ཕྱོགས་ཡོངས་ནས་བདེ་འཇགས་ཉེན་ཁའི་འགོག་སྲུང་བྱ་བ་བཟང་པོར་བསྒྲུབ་སྟེ། དཔལ་འབྱོར་སྤྱི་ཚོགས་བརྟན་འཇགས་ངང་འཕེལ་རྒྱས་གཏོང་བར་རམ་འདེགས་བྱེད་དགོས།
2020.04.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

           དེང་གི་དུས་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཕྱོགས་གཅིག་ནས་རིམས་ནད་འགོག་སྲུང་བྱ་བ་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་ཐོན་སྐྱེད་སླར་གསོ་བྱ་བ་དམ་འཛིན་བྱས་ཏེ། ཕྱོགས་ཡོངས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་བཞིན་པའི་སྒང་ཡིན། ཉེ་ལམ་གསར་འགོད་པས་རིམས་ནད་བྱུང་བའི་སྐབས་སུ་རང་བྱུང་གནོད་འཚེ་འགོག་སྲུང་བྱེད་པ་དང་། ཁེ་ལས་ཀྱི་ལས་ཀ་མགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོའི་བདེ་འཇགས་སོགས་ཚང་མས་སེམས་ཁུར་བྱེད་བཞིན་པའི་འབྲེལ་ཡོད་གནད་དོན་ཐད་ནས་མཚོ་སྔོན་ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་གྱི་ཐིན་ཀྲང་ལུའུ་ཉིན་ཨན་ལ་བཅར་འདྲི་བྱས།

       གསར་འགོད་པས་རིམས་ནད་འགོག་བཅོས་སྐབས་སུ་རང་བྱུང་གནོད་འཚེ་བྱུང་ན་ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་གྱིས་བྱེ་བྲག་གི་བྱེད་ཐབས་གང་དག་ཅིག་བཏོན་ཡོད་ཅེས་དྲིས་པར།

       ལུའུ་ཉིན་ཨན་གྱིས་བཤད་རྒྱུར། རང་ཞིང་གིས་མཚོ་སྔོན་ཞིང་ཆེན་དུ་གློ་བུར་དུ་བྱུང་བའི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་གྱི་རིམ་པ་དང་པོའི་འབོད་སྐུལ་ལག་བསྟར་བྱས་རྗེས། ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་གྱིས་མྱུར་དུ་རིམས་ནད་འགོག་སྲུང་ཚོད་འཛིན་གྱི་ཐག་གཅོད་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ། རིམས་ནད་འགོག་སྲུང་ཚོད་འཛིན་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། དུས་མཚུངས་སུ། རིམས་ནད་འགོག་སྲུང་ཚོད་འཛིན་བྱེད་པའི་སྐབས་སུ། རང་བྱུང་གནོད་འཚེ་དང་རིམས་ནད་གཉིས་ཐག་གཅོད་བྱེད་པའི་བྱེད་ཐབས་བཀོད་སྒྲིག་བཟང་པོ་བྱས་ཏེ། སྐབས་བསྟུན་མྱུར་སྐྱོབ་ཀྱི་ཐག་གཅོད་ནུས་པ་ཇེ་མཐོར་བཏང་།

           གཅིག་ནི་མགོ་ཁྲིད་ལས་བྱེད་པས་ལས་གནས་སྟེང་སྣེ་ཁྲིད་དང་དུས་ཚོད་ཉེར་བཞིའི་རིང་ལས་རེས་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཕྱོགས་ཡོངས་ནས་རིམས་ནད་འགོག་སྲུང་བྱ་བར་ཁ་གཏོད་པ་དང་། ཤུགས་ཡོད་ཚད་ཀྱིས་རིམས་ནད་བྱུང་བའི་སྐབས་སུ་གནོད་འཚེ་འགོག་སྲུང་ལ་ཁ་གཏོད་པའི་ཐག་གཅོད་བྱ་བ་བཟང་པོར་བསྒྲུབས།

           གཉིས་ནི་ཁྲུའུ་སོ་སོའི་གཞུང་ལས་ཁང་དང་། ལས་ཁུངས་སོ་སོས་རིམས་ནད་འགན་འཁྲིའི་ལས་བགོས་གཏན་འཁེལ་སྔར་ལས་གསལ་བོ་བྱས་ཏེ། ཉིན་རེར་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་གནས་བབ་ལ་དབྱེ་ཞིབ་སྤྱི་སྡོམ་དང་། གནས་ཚུལ་བྱུང་ན་ཚན་རིག་ལྟར་ཐག་གཅོད་བྱེད་ཐུབ་པར་ཁག་ཐེག་བྱས།

