔེ་སྟོན་རྟེན་གཞི”སུམ་བརྒྱ་དྲུག་ཅུ་ལ་རོགས་སྐྱོར་གཏན་འཁེལ་བྱས་པ་དང་། རོགས་སྐྱོར་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་གཉིས་ཁྲི་དགུ་དོན་འཁྱོལ་བྱས་ལ། མཚོ་སྔོན་གྱི་བུད་མེད་ལག་ཤེས་བཟོ་རྩལ་ཐོན་རྫས་གསོ་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱས་པ་དང་། “ཨ་མའི་བཟོ་སྐྲུན”མཉམ་ལས་ཁང་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པ། “མཛེས་སྡུག་ལྡན་པའི་གཙང་མགོའི་མཛུབ་མོའི་སྒྱུ་རྩལ”བྱ་འགུལ་སྒྲིག་འཛུགས་བྱས་ནས་སྤེལ་བ། “མཛུབ་རྩེའི་ལག་རྩལ”དེ“མཛུབ་རྩེའི་དཔལ་འབྱོར”དུ་སྒྱུར་བར་སྐུལ་འདེད་བཏང་བས། བུད་མེད་དབུལ་པོ་རྣམས་རང་ཁྱིམ་དང་ཁ་འབྲལ་མི་དགོས་པར་ཡོང་སྒོ་འཕར་སྣོན་བྱེད་ཐུབ་པའི་ཕུགས་འདུན་མངོན་འགྱུར་བྱུང་།

