མཚོ་སྔོན་ཞིང་ཆེན་གྱི་ལས་མགོ་བསྐྱར་ཚུགས་ཀྱི་སྤྱིའི་ཚད་གཞི་བརྒྱ་ཆའི་གོ་གཉིས་ལྷག་ལ་སླེབས།
2020.04.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

 པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་དང་སྐུལ་འདེད་བཏང་སྟེ། གོ་རིམ་ཡོད་པའི་སྒོ་ནས་ལས་ཀ་དང་ཐོན་ལས་བསྐྱར་ཚུགས་ཧུར་ཐག་སྒོས་སྤེལ། ཟླ3ཚེས26ཉིན། ཞིང་ཆེན་ཡོངས་ཀྱི་ལས་མགོ་བསྐྱར་ཚུགས་ཀྱི་འཛད་སྤྱོད་ཁྱིམ་ཚང་ཁྲི་གཅིག་དང་སྟོང་བརྒྱད་ཆིག་བརྒྱ་ཞེ་བརྒྱད་གྱིས་ལས་མགོ་བསྐྱར་ཚུགས་ཀྱི་ཚད་གཞི92.1%ལ་སླེབས་ཡོད།  དེའི་ཁྲོད་བཟོ་ལས་ཆེ་འབྲིང་གི་རིགས་ཆིག་སྟོང་བཞི་བརྒྱ་རེ་གཅིག་ཡོད་པ་དང་ལས་མགོ་བསྐྱར་ཚུགས་ཀྱི་ཚད་གཞི82.3%ལ་སླེབས་ཡོད། སྤྱིར་བཏང་གི་བཟོ་ཚོང་ལས་གཉེར་ཁྱིམ་ཚང་ཁྲི་གཅིག་དང་སྟོང་དྲུག་དྲུག་བརྒྱ་གྱ་བདུན་ཡོད་པ་དང་ལས་མགོ་བསྐྱར་ཚུགས་ཀྱི་ཚད་གཞི93.1%ལ་སླེབས་ཡོད།

ཞིང་ཆེན་ཡོངས་ཀྱི་རིམ་པ་དང་པོའི་ལས་མགོ་བསྐྱར་ཚུགས་ཀྱི་འཆར་གཞིའི་ལས་གཞི་ཆེན་པོ80ཡི་ཁྲོད། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སོགས་ལས་གཞི56ཡོངས་སུ་སླར་གསོ་བྱས་ཤིང་། ལས་མགོ་བསྐྱར་ཚུགས་ཀྱི་ཚད་གཞི70%ལ་སླེབས། རིམ་པ་དང་པོའི་ལས་མགོ་བསྐྱར་ཚུགས་ཀྱི་ལས་གཞི240ཡི་ཁྲོད། ལས་གཞི170ཡོངས་སུ་ལས་མགོ་ཚུགས་ཟིན་པ་དང་ལས་མགོ་ཚུགས་པའི་ཚད་གཞི71%ལ་སླེབས་ནས། ཉེ་བའི་ལོ་འདི་དག་ལས་ཆེས་མཐོ་ཤོས་སུ་སླེབས་ཡོད། ཞིང་ཆེན་ཡོངས་ཀྱིས་གཏན་འབེབས་བྱས་པའི་ཁེ་ལས་ཀྱི་ལས་མགོ་བསྐྱར་ཚིགས་ཀྱི་བཟོ་ལས་ཚད་གཞི་དེ91.5%ལ་སླེབས་པ་དང་ལས་བཟོ་པ་ལས་རྐང་དུ་ཕྱིར་ལོག་པའི་ཚད་གཞི83.3%ལ་སླེབས། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ22གྱི་རྒྱུན་མཐུད་འཛུགས་སྐྲུན་ལས་གཞི་བཅུ་གསུམ་གྱི་ལས་མགོ་བསྐྱར་ཚུགས་བྱས་བ་དང་གཞུང་ལམ་སྐྱེལ་འདྲེན་གྱི་ཁེ་ལས་མི་སྣ་ལས་ཀའི་ཁྲོད་བསྐྱར་ཞུགས་བྱེད་པའི་ཚད་གཞི71.2%ལ་སླེབས་ཡོད།

