མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་བཞིར་བརྟེན་ནས་བགྲོད་ལམ་ཤར་གཏོང་ལ་ཁག་ཐེག་བྱས།
2020.02.25 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 14

 རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུས་རྒྱུན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་ལམ་སླར་གསོ་བྱས་ཏེ་བགྲོད་ལམ་འགྲིམ་འགྲུལ་ཤར་གཏོང་ལ་ཁག་ཐེག་བཟང་བོ་བྱེད་རྒྱུའི་སྐོར་གྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནན་ཏན་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་རིམས་ནད་ཁུལ་དབྱེ་རིམ་དབྱེ་ཡི་གནད་སྨིན་ཇུས་འདོན་དང་སྔོན་འགོག་ཚོད་འཛིན་ལས་དོན་གྱི་དོན་དངོས་ལ་དམིགས་ནས་བྱ་ཐབས་ནུས་ལྡན་བཞི་ལག་བསྟར་བྱས་ཤིང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱི“སྔོན་སྐྱོད་དཔོན་པོའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་ལས་དོན་སྣ་ཚོགས་ཁྱོན་ཡོངས་ནས་ལེགས་པོར་བསྒྲུབས་ཡོད།

གཅིག་ནས་ཕྱིར་འཐེན་འོས་པ་དག་ཕྱིར་འཐེན་ནས་དངོས་ཟོག་སྐྱེལ་འདྲེན་གྱི་དྲ་བ་ཤར་གཏོང་ཐུབ་པར་ཁག་ཐེག་ནན་མོ་བྱས། ཟླ་2པའི་ཚེས་23ཉིན་ནས་བཟུང་ཁོངས་གཏོགས་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གྱི་འཛུལ་སྒོ་དང་། དངུལ་བསྡུའི་ས་ཚིགས། ཞབས་ཞུའི་ས་ཁུལ། ཞིང་ཆེན་གྱི་ས་མཚམས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོའི་ བཅས་སུ་བཙུགས་པའི་རིམས་ནད་ཞིབ་བཤེར་ས་ཚིགས་ཚང་མ་མེད་པར་བཟོས་པ་དང་། བཀག་སྡོམ་བྱས་པའི་མྱུར་བགྲོད་གཞུང་ལམ་གྱི་འཛུལ་སྒོ་དང་། བཀག་བཅད་བྱས་པའི་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་གཙོ་བོ་སླར་གསོ་བྱས། ལུགས་དང་མི་མཐུན་པའི་རླངས་འཁོར་དང་མི་སྣར་ཕྱིར་སློག་ཁ་ཏ་བསླབ་བྱའི་བྱེད་ཐབས་མེད་པར་བཟོས་ནས། གྲོང་གསེབ་ཀྱི་གཞུང་ལམ་བཙན་བཀག་དང་ཡང་ན་འདྲུ་གཅོད་གཏན་འགོག་བྱས་ལ། སྔར་ཡོད་ཀྱི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་རྒྱུན་གཏན་ལས་དོན་སླར་གསོ་བྱས་པ་བཅས་ཀྱི་ཐད་ནས་དངོས་ཟོག་སྐྱེལ་འདྲེན་གྱི་ལམ་དྲ་ཤར་གཏོང་ཐུབ་པར་ཁག་ཐེག་བྱས་ཏེ།  ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ། མང་ཚོགས་ཀྱི་རྒྱུན་གཏན་འགྲོ་འོང་བྱེད་པ་ལ་ལམ་དྲའི་འདེགས་སྐྱོར་མཁོ་འདོན་བྱས་པ་རེད།