མཚོ་སྔོན་ཞིང་ཆེན་གྱིས“བུད་མེད་ཀྱི་བྱས་རྗེས་འཇོག་པའི”བྱ་འགུལ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་། ལོ་ལྔ་ལ་བསྟུད་མར་ཞིང་ཆེན་རིམ་པའི་ཚོགས་འདུ་འཚོགས་ཏེ་རྒྱ་ཆེའི་བུད་མེད་ལ་ལས་ཞུགས་ལས་གནས་ཁྲི་ལྔ་ལྷག་འདོན་སྤྲོད་བྱས་པ་དང་། སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་ཞབས་ཞུའི་ལས་རིགས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་གསུམ་ལ་སྤེལ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱིམ་ལས་ཞབས་ཞུའི་རྩལ་ནུས་གསོ་སྦྱོང་ཐེངས་བཞི་བཅུ་ལྷག་སྤེལ་བ་དང་། ཁྱིམ་ལས་ཞབས་ཞུ་བ་སྟོང་གཉིས་ལྷག་ལ་རིན་མེད་གསོ་སྦྱོང་བྱས་ཏེ། ད་ལྟ་ཁྱིམ་ལས་ཞབས་ཞུའི་ལས་གནས་སུ་ལས་གཉེར་བྱེད་བཞིན་ཡོད། “གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་བྱས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད”སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ། དེ་དང་ཆབས་ཅིག ད་དུང་བུད་མེད་དང་ཁྱིམ་ཚང་གི་ཁོངས་མིར་གསུམ་བཟང་གསུམ་དགའི་ཁྱིམ་ཚང་དང་བདེ་འཇགས་ཁྱིམ་ཚང་། ལྗང་མདོག་ཁྱིམ་ཚང་སོགས་དཔལ་ཡོན་ཁྱིམ་ཚང་གསར་འཛུགས་བྱ་འགུལ་ཁྲོད་ཞུགས་རྒྱུར་སྐུལ་སློང་བྱས་ནས། འཆམ་མཐུན་དཔལ་ཡོན་གྱི་ཁྱིམ་ཚང་ཁྲི་ལྔ་ལྷག་ཙམ་དང“ཆེས་མཛེས་པའི་ཁྱིམ་ཚང”ཁྲི་ལ་ཉེ་བ་ཡོད་པའི་ཁྲོད་ཁྱིམ་ཚང་ལྔ་རྒྱལ་ཡོངས་ཀྱི་སྐབས་དང་པོའི་དཔལ་ཡོན་ཁྱིམ་ཚང་དང་ཁྱིམ་ཚང་གྱ་བཞི་ལ་རྒྱལ་ཡོངས་ཀྱི“ཆེས་མཛེས་པའི་ཁྱིམ་ཚང”གི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ཁྱིམ་ཚང་སྟོང་གཅིག་བརྒྱ་དང་གོ་དྲུག་ལ་མཚོ་སྔོན་ཞིང་ཆེན་གྱི“ཆེས་མཛེས་པའི་ཁྱིམ་ཚང”གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ལྟེ་གནས་གསར་འཛུགས་བྱས་པ་དང་། “ཁྱིམ་ཚང་ཚང་མར་བདེ་སྐྱིད་ལྡན་པའི་བཟོ་སྐྲུན”ལག་བསྟར་བྱེད་པ། བུད་མེད་དང་བྱིས་པའི་གླེང་ཕྱོགས་ལ་ལྟ་ཞིབ་ཚད་ལེན་བྱེད་པ། ཞིབ་འཇུག་བརྡར་གཅོད་དང་ཁ་གཏད་འཇལ་བ་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་པ་བཅས་ཀྱི་རྨང་གཞིའི་སྟེང་། ཞིང་ཆེན་བུད་མེད་དང་བྱིས་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་བཙུགས་གྲུབ་བྱུང་བ་དང་། ཁྲིམས་རྩོད་པའི་ཡིག་བསྐུར་ངོ་གཏུག་ལས་རེས་ལམ་ལུགས་བཙུགས་ཡོད། “བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་ཐད་ངོ་ཐུག་པ”དང“ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པ·བུད་མེད་ཀྱིས་བྱ་སྤྱོད་སྤེལ་བ”སོགས་ཀྱི་བྱ་འགུལ་སྤེལ་བ་མ་ཟད། བུད་མེད་དོན་གྲོས་ཚོགས“གོམ་པ་ལྔའི་ལས་ཀའི་བྱེད་ཐབས”ཧུར་ཐག་གིས་ཁྱབ་གདལ་དུ་བཏང་བ་དང་། ཡུལ་གཞན་དུ“བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལྟེ་གནས”བཙུགས་པ། “བུད་མེད་ཀྱི་བརྩེ་སེམས་བྱ་སྤྱོད”ལག་བསྟར་གཏིང་ཟབ་བྱས། 2016ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བུད་མེད་དབུལ་པོའི“འབྲས་སྐྲན་གཉིས”ཀྱི་རོགས་སྐྱོབ་བྱ་བ་དེ་དམངས་ཚིས་བྱ་བ་དངོས་ཀྱི་ལས་དོན་ནང་བསྟུད་མར་བཅུག་པ་དང་། ཞིང་ཆེན་ནོར་སྲིད་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱོན་བསྡོམས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་བཞི་བཏང་ལ། ནད་ཕོག་པའི་བུད་མེད་དབུལ་པོ་སྟོང་གཅིག་དང་དགུ་བརྒྱ་བཞི་བཅུ་ལ་རོགས་སྐྱོབ་བྱས།

ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་བ་ན་བགྲེང་སྟེ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ནུས་ལྡན་གྱི་མཛུབ་ཁྲིད་འོག དངོས་གནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་བུད་མེད་ལ་ཞབས་འདེགས་ཞུ་རྒྱུ་ཟུང་འབྲེལ་བྱས་ཏེ། རྒྱ་ཆེའི་བུད་མེད་ཀྱི“ཐུན་མོང་མ་ཡིན་པའི་ནུས་པ་གཉིས”འདོན་སྤེལ་བྱ་རྒྱུར་གདེང་འཇོག་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་མཚོ་སྔོན་བུད་མེད་བྱ་གཞག་ལ་ལན་གསར་བ་སྤྲོད་དགོས།

ལོ་ཙཱ་བ། ཤ་བོ་རིན་མཚོ།