ང་ཚོས་མཉམ་དུ་སྔར་ལས་མཛེས་པའི་མ་འོངས་པ་བསྐྲུན་དགོས། 
2019.12.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

ཟླ11པའི་ཚེས26ཉིན་གྱི་ཕྱི་དྲོར།     འཛམ་གླིང་ཡོངས་ཀྱི་མིག་དབང་རབ་མཛེས་མཚོ་སྔོན་ལ་གཏད། “དུས་རབས་གསར་པའི་ཀྲུང་གོ་སྟེ་རབ་མཛེས་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་ནས་འཛམ་གླིང་དུ་སྐྱོད་པ”ཞེས་པ་བརྗོད་དོན་ཡིན་པའི་ཕྱི་འབྲེལ་པུའུ་ཡི་མཚོ་སྔོན་འཛམ་གླིང་ལ་འོས་སྦྱོར་བྱེད་པའི་བྱ་འགུལ་དེ་ཕྱི་འབྲེལ་པུའུ་ཡི་ཚོམས་ཁང་སྔོན་མོ་རུ་གཟབ་རྒྱས་ངང་བསྡུས།     རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གི་འགན་གཅིག་ལྕོགས་བཞེས་པའི་ཝང་དབྱི་དང་།     ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན།     ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་བཅས་ཀྱིས་ཚོམས་ཁང་སྔོན་མོ་ནས་དངོས་སུ་མཚོ་སྔོན་གྱི་མགྲིན་ཚབ་བྱས་པས།     མཚོ་སྔོན་འཛམ་གླིང་ཧྲིལ་པོར་གྲགས་ཤིང་ཚུར་སྣང་དྲག་པོ་བསླངས།རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གི་འགན་གཅིག་ལྕོགས་བཞེས་པའི་ཝང་དབྱི་ཡིས་ཤིས་ཚིག་ཕུལ་ནས་བཤད་རྒྱུར།     མཚོ་སྔོན་ནི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བའི་དྭངས་གཙང་གི་ཞིང་ཁམས་ཤིག་དང་།     ཀྲུང་གོའི་སྐྱེ་ཁམས་ཐོན་ཁུངས་ཀྱི་བང་མཛོད་ཀྱང་ཡིན། ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་བཅས་ཡིན་པ་དང་།     དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་དུ་ཆགས་པའི་འགག་འཕྲང་གཙོ་བོ་ཞིག་ཀྱང་ཡིན།     མཚོ་སྔོན་གྱིས་བླངས་པའི་གྲུབ་འབྲས་ཆེན་པོ་ནི་ཀྲུང་གོ་དར་ཞིང་རྒྱས་པའི་བསྡུས་གཟུགས་ཡིན་ལ།     རྒྱལ་ཁབ་བཅོས་སྐྱོང་དེང་རབས་ཅན་དུ་སྐུལ་སྤེལ་བྱེད་པའི་འདྲ་གཟུགས་ལེགས་པོ་ཞིག་ཀྱང་ཡིན།“མཚོ་སྔོན་ནི་རིན་ཆེན་གཏེར་མཛོད་ཅིག་རེད”ཅེས་སའེ་ཨེར་ཝེ་ཡའི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་པཱ་ཆེ་ཝེ་ཆི་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་སེམས་གཏིང་ནས་མཚོ་སྔོན་ལ་འདི་ལྟར་བསྟོད་བསྔགས་བྱས།     ཁོས་བཤད་རྒྱུར། མཚོ་སྔོན་དུ་རིག་གནས་མང་པོ་འདྲེས་མར་གནས་ལ། མི་རིགས་མང་པོ་མཉམ་དུ་འདུས་པས།དར་གོས་གནའ་ལམ་གྱི་སྙིང་སྟོབས་འདོན་སྤེལ་གང་ལེགས་བྱས་ཡོད།     