ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རང་འགུལ་གྱིས་འགྲིམ་འགྲུལ་འགག་སྒོ་གནས་སྤོ་བྱས་པ་དང་། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལ་དམིགས་ཏེ། “བརྟན་འཇགས་དྲུག”གི་བྱ་བའི་རེ་བ་ནན་ཏན་གྱིས་དངོས་འབེབ་བྱས།
ཁུལ་ཡོངས་ཀྱི་རིམས་ནད་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་རེ་རེ་ནས་མཉམ་འབྲེལ་བྱེད་པར་གཅིག་གྱུར་བཀོད་སྒྲིག་བྱས་ཏེ།རིམས་ནད་འགོག་སྲུང་དང་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བྱས།
པར་འདི་ནི་ཟི་ལིང་མེ་འཁོར་ས་ཚིགས་ཀྱི་མཚོ་ལྷོའི་འགྲུལ་བ་སྣེ་ལེན་བྱེད་ས་རེད།
ཟླ་གཉིས་པའི་ཚེས་བདུན་ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་སྲུང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས་གྲོས་ཚོགས་ཐེངས་བཞི་བ་བསྡུས་པ་དང་། ཚོགས་ཐོག་ནས་ནུས་ཁུངས་གསར་བའི་ལས་གཞི་གཙོ་བོ་ལས་མགོ་རྩོམ་པའི་བྱ་བ་བཀོད་སྒྲིག་དང་། ‹མཚོ་ལྷོ་ཁུལ་གྱིས་རིམས་ནད་འགོག་སྲུང་སྐབས་སུ་ཁུལ་ཡོངས་ཀྱི་ནུས་ཁུངས་གསར་བའི་ཁྱབ་ཁོངས་ཀྱི་ལས་གཞི་གཙོ་བོའི་ལས་ཀ་མགོ་རྩོམ་པར་གཅིག་གྱུར་བཀོད་སྒྲིག་བྱེད་པའི་ལག་བསྟར་བྱེད་ཐབས›ལ་ཞིབ་འཇུག་བྱས་ནས་སྒྲིག་བཟོ་བྱསཔ་དང་། ཁེ་ལས་ཀྱིས་ལས་ཀ་མགོ་རྩོམ་པ་དང་ཐོན་སྐྱེད་བྱེད་མགོ་རྩོམ་པར་རྒྱབ་སྐྱོར་བྱེད་པ་དང་། འགན་སྲུང་ཤུགས་ཚད་ཇེ་ཆེར་གཏོང་བ། ལས་གཞིའི་དུས་རིམ་སྔོན་མའི་བྱ་བ་ཇེ་མགྱོགས་སུ་གཏོང་བར་དམིགས་ཏེ། བྱེ་བྲག་གི་སྲིད་ཇུས་བྱེད་ཐབས་བཏོན།
པར་འདི་ནི་ཟི་ལིང་མེ་འཁོར་འབབ་ཚིགས་ཀྱི་མཚོ་ལྷོ་ཁུལ་གྱི་སྣེ་ལེན་བྱེད་ས་ཡིན།
དུས་མཚུངས་སུ། མཚོ་ལྷོ་ཁུལ་གྱིས་བྱ་བའི་ཆེད་དོན་འཛིན་གྲྭ་ཞིག་བཙུགས་ཏེ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཚོགས་གཙོ་ཡིན་པ་དང་། རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཀུང་ཟི་དང་། ཁུལ་དང་རྫོང་འབྲེལ་ཡོད་སྡེ་ཁག་གིས་གྲུབ་པའི་མཐུན་སྦྱོར་འབྲེལ་གཏུག་རྐྱེན་སྲོལ་བཙུགས་ཏེ། ཚན་རིག་ལྟར་ཁེ་ལས་ཀྱིས་རིམས་ནད་འགོག་སྲུང་བྱེད་པའི་བྱ་བར་མཛུབ་སྟོན་དང་། ཁེ་ལས་ཀྱི་ལས་ཀ་མགོ་མ་བརྩམ་སྔོན་གྱི་དངོས་རྫས་དང་། མི་སྣ། བྲེལ་མྱུར་འགོག་སྲུང་སོགས་ཀྱི་གྲ་སྒྲིག་བྱ་བ་བཟང་པོར་བསྒྲུབ་པར་རོགས་རམ་བྱས་ཏེ། ཁེ་ལས་ཀྱིས་ལས་ཀ་མགོ་བརྩམས་རྗེས་རིམས་ནད་འགོག་སྲུང་བྱེད་པ་དང་། ལམ་ལུགས་བྱེད