ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་གཞི་རིམ་དུ་བསྐྱོད་པ།
2019.12.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

 ཉེ་ལམ།   ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག  ལག་བསྟར་བཅས་བྱེད་པར་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་ཚོགས་པའི་ཁོངས་མི། ཞིང་ཆེན་སྲིད་གྲོས་ཀྱི་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚའེ་ཝའེ་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་མཱ་ཝེ་ཧྲིན། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོ་གཞོན་པ་སུན་ཧྥ་ཕེན། ཞིང་ཆེན་གསར་འགོད་པའི་མཐུན་ཚོགས་ཀྱི་ཆེད་བསྐོས་ཀྲུའུ་ཞི་གཞོན་པ་ཀུའོ་ཡུན་ཕུའུ་བཅས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། གཅན་ཚ་རྫོང་གི་ཁོངས་གཏོགས་སྣང་ར་ཞང་དང་མར་ཁུ་ཐང་གྲོང་རྡལ་གྱི་དགའ་ལྡན་གླིང་གཞིས་ཁུལ།  ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ། ཞིང་ཆེན་ཆུ་བེད་ཆུ་གློག་ཚད་ཡོད་འགན་འཁྲི་ཀུང་སི། ཞིང་ཆེན་ནུས་རྒྱུ་ཚད་ཡོད་འགན་འཁྲི་ཀུང་སི།   དེ་མིན་ཁུལ་དང་རྫོང་། ཞང་དང་གཞིས་ཁུལ་བཅས་ཁག་ཅིག་ཏུ་སོང་ནས། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་ཏང་ཡོན་ལས་བྱེད་པ་སྟོང་དྲུག་ལྷག་དང་མཉམ་དུ་ཚོགས་འདུའི་སྙན་ཞུར་ཉན། ཞིང་ཆེན་ནུས་རྒྱུ་འཕེལ་རྒྱས་འགན་འཁྲི་ཚད་ཡོད་ཀུང་སིས་ད་དུང་བརྙན་ལམ་ཡན་ལག་ཚོགས་ར་བཙུགས་ནས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཁྱབ་རྒྱ་ཆེ་རུ་བཏང་ཡོད།

སྒྲོག་འགྲེལ་ཚོགས་པའི་ཁོངས་མིས“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ”དང་། “ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དོད་པའི་ལེགས་ཆར་གོ་བ་གཏིང་ཟབ་ལེན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཡིད་རྟོན་ཇེ་བརྟན་དུ་གཏོང་བ”“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་སྤྱིའི་བླང་བྱ་དང་། སྤྱིའི་དམིགས་ཚད་དང་གཙོ་གནད་ལས་འགན་ཁོང་དུ་ཆུད་པར་བྱེད་པ། ” “ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱེད་པ།” ཕྱོགས་བཞིའི་ཐད་ཀྱི་འཛམ་གླིང་གི་གནས་ཚུལ་དང་ཏང་གི་གནས་ཚུལ། རྒྱལ་ཁབ་ཀྱི་གནས་ཚུལ། ཞིང་ཆེན་གྱི་གནས་ཚུལ་བཅས་དང་ཟུང་འབྲེལ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་འགྲེལ་བཤད་བརྒྱབ་པས་སྒྲོག་འགྲེལ་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་། གྲངས་གཞི་ཞིབ་ཚགས་ལྡན་ལ་དཔེ་མཚོན་ཟབ་ལ་གོ་སླ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་།  རིགས་པའི་གཞུང་ལུགས་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། ལག་ལེན་གྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན། སྒྲོག་འགྲེལ་བྱེད་པའི་ས་གནས་རེ་རེར་ཐོན་དུས་ཚོགས་ཞུགས་ཉན་མཁན་རྣམས་ཀྱིས་སེམས་རྣལ་དུ་ཕབ་ནས་ཉན་པའམ་ཟིན་བྲིས་འགོད་ཀྱིན་ཡོད་པར་མ་ཟད་དགའ་བསུའི་ཐལ་མོ་རྡེབ་སྒྲས་ཁེངས་ཡོད།   སྒྲོག་འགྲེལ་བྱ་བ་མཇུག་རྫོགས་རྗེས།  སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་ཀྱིས་ད་དུང་ཚང་མ་དང་མཉམ་དུ་གོ་རིམ་རྗེས་མར་ཇི་ལྟར་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག  ལག་བསྟར་བཅས་ཡག་པོ་བྱ་རྒྱུར་དམིགས་ནས་གྲོས་བསྡུར་བྱས།

ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཝེ་ཆིན་ཡེ་ཡིས་བཤད་རྒྱུར། ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཐེངས་འདིའི་སྒྲོག་འགྲེལ་གོ་སྐབས་སུ་བཟུང་སྟེ། བྱེད་ཐམས་མང་དུ་སྤྱད་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་གཏིང་ཟབ་ཏུ་བླངས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་རྒྱུ་དེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འགྱུར་མེད་ཀྱི་བརྗོད་བྱ་དང་།  བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཡོན་ལས་བྱེད་པའི་ཚེ་གང་གི་ཞིབ་འཇུག་བྱ་གཞི་ཞིག་ཏུ་བརྩིས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལམ་ལུགས་དང་ལམ་སྲོལ་རྒྱུན་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། རྒྱལ་ཁབ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པའི་ཁྲོད་ཧུར་ཐག་གིས་ཞུགས་ནས་བུད་མེད་ཀྱི་སྟོབས་ཤུགས་འབུལ་དགོས་ཟེར།

ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡི་ལས་སྒོ་སྒྲུབ་གཉེར་སྡེ་ཁག་གི་ལས་བྱེད་པ་ཀྲའོ་ཞའོ་ཞ་ཡིས་བཤད་རྒྱུར།   སྙན་ཞུས་མི་རྣམས་ལ་སློབ་གསོ་དང་བློ་སྒོ་ཕྱེས་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གཏིང་ཟབ་པའི་ཤེས་རྟོགས་དང་ཁོང་དུ་ཆུད་པ་དང་།  ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སྔར་བས་ཆེ་རུ་ཕྱིན་ཡོད། སྨན་བཅོས་འགན་སྲུང་ཐད་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ངེས་པར་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྲིད་སྟོན་དུ་འཛིན་པ་དང་ལས་དོན་ཏན་ཏིག་སྤེལ་ཏེ་སྨན་བཅོས་འགན་སྲུང་ལམ་ལུགས་ཁག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། སྨན་བཅོས་འགན་སྲུང་སྒྲུབ་གཉེར་ལས་དོན་ཁྲོད་ཀྱི་དཀའ་གནད་སེལ་ནས་སྨན་བཅོས་འགན་སྲུང་སྒྲུབ་གཉེར་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་སྣང་། བདེ་འཇགས་ཀྱི་ཚོར་སྣང་བཅས་ཆེ་རུ་གཏོང་དགོས་ཟེར།

དགའ་ལྡན་གླིང་གཞིས་ཁུལ་གྱི་ཀྲུའུ་རིན་རྡོ་རྗེ་རིན་ཆེན་གྱིས་སྒྲོག་འགྲེལ་བྱས་པ་ལས་ང་ལ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་ངོས་ཟིན་གསར་པ་བྱུང་བ་དང་ང་ཚོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་། གཅན་ཚ་རྫོང་གི་འགྱུར་ལྡོག་ཆེན་པོ་མཐོང་སྐབས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཟབ་མོ་ཚོར་བྱུང་། ད་ལྟ་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སོགས་ཚང་མ་ལམ་ལུགས་ཀྱི་འགན་ལེན་དང་། བཅོས་སྐྱོང་མ་ལག བཅོས་སྐྱོང་ནུས་པ་བཅས་དེང་རབས་ཅན་འཛུགས་སྐྲུན་དང་ཁ་འབྲལ་ཐབས་མེད། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག   ལག་བསྟར་བཅས་སྔར་ལས་ཡག་པོ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྡོད་དམངས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་། ལམ་ལུགས་གཞིར་བཟུང་ལས་དོན་ཏན་ཏིག་གིས་བསྒྲུབས་ཏེ་མི་དམངས་མང་ཚོགས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་ཀྱི་འཚོ་བ་རོལ་ཏུ་འཇུག་དགོས་ཟེར།

                                                                                ལོ་ཙཱ་བ།  གཡང་འབུམ་རྒྱལ།