ད་ལྟ་མཚོ་སྔོན་ལ་འདི་ལྟ་བུའི་གྲུབ་འབྲས་དང་འཕེལ་རྒྱས་བྱུང་ཡོད་པ་མཐོང་སྐབས་ང་རང་དགའ་སྤྲོ་ཆེན་པོ་སྐྱེས།     ངས་དེའི་ཁྲོད་ནས་མང་པོ་ཞིག་བསླབས་བྱུང་། རེ་བ་ཡིན་ན་རྗེས་ཕྱོགས་ཀྲུང་གོ་དང་མཉམ་ལས་བྱེད་པ་ནི་གཙང་པོ་གསུམ་དང་འདྲ་བར་རྒྱུན་ཆད་མེད་པར་དྲག་ཏུ་འབབ་ཅིང་མདུན་ནས་མདུན་དུ་བསྐྱོད་དགོས།     ཁོས་ཧུར་བརྩོན་གང་ལེགས་བྱས་ཏེ་སའེ་ཨེར་ཝེ་ཡ་དང་མཚོ་སྔོན་གྱི་མཛའ་བརྩེའི་འགྲོ་འོང་ལ་སྔར་བས་ཤུགས་སྣོན་བྱས་ཏེ།ཕྱོགས་གཉིས་ཀར་ཕན་པའི་མཉམ་ལས་རྒྱ་བསྐྱེད་པར་སྐུལ་འདེད་བྱེད་རྒྱུ་ཡིན་པ་བསྟན།“ངས་རང་གི་ཕ་ཡུལ་གཟི་བརྗིད་ཅིག་ཏུ་རློམ་ཡོད”ཅེས་ཞིང་ཆེན་སྲིད་གྲོས་ཀྱི་ཞིང་ལས་དང་ཞིང་སྡེའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་དབྱང་ཧྥུ་ཡུས་ཀྱིས་དེ་ལྟར་བཤད་པ་དང་།     མཚོ་སྔོན་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་དང་གསོན་ཤུགས་ལ་བརྟེན་ནས།     ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག་དང་།     ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་འོག་ཏུ།     ནུབ་བྱང་ནས་རྩ་བ་ཚུགས་ཏེ་རྒྱལ་ཡོངས་ལ་ཕྱོགས་ཤིང་འཛམ་གླིང་ལ་མིག་རྒྱང་གཏད་དེ།     རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་རིགས་སོ་སོའི་མི་དམངས་ཀྱི་རམ་འདེགས་རོགས་སྐྱོར་འོག་ཏུ།     མཚོ་སྔོན་གྱི་ཉམས་འགྱུར་དང་མཚོ་སྔོན་གྱི་བཟོ་ལྟ།     མཚོ་སྔོན་གྱི་སྣང་བརྙན་ཞིག་མཉམ་དུ་བསྐྲུན་ནས།     གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཀྱི་མཛེས་སྡུག་དང་འཕེལ་རྒྱས་ཀྱི་མཛེས་སྡུག     སྒོ་འབྱེད་ཀྱི་མཛེས་སྡུག འཆམ་མཐུན་གྱི་མཛེས་སྡུག     བདེ་སྐྱིད་ཀྱི་མཛེས་སྡུག་བཅས་འཛམ་གླིང་ཡོངས་ལ་ངོམ་དགོས།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འོས་སྦྱོར་བྱ་འགུལ་སྟེང་བསྟན་དོན།     “རྒྱུད་གཅིག་ལམ་གཅིག”གི་ས་ཚིགས་གལ་ཆེན་ཡིན་པའི་མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་དང་སྐྱེ་ཁམས་སྒྲིབ་དངོས།     