གཉིས་ནས་གནད་སྨིན་ཞབས་ཞུ་བསྒྲུབས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ཁག་ཐེག་བྱས། ཟོང་འདྲེན་ཤར་བགྲོད་ལ་འགོག་རྐྱེན་མེད་པ་དང་འགྲུལ་སྐྱེལ་གོ་རིམ་ལྡན་པའི་ངང་སླར་གསོ་ཐུབ་པའི་སྤྱིའི་བླང་བྱ་གཞིར་བཟུང་ཏེ། འཕྲལ་བསྟུན་བགྲོད་ལམ་དང་ལྗང་མདོག་བགྲོད་ལམ་ཤར་གཏོང་ཐུབ་པར་ནུས་ཤུགས་ཡོད་རྒུས་ཁག་ཐེག་བྱས་པ་དང་། ཆུ་ཚོད་24རིང་འཁོར་རིགས་ཤར་བགྲོད་ཁག་ཐེག་ཞབས་ཞུའི་ཁ་པར་ཡོངས་བསྒྲགས་བྱས། ལས་སྒོ“དྲ་ཐོག་ནས་གཉེར་བ་དང་། རང་འགུལ་ངང་གཉེར་བ། དུས་འགྱངས་ཀྱིས་གཉེར་བ”བཅས་ཁྱབ་གདལ་གཏོང་བའི་རྨང་གཞིའི་ཐོག “མགྱོགས་མྱུར་ངང་གཉེར་བ་དང་། ཁ་ཆད་བྱས་ནས་གཉེར་བ། སྟབས་བདེའི་ངང་གཉེར་བ”བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་མང་ཚོགས་ཀྱི་གཞི་རྩའི་འགྲོ་འོང་ཁག་ཐེག་བྱས། དམངས་ཚིས་དངོས་ཟོག་དབོར་འདྲེན་ཤར་བགྲོད་ཐུབ་པར་ནུས་ཤུགས་ཡོད་རྒུས་ཁག་ཐེག་བྱས་ཏེ། “ལམ་བཀག་པ”དང“གྲོང་ཚོ་བཀག་སྡོམ”སོགས་ཐལ་དྲགས་པའི་བྱེད་ཐབས་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཤིང་། ཟོང་འདྲེན་རླངས་འཁོར་གྲོང་ཁྱེར་དུ་སྐྱོད་པའི་ཆ་རྐྱེན་འོས་འཚམ་གྱིས་ཇེ་དམར་གཏོང་བ། ཞིང་ལས་ཐོན་རྫས་དང་། མ་བཅོས་རྒྱུ་ཆ། ཐོན་སྐྱེད་གྲུབ་རྫས་བཅས“ཕྱིར་འགྲོ་ཐུབ་པ”དང་“ནང་དུ་སྐྱོད་ཐུབ་པར”ཁག་ཐེག་བྱས། ཕྱིར་ལོག་ལས་མིའི་འགྲོ་སྐྱོད་བདེ་བླག་ཡོང་བར་ནུས་ཤུགས་ཡོད་རྒུས་ཁག་ཐེག་བྱས་ཏེ། “མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ཞིང་བ་ངལ་རྩོལ་པའི་ལས་གནས་ཕྱིར་ལོག་གི་དགོས་མཁོ་དང་ཕྱིར་གཏོང་བྱ་ཡུལ་གོ་རིམ་ལྡན་པའི་ངང་འབྲེལ་མཐུད་ནུས་ལྡན་བྱེད་པ་དང་། འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་བདེ་ཐང་ཞིབ་དཔྱད་ཚད་ལེན་དང་། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་སྐྱེལ་འདྲེན་སྒྲིག་འཛུགས་དང་ཁག་ཐེག་བྱེད་པ། སྤྱི་བདེ་ལས་ཁུངས་ཀྱིས་འགྲིམ་འགྲུལ་སྒྲིག་ལམ་དོ་དམ་ལ་ཤུགས་སྣོན་རྒྱག་པ”བཅས་ཀྱི“ཕྱོགས་བཞི་གཞི་གཅིག་”གི་མཐུན་སྦྱོར་རྐྱེན་སྲོལ་བཙུགས་ནས་གཞུང་ལམ་འགྲུལ་སྐྱེལ་དང་། གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ། དེ་མིན་གླ་གཏོང་རླངས་འཁོར་གྱི་འགྲུལ་སྐྱེལ་ཞབས་ཞུ་བཅས་ཁྱོན་ཡོངས་ནས་སླར་གསོ་བྱས། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ལ་ཚོད་འཛིན་བྱེད་པའི་སྲིད་ཇུས་གནས་སྐབས་སུ་མཚམས་བཞག་པ་དང་། ལས་གཉེར་མི་སྣར་ཆེད་གཏོང་རླངས་འཁོར་དང་གླ་གཏོང་རླངས་འཁོར་གྱི་“ཁ་གཏད་ཅན”དང་“གཅིག་འཐུས་ཅན་”གྱི་ཐུན་མོང་ཐོག་ཕྱིར་ལོག་པར་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱས་ཏེ། ཁེ་ལས་ཀྱི་“མི་གླ་དཀའ་བའི་”གནད་དོན་ཐག་གཅོད་ཡག་པོ་བྱས།