་ཐབས་སོགས་དངོས་འབེབ་བྱེད་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་པ་དང་། ཁེ་ལས་ཀྱིས་ལས་ཀ་མགོ་བརྩམས་པའི་གོ་རིམ་ཁྲོད་འཕྲད་པའི་གནད་དོན་དང་དཀའ་ངལ་ཐག་གཅོད་པར་ཧུར་ཐག་གིས་མཐུན་སྦྱོར་བྱེད་པར་རོགས་རམ་བྱས་ཏེ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཀུང་ཟིའི་མཐོ་གནོན་ཕྱི་སྐྱེལ་རྟེན་གཞིའི་སྟོང་ཝ་ས་ཡ་གཉིས་དང་འབུམ་བཞིའི་འོད་ཧྥུའུ་གློག་འདོན་ལས་གཞི་དང་། སྟོང་ཝ་ས་ཡ་གཅིག་དང་འབུམ་བདུན་གྱི་རླུང་ཤུགས་གློག་འདོན་ལས་གཞི། ཐོན་ལས་ར་བའི་རྨང་གཞིའི་སྒྲིག་ཆས་ཆ་ཚང་སོགས་ལས་གཞི་གལ་ཆེན་བདེ་བླག་ངང་ལས་མགོ་བརྩམས་ནས་འཛུགས་སྐྲུན་བྱེད་པར་ཤུགས་ཡོད་ཚད་ཀྱིས་རྒྱབ་སྐྱོར་བྱས།
“མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་འགོར་འགྱངས་མི་བྱེད་པའི་ཆེད་དུ། ང་ཚོས་རླངས་འཁོར་གླས་ནས་ཞིང་ཆེན་ཕྱི་ནང་གི་ལས་བཟོ་པ་སྐྱེལ་བསུ་བྱས་པ་དང་། རིམས་འགོག་བྱ་བ་བཟང་པོར་བསྒྲུབ་ཆེད། སྒྲིག་ཡིག་ཞིབ་མོ་བཟོས་ཡོད་ལ། ནད་དུག་འགོག་པའི་བྱེད་ཐབས་མང་པོ་སྤྱད་དེ། རིམས་ནད་ཞིབ་བཤེར་འགག་སྒོ་དམ་འཛིན་བྱས་ཤིང་། རང་ས་སྲུང་བའི་འོས་འགན་དང་། རང་ས་སྲུང་བའི་འགན་འཁུར། རང་ས་སྲུང་བའི་ལས་འགན་ཕྲག་ཏུ་བླངས་ཏེ།རིམས་ནད་འགོག་སྲུང་དང་ཐོན་སྐྱེད་སླར་གསོ་གཉིས་ལ་ཡིད་ཚིམས་པའི་རྒྱུགས་ལན་ཞིག་སྤྲད”ཅེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ནུས་ཁུངས་གསར་བ་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཀྲིན་ཧྥེ་ཡིས་དེ་ལྟར་བཤད།
ལས་གཞི་གལ་ཆེན་སོ་སོ་སྔ་རྗེས་སུ་ལས་མགོ་བརྩམས་པ་དང་མཉམ་དུ། ཁེ་ལས་དང་། བཟོ་ཚོང་ཁེར་གཉེར་ཁྱིམ་ཚང་། ཚོང་ཁང་སོ་སོས་ཀྱང་སྔ་གཞུག་ཏུ་ཚོང་སྒོ་ཕྱེས། ལོ་སར་རྗེས་སུ་གཉེན་ཉེར་བསྐོར་རྒྱག་ཏུ་འགྲོ་མཁན་ཇེ་མང་ལ་སོང་བ་དང་། སློབ་མ་ཕྱིར་སློབ་གྲྭར་ལོག་པ། ལས་གནས་སུ་ལོག་པའི་མི་ཇེ་མང་དུ་སོང་བས། རིམས་ནད་འབྱུང་བའི་ཉེན་ཁ་སྔར་ལས་ཇེ་ཆེར་སོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“བརྟན་འཇགས་དྲུག”གི་བྱ་བའི་རེ་བ་ནན་ཏན་གྱིས་དངོས་འབེབ་བྱས་ཏེ། རིགས་དང་ཁག་དགར་ནས་རིམས་ནད་འགོག་སྲུང་དང་དཔལ་འབྱོར་འཕེལ་རྒྱས་བྱ་བ་དམ་འཛིན་བཟང་པོ་བྱས་པ་དང་། “འགོག་པ”དང་“སྒྲུབ་པ”གཉིས་འཛིན་པ་དང་། གཉིས་ཀ་མི་འཆོར་བར་བྱེད་པ། གཉིས་ཀར་སྐུལ་འདེད་བཏང་།