རྒྱལ་ཁབ་སྤྱི་གླིང་། ཐོན་ཁུངས་ནུས་ཁུངས་བཅས་ཀྱི“མིང་བྱང་བཞི་པོ”ལ་བརྟེན་ནས་འཛམ་གླིང་དང་མཉམ་ལས་དམ་པོ་བྱེད་པ་དང་ལག་རྡང་སྦྲེལ་ནས་མདུན་བསྐྱོད་བྱེད་རྒྱུ་ཡིན།མཚོ་སྔོན་གྱི་མཛེས་སྡུག་གིས་ཁེན་ཉི་ཡའི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་སའེ་ལེ་མུའུ་ཧ་ལས་སུ་བཅུག     ཁོས་ང་རང་མཚོ་སྔོན་དུ་སོང་མ་མྱོང་རུང་།     འོན་ཀྱང་རྒྱུ་ཆ་ཁ་ཤས་བཀླགས་ནས་རྒྱུས་ལོན་བྱས་པ་ཡིན།     མཚོ་སྔོན་ནི་མི་ཚང་མ་འགྲོ་འདོད་པའི་ས་ཆ་ཞིག་རེད།     ཁེན་ཉི་ཡ་དང་ཐ་ན་གླིང་ཆེན་ཨ་ཧྥེ་རི་ཁ་ཧྲིལ་པོའི་ཁྱབ་ཁོངས་མང་པོ་ཞིག་གིས་མཚོ་སྔོན་དང་མཉམ་ལས་བྱེད་ཆོག     དཔེར་ན་ཡུལ་སྐོར་དང་ཞིང་ལས། བཟོ་སྐྲུན་ལས་རིགས་སོགས་ལྟ་བུ།     མཚོ་སྔོན་གྱིས་ཆུའི་ཐོན་ཁུངས་དོ་དམ་ཐད་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་ཡོད་པ་དེར་ང་ཚོས་སློབ་སྦྱོང་བྱེད་འོས།     མཚོ་སྔོན་དང་མཉམ་ལས་བྱེད་ཚད་གཏིང་ཟབ་དང་རྒྱ་ཆེར་བཏང་སྟེ་མཉམ་རྒྱལ་རོགས་ཟླའི་འབྲེལ་བ་བསྐྲུན་པར་ངས་རེ་སྒུག་བྱས་ཡོད།གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཀྲང་ཧའེ་ཅུན་གྱིས་བསྟན་དོན།     “མིང་བྱང་བཞི་པོ”ཡིས་མཚོ་སྔོན་གྱི་གནས་ཚུལ་ལ་རྐང་ཚུགས་ཤིང་མཚོ་སྔོན་གྱི་ལེགས་ཆ་འབུར་དུ་དོད་ཡོད་པས།     མཚོ་སྔོན་གྱིས་བླངས་པའི་གྲུབ་འབྲས་ཆེན་མོ་ཕྱོགས་བསྡུས་ཀྱིས་མཚོན་ཡོད་ལ།     འཕེལ་རྒྱས་ཀྱི་གཞི་གྲངས་རེ་རེ་ཡིས་ང་ཚོར་ངར་ཤུགས་ཆེན་པོ་བསྐྱེད་དུ་བཅུག་པ་དང་།     བརྙན་པར་རེ་རེས་མཚོ་སྔོན་གྱི་མཛེས་སྡུག་མཚོན་ཡག་བྱས་ཡོད་པས།     མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱས་པའི་ཆོད་སེམས་གང་ལེགས་ཀྱིས་ངོམ་ཡོད།     ང་ཚོས་ཕུ་རུང་བརྫེས་ནས་བརྩོན་པས་བསྒྲུབ་དགོས་ལ།     གུང་གཞོན་ཚོགས་པའི་བྱ་བའི་ལས་རྐང་དུ་རྐང་བཙུགས་ཏེ། ན་གཞོན་ལོ་ཆུང་རྣམས་ལ“མིང་བྱང་བཞི་པོ”རྒྱུན་ཆད་མེད་པར་དྲིལ་སྒྲོག་དང་འོས་སྦྱོར་བྱས་ཏེ། ན་གཞོན་ལོ་ཆུང་སྔར་ལས་མང་པོ་ཞིག་ཕ་ཡུལ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་བྱ་བར་ཞུགས་སུ་འཇུག་དགོས།བརྗོད་དོན་འོས་སྦྱོར་བྱ་འགུལ་སྟེང་དུ།     ཧྲེང་ཀྲང་ལིག་ཉིང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས།     ཚོང་གཉེར་ཁོར་ཡུག འཆམ་མཐུན་དམངས་འཚོ་སོགས་ཀྱི་ཕྱོགས་ནས་མཚོ་སྔོན་འོས་སྦྱོར་བྱས་པ་དང་།     རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་མི་སྣས་མཚོ་སྔོན་གྱི་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་དང་བདེ་སྐྱིད་ཀྱི་མ་འོངས་པ་མཉམ་སྐྲུན་བྱེད་པར་དགའ་བསུ་ཞུས།ཨ་ཧྥེ་རི་ཁ་ལྷོ་མའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་གི་ཆབ་སྲིད་ཁྲུའུ་ཡི་ཚན་ཙན་སི་ཡ་པོ་ཅ•ཕེང་ཁིག་གིས། མཚོ་སྔོན་ལ་ཡིད་ཆེས་སྒོ་འབྱེད་ཀྱི་ཉམས་སྣང་དང་རྒྱལ་སྤྱི་ཅན་གྱི་ཉམས་སྣང་ཇེ་ཡོད་ནས་ཇེ་ཡོད་ཡིན་པས།     ང་ལ་བག་ཆགས་ཟབ་མོ་ཞིག་བཞག་སོང་།     འདིས་མཚོ་སྔོན་གྱིས་ཕྱི་ལ་སྒོ་འབྱེད་པ་དེ་ནི་ཀྲུང་གོའི་ཚོང་རར་དམིགས་ནས་རྒྱ་བསྐྱེད་པ་ཁོ་ན་མིན་པར།     ཕྱི་རྒྱལ་གྱི་ཚོང་ར་དང“རྒྱུད་གཅིག་ལམ་གཅིག”ནང་དུ་འདུས་པའི་ཚོང་རར་སྒོ་འབྱེད་པ་དེ་མཚོན་ཡོད།     དེ་ནི་དངུལ་གཏོང་པ་དང་ལས་སྐྲུན་པར་མཚོན་ནས་བཤད་ན་འཕྲད་དཀའ་བའི་གོ་སྐབས་ཤིག་ཡིན་ངེས།     ཁོ་མོས་མཚོ་སྔོན་གྱི་ཁེ་ལས་རྣམས་འཛམ་གླིང་གི་དཔལ་འབྱོར་གསར་པ་དང་སྒུལ་ནུས་གསར་པ།     ལས་རྣམ་གསར་པ་བཅས་དང་འབྲེལ་མཐུད་བྱེད་ཐུབ་པར་རེ་བ་མཐོན་པོ་བཅངས་ཡོད་ཟེར།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཞང་གི་སྐྱེ་ཁམས་ལྟ་སྲུང་པ་ཚེ་རིང་དགའ་སྤྲོའི་ངང་བཤད་རྒྱུར།     2015ལོར་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ནས་དངོས་སུ་བཙུགས་པ་དང་།     ཏང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་པས།     རྨ་སྟོད་རྫོང་དུ་སྐྱེ་ཁམས་ལྟ་སྲུང་པ“ཁྱིམ་ཚང་རེར་གཅིག་རེ”ཡོངས་སུ་ཁེབས་ཡོད་པས།     རྨ་སྟོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྔར་བྱུང་མ་མྱོང་བའི་འགྱུར་ལྡོག་བྱུང་། “སྔོན་ཆད་ང་རང‘རབ་མཛེས་མཚོ་སྔོན’ཟེར་བའི་ཐ་སྙད་འདི་ལ་དེ་འདྲའི་ཚོར་བ་མང་པོ་མེད།     ད་ལྟ་དྲིལ་སྒྲོག་བརྙན་ཐུང་་ནང་གི་བརྗིད་ཆགས་མཛེས་སྡུག་གི་བརྙན་རིས་རེ་རེ་མཐོང་ན་མཚོ་སྔོན་གྱི་མཛེས་སྡུག་ལ་ངོ་མཚར་བ་ཞིག་རེད།     རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མཛེས་སྡུག་གི་ཡུལ་གྲུ་འདི་ཉིད་བསྲུང་བའི་ཆོད་སེམས་སྔར་བས་ཇེ་བརྟན་དུ་སོང་ཡོད”ཟེར། །


                                                                                                                   རྩོམ་སྒྲིག་པ། གཡང་འབུམ་རྒྱལ།