དཔྱིད་ཀའི་རྨོ་འདེབས་ཐོན་ལས་དེ་ཤར་ནས་ནུབ་ལ་བསྲིངས་བ་དང་། རི་ཀློང་ནས་རི་རྒྱུད་བར་དུ་འཕྲོ་རིམ་འཕྲོར་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་འདེབས་འཛུགས་བྱས་པའི་ལོ་ཏོག་སྤྱི་ཆིངས་ཁྲི་བརྒྱད་སྟོང་ལྔ་སུམ་བརྒྱ་དང་སྤྱིའི་འདེབས་འཛུགས་ཀྱི་རྒྱ་ཁྱོན15.33%ལ་སླེབས་ཡོད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་རིམ་པའི་ཡན་གྱི་ཞིང་ཕྱུགས་ཐོན་ལས་བཟོ་ལས་ཀྱི་ཁེ་ལས553གི་ཁྲོད་ནས536གི་ལས་མགོ་བསྐྱར་དུ་ཚུགས་སྟེ། ལས་མགོ་བསྐྱར་ཚུགས་ཀྱི་ཚད་གཞི97%ལ་སླེབས། ཞིང་ཆེན་རིམ་པ་ཡན་གྱི་ཁེ་ལས་གལ་ཆེན154ཡི་ལས་མགོ་བསྐྱར་ཚུགས་ཀྱི་ཚད་གཞི99%ལ་སླེབས། རྒྱལ་ཁབ་རིམ་པའི་སྣེ་ཁྲིད་ཁེ་ལས22ཁྲོད་བོད་ལུག་སྡེ་ཚོགས་ལས་གཞན་ཚང་མའི་ལས་མགོ་བསྐྱར་ཚུགས་བྱས་ཟིན་པས། ལས་བཟོ་པ་ལས་ཀའི་སྟེང་ཕྱིར་ལོག་པའི་ཚད་གཞི80%ལ་སླེབས་ཡོད།

ཞིང་ཆེན་ཡོངས་ཀྱི་ཁེ་ལས627ལས603གྱི་ལས་མགོ་ཡོངས་སུ་ཚུགས་པ་དང་ལས་མགོ་ཚུགས་པའི་ཚད་གཞི96.2%སླེབས་པ་དང་།  ཞག་སྡོད་དང་གསོལ་ཚིགས་ལས་རིགས་ཀྱི་ཁེ་ལས་བསྐྱར་ཚུགས་ཀྱི་ཚད་གཞི87%ལ་སླེབས་ཡོད།

དེ་ལས་གཞན་ཞིང་ཆེན་ཡོངས་ཀྱི་དངུལ་བུན་བསྐྱིས་བའི་ཁ་གྲངས་སྒོར་དུང་ཕྱུར་སྟོང་དྲུག་དང་བདུན་བརྒྱ་བཅོ་བརྒྱད་ལྷག་དང་དངུལ་རྩའི་སྒྲིག་འཛུགས་ཀྱི་ལས་མགོ་བསྐྱར་ཚུགས་ཀྱི་ཐོན་ལས་བསྐྱིས་དངུལ་གྱི་སྒོར་དུང་ཕྱུར་ཆིག་བརྒྱ་དང་བཅུ་ལ་བསླེབས་ཡོད། སྲིད་གཞུང་རང་བཞིན་གྱི་དངུལ་རྩའི་མཉམ་འབྲེལ་གྱི་འགན་བཅོལ་ཀུང་ཟིས་ཁེ་ལས་སྟོང་གཅིག་དང་ལྔ་བཅུ་ང་གཅིག་ལ་འགན་བཅོལ་བླངས་བ་དང་འགན་བཅོལ་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་ལྔར་འཕར་བ་དང་འགན་བཅོལ་གྱི་ཆ་སྙོམས་ཚད་གཞི1%ལ་སླེབས་ཡོད།

གཞན་ཡང་། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལས་གཞི་ཚང་མ་ཟླ4པའི་ཟླ་སྟོད་ལ་ཁྱོན་ཡོངས་ནས་ལས་མགོ་བསྐྱར་ཚུགས་བྱ་རྒྱུ་རེད།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་དང་ཁུལ་བཞི་ཡི་གྲོང་གསེབ་ཀྱི་གཞུང་ལམ་གཅིག་རྗེས་གཉིས་མཐུད་ངང་ལས་མགོ་བསྐྱར་ཚུགས་བྱས་པ་དང་། དེར་མཐུད་ཀྱི་འཛུགས་སྐྲུན་ལས་གཞི་ཚང་མ་ཟླ་བཞི་བའི་ཚེས་བཅོ་ལྔའི་ཡར་སྔོན་ལ་ཁྱོན་ཡོངས་ནས་ལས་མགོ་བསྐྱར་ཚུགས་བྱ་རྒྱུ་དང་། གསར་སྐྲུན་ལས་གཞི་དག་ཟླ་ལྔ་བར་ཁྱོན་ཡོངས་ནས་ལས་མགོ་བརྩམས་རྒྱུ་རེད།

ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལས་གཞི་ལས་མགོ་ཚུགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ལོ་འཁོར་གྱི་འགྲིམ་འགྲུལ་དབུལ་སྐྱོར་དམིགས་ཚད་ལས་འགན་དུས་བཅད་ལྟར་ལེགས་བགྲུབ་ཡོང་བར་འགན་ལེན་བྱ་ཆེད། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ལ་འཕྲད་པའི་དུས་བབ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པ་དང་། 2020ལོའི་གྲོང་གསེབ་གཞུང་ལམ་གྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས།  ད་ལོར་གྲོང་གསེབ་ཀྱི་གཞུང་ལམ་གསར་སྐྲུན་བསྐྱར་སྐྲུན་སྤྱི་ལེ་སྟོང་གཉིས་དང་། བདེ་སྲུང་ཨར་ལས་འཛུགས་སྐྲུན་སྤྱི་ལེ་བཞི་བརྒྱ་དང་གྱ་གཉིས། ཉེན་ཁ་ཆེ་བའི་ཟམ་པ་བཅོ་ལྔ་ལེགས་བཅོས་སྒྱུར་བཀོད་བྱ་རྒྱུ་རེད།

འགྲིམ་འགྲུལ་སྡེ་ཁག་གིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཞང་གྲོང་དང་སྒྲིག་གཞི་ཚང་བའི་སྡེ་བའི་ཨར་འདམ་ལམ“ཤར་བགྲོད་མི་ཐུབ་པ”སོགས་ཀྱི་གནད་དོན་གཙང་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱས་པ་དང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་ནང་གི་གྲོང་གསེབ་ཀྱི་གཞུང་ལམ་ལས་གཞི་ལྷག་མ་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་བ། དོ་དམ་གྱི་གསལ་ཐོ་བཟོ་བ། འགན་འཁྲིའི་ཚན་པ་ཁ་གསལ་བཟོ་བ། རྩིས་ཐོ་མེད་པར་བཟོ་བའི་དོ་དམ་ལག་བསྟར་བཅས་བྱས་ཏེ།“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལས་འགན་དུས་བཅད་ལྟར་ལེགས་འགྲུབ་ཡོང་བར་འགན་ལེན་བྱས།

རིམས་ནད་སྔོན་འགོག་ཚོད་འཛིན་དང་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལས་གཞིའི་ལས་མགོ་བསྐྱར་ཚུགས་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད“སྐུལ་འདེད་གཉིས་དང་འཐུས་ཤོར་མི་ཡོང་བ”དམ་འཛིན་བྱས་ཏེ་ཨར་ལས་སྡེ་ཚན་གྱིས་ས་གནས་ཁག་གི་འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཚན་གྱི་མཛུབ་ཁྲིད་འོག རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལས་གཞི་དོ་དམ། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ། འགྲིམ་འགྲུལ་སྐྱེལ་འདྲེན་འགན་ལེན་སོགས་ཀྱི་ཐད་འགོག་ཟོན་གྱི་བྱ་ཐབས་སྤྱད་དེ། ལས་གཞིའི་ལས་མགོ་བསྐྱར་ཚུགས་ཀྱི་འཕྲོད་བསྟེན་རིམས་འགོག་ཞིབ་བཤེར་ཐོ་འགོད་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། འགོག་ཟོན་གྱི་སྔོན་ཇུས་བཟོ་བ། དགོས་ངེས་ཀྱི་རིམས་ནད་འགོག་ཟོན་གྱི་དངོས་ཟོག་བཀོད་སྒྲིག་བཅས་བྱས་ནས་རིམས་ནད་འགོག་ཟོན་དང་ཐོན་སྐྱེད་སླར་གསོའི་ལས་དོན་ཕྱོགས་ཡོངས་ནས་ལེགས་པོར་བསྒྲུབ་རྒྱུ་རེད།

ལོ་ཙཱ། སྒྲོལ་མ་སྐྱིད།