གསུམ་ནས་གནད་སྨིན་ཞིབ་འཇུག་བརྡར་གཅོད་བྱས་ཏེ་བགྲོད་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྒྲིག་ལམ་ལ་ཁག་ཐེག་ཏན་ཏིག་བྱས། ལས་མི་ཕྱིར་ལོག་པ་དང་། ལས་ཀ་བསྐྱར་ཚུགས། ཐོན་སྐྱེད་སླར་གསོ། དཔྱིད་འདེབས་ཐོན་སྐྱེད་གྲ་སྒྲིག་བཅས་ཀྱི་སྐྱེལ་འདྲེན་བྱེད་ཚད་བསྐྱར་འཕར་ལས་བྱུང་བའི་བགྲོད་ལམ་ཤར་གཏོང་གི་གནོན་ཤུགས་ལ་གནད་སྨིན་ཞིབ་འཇུག་བརྡར་གཅོད་བྱས་པ་དང་། སྐབས་བསྟུན་དོ་དམ་ཚོད་འཛིན་རྐྱེན་སྲོལ་སྔ་སྣུར་གྱིས་ལག་ལེན་ཏུ་བསྟར་ཏེ། ཞིང་ཆེན་དང་གྲོང་ཁྱེར(ཁུལ)དབར་གྱི་འབྲེལ་མཚམས་ལམ་དུམ་དང་། རླངས་འཁོར་འགྲོ་འོང་ཆེ་བ། དོན་རྐྱེན་བྱུང་ཐེངས་མང་བའི་ལམ་དུམ་ལ་སྐོར་ཞིབ་དོ་དམ་ཚོད་འཛིན་དང་འགྲིམ་འགྲུལ་ལམ་སྟོན་སློབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་། འགྲིམ་འགྲུལ་དོན་རྐྱེན་མགྱོགས་མྱུར་ངང་ཐག་གཅོད་དང་མགྱོགས་མྱུར་སྐྱིན་ཚབ་འཇལ་བའི་རྐྱེན་སྲོལ་དོན་འཁྱོལ་བཅས་བྱས་ནས་དོན་རྐྱེན་ཆུང་བ་འབྱུང་བར་གཏན་འགོག་བྱས། གནམ་གཤིས་མི་ལེགས་པའི་འཕྲལ་བསྟུན་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལམ་དུམ་གལ་ཆེན་དུ་འཕྲལ་བསྟུན་དངོས་ཟོག་གི་སྒྲིག་ཆས་ཁ་གསབ་བྱེད་པ་དང་། དྲ་སྦྲེལ་གཉེར་སྐྱོང་ཚོང་པ་དང་། པོད་འཕྲིན། སྐད་འཕྲིན་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་དུས་ཐོག་ཏུ་ལམ་གྱི་གནས་ཚུལ་གསལ་འདེབས་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ། མང་ཚོགས་ལ་ལུགས་མཐུན་ངང་ཕྱིར་སྐྱོད་ལམ་ཐིག་འཆར་འགོད་དང་ནད་ཡམས་ཞིབ་བཤེར་གྱི་གྲ་སྒྲིག་ཡག་པོ་བྱ་རྒྱུར་ཁྲིད་སྟོན་བྱས་པ་མ་ཟད། གཞུང་ལམ་གཙོ་བོ་ཤར་གཏོང་དང་བཀག་སྡོམ་བྱེད་ཚད་ཇེ་ཉུང་དུ་བཏང་།

བཞི་ནས་འགན་འཁྲི་ཕྲག་ཏུ་བླངས་ནས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་ཏན་ཏིག་བྱས། དུས་རྒྱུན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་ལམ་སླར་གསོ་བྱེད་པའི་ལས་དོན་དེ་ས་གནས་ཏང་ཨུ་དང་སྲིད་གཞུང་གི་ལྟ་ཞིབ་ཆེན་མོ་དང་སྐོར་ཞིབ་སྐོར་གཟིགས་ཀྱི་ནང་དོན་གལ་ཆེན་དུ་བཞག་ནས། མངའ་ཁོངས་སུ་འཛུལ་བར་ཚོད་འཛིན་དང་། ས་ཚིགས་གང་བྱུང་དུ་འཛུགས་པ། གཞུང་ལམ་འགོག་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་དུས་ཐོག་ཏུ་བརྡ་ཁྱབ་བཏང་སྟེ། སྒྲིག་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་ནས་འགན་འཁྲི་རྩད་གཅོད་འདྲི་རྟོག་བྱས། “རིག་ནུས་ཉེན་རྟོག་ལས་དོན”དང་། “ཉི་འོད་ཞབས་ཞུ།” “འགྲིམ་འགྲུལ་དོ་དམ12123” “12345ཐད་སྦྲེལ་ཁ་པར”སོགས་ལས་སྟེགས་དང་ལག་འཁྱེར་ཁ་པར་གྱི་APPབརྒྱུད་ནས་ཐེར་འདོན་ཞུ་གཏུག་གི་ཐད་སྦྲེལ་ཁ་པར་ཤར་གཏོང་བྱས་པ་དང་། འཕྲལ་བསྟུན་སྐྱེལ་འདྲེན་ས་ཚིགས་གཙོ་བོ་དང་ཁ་གཏད་ཞབས་ཞུ་ཁེ་ལས་ཀྱི་ཞབས་ཞུའི་ཁ་པར་སྤྱི་ཚོགས་ཡོངས་ལ་བསྒྲགས་ཏེ། མངོན་གསལ་དོད་པའི་གནད་དོན་དུས་ཐོག་ཏུ་དག་ཐེར་བདག་སྤྲོད་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལས་ཀ་བསྐྱར་འཛུགས། ཐོན་སྐྱེད་སླར་གསོ། བགྲོད་ལམ་འགྲིམ་འགྲུལ་འགན་སྲུང་བཅས་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། གང་བྱུང་དུ་འགག་སྒོ་འཛུགས་པ་དང་། ལམ་རྒྱ་སྡོམ་པ། ཕྱིར་སློག་ཁ་ཏ་བྱེད་པ་སོགས་རྒྱུན་གཏན་གྱི་སྒྲིག་ལམ་ཟང་ཟིང་བཟོ་བའི་བྱ་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བྱས་པ་དང་། རིམས་ནད་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་བཏང་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་བརྟན་ལྷིང་སྲུང་སྐྱོབ་ཏན་ཏིག་བྱས། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།