           གསུམ་ནི་སྡེ་ཁག་གིས་གྲོས་མོལ་ཞིབ་འཇུག་བྱས་ནས། རང་བྱུང་ཐོན་ཁུངས་ཐིན་དང་། ས་འགུལ་ཅུའུ་བཅས་དང་མཉམ་འབྲེལ་བྱས་ཏེ་ས་འགུལ་དང་། ས་གཤིས་གནོད་འཚེའི་ཐད་ནས་གྲོས་མོལ་ཞིབ་འཇུག་བྱས་པ་དང་། དེང་སྐབས་ས་འགུལ་དང་། ས་གཤིས་གནོད་འཚེའི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། དམིགས་གཏད་རང་བཞིན་ལྡན་པའི་སྒོ་ནས་སྐབས་བསྟུན་གྲ་སྒྲིག་དང་། དཔུང་སྡེ་བསྡུ་རུབ། རིམས་ནད་དང་འབྲེལ་བའི་དངོས་རྫས་གསོག་འཇོག་གི་ཐད་བྱེ་བྲག་གི་རེ་བ་བཏོན།

           བཞི་ནི་རིམས་ནད་བྱུང་བའི་སྐབས་སུ་ནགས་ཚལ་གྱི་མེ་འགོག་བྱ་བ་ནན་ཏན་གྱིས་བཀོད་སྒྲིག་བྱས་པ་དང་། བཞུགས་མོལ་ཚོགས་འདུ་བསྡུས་ཏེ་དེང་སྐབས་གནས་པའི་གནད་དོན་གཙོ་བོ་དང་བྱ་བའི་བྱེད་ཐབས་ཐད་ནས་བརྗེ་རེས་བྱས་པ་དང་། རིམས་ནད་བྱུང་བའི་སྐབས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བདེ་འཇགས་བྱ་བར་བཀོད་སྒྲིག་བྱས།

            ལྔ་ནི་ཆུ་ལོག་དང་ཐན་པ་འགོག་པའི་བྱ་བར་སྔོན་ལ་འཆར་འགོད་བྱས། རིམས་ནད་འགོག་སྲུང་ཚོད་འཛིན་བྱེད་པའི་སྐབས་སུ་ཆུ་ལོག་དང་ཐན་པ་འགོག་པའི་བྱ་བ་བཟང་པོར་བསྒྲུབ་པའི་སྐོར་གྱི་འབྲེལ་ཡོད་བརྡ་སྦྱོརདཔར་ནས་བཀྲམས་པ་དང་། དེས་རིམས་ནད་བྱུང་བའི་སྐབས་སུ་ཆུ་ལོག་དང་ཐན་པ་འགོག་པའི་བྱ་བ་བཟང་པོར་བསྒྲུབ་པར་རེ་བ་གསལ་བོ་བཏོན།

            གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་གྱིས་རིམས་ནད་འགོག་སྲུང་བྱེད་པའི་དུས་མཚུངས་སུ་ཁེ་ལས་ཀྱི་ལས་ཀ་མགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱས་ཏེ་བདེ་འཇགས་སྒོས་ཐོན་སྐྱེད་བྱེད་པར་འགན་སྲུང་བྱེད་པའི་ཐད་ལ་བྱ་བ་གང་དག་ཅིག་སྤེལ་ཅེས་དྲིས་པར།

            ལུའུ་ཉིན་ཨན་གྱིས་བཤད་རྒྱུར། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་རིམས་ནད་འགོག་སྲུང་ཚོད་འཛིན་བྱ་བའི་སྤྱིའི་བཀོད་སྒྲིག་དང་རེ་བ་ལྟར། ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་གྱིས་ཤུགས་ཡོད་ཚད་བཏོན་ནས་ལས་རིགས་སྣ་ཚོགས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་འགོག་སྲུང་བྱས་ནས་རིམས་ནད་འགོག་སྲུང་ཚོད་འཛིན་དང་ལས་ཀ་མགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱ་བ་བརྟན་འཇགས་ཀྱིས་སྤེལ།

          གཅིག་ནི་རིམས་ནད་བྱུང་བའི་སྐབས་སུ་ལས་ཀ་མགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་རེ་བ་གཏན་འཁེལ་གསལ་བོ་བྱས། 《རིམས་ནད་འགོག་སྲུང་ཚོད་འཛིན་བྱེད་པའི་སྐབས་སུ་རྡོ་སོལ་གཏེར་རི་མ་ཡིན་པ་དང་བཟོ་ཚོང་ཁེ་ལས་ཀྱི་ལས་ཀ་མགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་བརྡ་སྦྱོར》དང་། 《རིམས་ནད་འགོག་སྲུང་ཚོད་འཛིན་བྱེད་པའི་སྐབས་ཀྱི་རྫས་འགྱུར་བཟོ་ལས་དང་ཉེན་ཁའི་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་བཟང་པོར་བསྒྲུབ་པའི་སྐོར་གྱི་བྲེལ་མྱུར་བརྡ་སྦྱོར》སོགས་འབྲེལ་ཡོད་ཡིག་ཆ་དཔར་ནས་བཀྲམས་ཏེ། འཕྲལ་སྒྲུབ་དོ་དམ་སྡེ་ཁག་དང་ཁེ་ལས་ཀྱིས་རིམས་ནད་བྱུང་བའི་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཙོ་བོ་དངོས་འབེབ་བྱེད་པར་རེ་བ་གསལ་བོ་བཏོན་པ་དང་། “ངེས་པར་སྒྲུབ་དགོས་པ་དྲུག”དང་།“དམིགས་སར་འབྱོར་བ་ལྔ” “རྒྱུན་འཁྱོངས་བཞི”ཡི་རེ་བ་ལྟར་དུ། ཁེ་ལས་གྱིས་རིམས་ནད་ཞིབ་བཤེར་ལ་རྩ་འཛུགས་བྱེད་པར་སྐུལ་འདེད་བྱས་ཏེ། བདེ་འཇགས་ཀྱི་ཉེན་ཁ་གལ་ཆེན་དང་། རིམས་ནད་འགོག་སྲུང་ཚོད་འཛིན་གྱི་དངོས་རྫས་གསོག་འཇོག་སོགས་ཐད་ཀྱི་བྱེད་ཐབས་གནད་ལ་མི་འཁེལ་བ་དང་། ལས་ཀ་མགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཆ་རྐྱེན་མི་ཚང་བ་ལ་ལས་ཀ་མགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཆོག་མཆན་མི་འགོད་པར་བྱས།