ཁུལ་ཡོངས་ཀྱི་བཟོ་ཚོང་ཁེ་ལས་ཀྱི་དངོས་ཡོད་གནས་ཚུལ་དང་འབྲེལ་ཏེ། <ཁེ་ལས་ཀྱི་རིམས་ནད་འགོག་སྲུང་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བརྡ་སྦྱོར> དང་ <རིམས་ནད་འགོག་སྲུང་སྐབས་སུ་ཁེ་ལས་ཀྱིས་བྱ་བ་ལས་མགོ་རྩོམ་པའི་བྱེད་ཐབས> བཟོས་ནས་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། ལས་ཀ་ལས་མགོ་བརྩམས་པའི་ཁེ་ལས་ཀྱིས་སྔོན་འགོག་བྱེད་ཐབས་དང་ཡར་ཞུ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱས་ཏེ། རྒྱུན་མཐུད་ཆེད་དོན་ཞབས་ཞུས་ཁེ་ལས་བརྟན་འཇགས་ཀྱི་ཐོན་ཚད་འཕར་སྣོན་ལ་སྐུལ་འདེད་བྱེད་པ་དང་། ཁེ་ལས་ཀྱི་མ་དངུལ་མཉམ་བསྲེས་སྤྱི་བསྡོམས་དང་། ལས་བཟོ་པ་བཀོལ་སྤྱོད་བྱེད་པ། མ་བཅོས་རྒྱུ་ཆ། དངོས་ཟོག་སྐྱེལ་འདྲེན་སོགས་ཐད་ཀྱི་དགོས་ངེས་ཀྱི་རེ་བ་བཅུ་གཅིག་གསེད་བཀྲོལ་བྱས་པ་དང་། དམིགས་ས་ཡོད་པའི་སྒོ་ནས་རྨ་ཆུའི་སྟོད་སྨད་རྒྱུད་ཀྱི་ཐོན་ལས་སྦྲེལ་ཐག་འབྲེལ་མཐུད་བྱེད་པའི་བྱ་བ་སྤེལ་ཏེ། ཁེ་ལས་ཀྱི་མངགས་ཐོ་དང་ཐོན་སྐྱེད་གནས་ཚུལ་ཞིབ་ཕྲའི་སྒོ་ནས་ཁོང་དུ་ཆུད་པར་བྱས་པ་དང་། ཕྱོགས་ཡོངས་ནས་ཁེ་ལས་གཙོ་བོའི་ཐོན་ཚད་འཕར་བ་དང་ནུས་པ་རྒྱ་བསྐྱེད་པར་འགན་སྲུང་བྱས།
དེ་ལས་གཞན། མཚོ་ལྷོ་ཁུལ་གྱིས་སྔ་གཞུག་ཏུ་ལས་ཀ་མགོ་བརྩམས་པའི་ཁེ་ལས་ལ་གཅིག་གྱུར་བཀོད་སྒྲིག་དང་མཛུབ་སྟོན་བྱེད་པར་ཤུགས་སྣོན་བྱས་ཏེ། ཁེ་ལས་ལ་དུས་ལྟར་ལྟ་ཞིབ་མཛུབ་སྟོན་བྱེད་པའི་བྱ་བ་སྤེལ་བ་དང་། ཁེ་ལས་ཀྱིས་ལས་ཀ་མགོ་རྩོམ་པར་ཞིབ་བཤེར་ཆོག་མཆན་འགོད་པར་གྲ་སྒྲིག་དང་། ཕྱིར་མཚོ་སྔོན་དུ་ལོག་པའི་ལས་བྱེད་མི་སྣ་ལོགས་སུ་དགར་བར་དོ་དམ་བྱེད་པ། ཁེ་ལས་བཟོ་གྲྭ་ཁུལ་གྱི་རིམས་འགོག་དུག་སེལ་ལ་རྟོག་དཔྱོད་དང་ལས་བྱེད་མི་སྣར་དྲིལ་སྒྲོག་དང་མཛུབ་སྟོན་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་། ད་དུང་ལས་གནས་སུ་ཞུགས་ན་ཁ་ཐུམ་རྒྱག་པ་དང་། ས་ཁོངས་གཙོ་བོར་དུས་གཏན་འཁེལ་གྱིས་དུག་སེལ་བྱེད་པ། མི་སྣས་ཁ་འཐོར་གྱི་སྒོ་ནས་གཞུང་ལས་བྱེད་པ། ཟ་མ་དང་སྡོད་ཁང་རང་དགར་འདུག་པ་སོགས་ཀྱི་འགོག་སྲུང་བྱེད་ཐབས་སྤྱད་དེ། ཕན་འབྲས་ལྡན་པའི་སྒོ་ནས་འགོས་ནད་འབྱུང་ཁུངས་གཅོད་པ་དང་། རིམས་ནད་འགོས་ཁྱབ་འབྱུང་བ་དང་རིམས་འགོག་མེད་པའི་ས་ཁུལ་དུ་རིམས་ནད་འགོ་བ་གཏན་འགོག་བྱས་ཏེ། ཁེ་ལས་ཀྱིས་གོ་རིམ་ཡོད་པ་དང་བརྟན་འཇགས་ཀྱི་སྒོ་ནས་ལས་ཀ་མགོ་རྩོམ་པར་རྨང་གཞི་བརྟན་པོ་བཏིངས་།
ལོ་ཙཱ། ཚེ་རིང་སྒྲོལ་མ།