          གཉིས་ནི་ཕྱོགས་ཡོངས་ནས་ཁེ་ལས་ཀྱི་ལས་ཀ་མགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པ་དང་ལྷག་པར་དུ་ཁེ་ལས་ཀྱིས་རིམས་ནད་འགོག་སྲུང་དངོས་རྫས་བདེ་འཇགས་ཀྱི་སྒོ་ནས་ཐོན་སྐྱེད་བྱེད་པའི་བྱ་བ་བཟང་པོར་བསྒྲུབས། རང་ཞིང་གིས་དུག་སེལ་བྱས་པའི་དངོས་རྫས་དཀོན་པའི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ། ཐིན་ཏང་རྩ་འཛུགས་ཀྱི་ཁོངས་མི་ས་ཆ་སོ་སོར་སོང་ནས་ལྟ་རྟོག་ཞིབ་བཤེར་བྱས་པར་མ་ཟད། ཞིང་ཆེན་ཡོངས་སུ་དུག་སེལ་སྨན་རྫས་ཐོན་སྐྱེད་བྱེད་པའི་ནུས་པ་ལྡན་པའི་རྫས་འགྱུར་བཟོ་ལས་ཁེ་ལས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ནས་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་པར་བྱ་བའི་བསམ་འཆར་བཏོན་པ་དང་། རང་འགུལ་དང་། དམིགས་གཏད་ཡོད་པའི་སྒོ་ནས་བདེ་འཇགས་ཐོན་སྐྱེད་ལ་མཛུབ་སྟོན་དང་ཞིབ་བཤེར་ཞབས་ཞུ་བསྒྲུབས་ཤིང་། ཁེ་ལས་ཀྱིས་བདེ་འཇགས་སྒྲིག་ཆས་མཁོ་འདོན་བྱེད་དཀའ་བ་སོགས་ཀྱི་དཀའ་ངལ་ཐག་གཅོད་བྱེད་པར་མཐུན་སྦྱོར་རོགས་སྐྱོར་བྱས་ནས། ཁེ་ལས་ལ་ཡུལ་དངོས་ནས་དོ་དམ་ལྟ་རྟོག་བྱེད་རོགས་བྱས་པ་དང་། རང་ཞིང་གིས་རིམས་ནད་འགོག་སྲུང་ཚོད་འཛིན་གྱི་འཐབ་རྩོད་ལ་རྒྱལ་ཁ་ལེན་པར་ཤུགས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱས། མིག་སྔར། ཉིན་རེར་སྨན་བཀོལ་ཆང་བཅུད་ཏུན་སུམ་ཅུ་དང་ 84 དུག་སེལ་གཤེར་ཁུ་ཏུན་སུམ་ཅུ་སོ་ལྔ་ཐོན་སྐྱེད་བྱེད་མགོ་བརྩམས་པས། དེང་སྐབས། ཞིང་ཆེན་ཡོངས་ཀྱི་དུག་སེལ་དངོས་རྫས་དཀོན་པའི་རྣམ་པ་ལྷོད་འཇགས་སུ་བཏང་བར་མ་ཟད། རང་ཞིང་དུ་དུག་སེལ་ཐོན་རྫས་མེད་པའི་སྟོང་ཆ་བསྐངས།

         རིམས་ནད་འགོག་སྲུང་དངོས་རྫས་བདེ་འཇགས་ཀྱི་སྒོ་ནས་ཐོན་སྐྱེད་བྱེད་པར་འགན་སྲུང་བྱེད་པའི་དུས་མཚུངས་སུ། ཤུགས་ཡོད་ཚད་ཀྱིས་ཁེ་ལས་གཙོ་བོས་ལས་ཀ་མགོ་རྩོམ་པར་ཞབས་ཕྱི་དང་། མཛུབ་སྟོན། ཞིབ་བཤེར་བྱེད་པའི་བྱ་བ་བཟང་པོར་བསྒྲུབས། དེ་དང་ཆབས་ཅིག་ཏུ། མེ་འགོག་བདེ་འཇགས་ཉེན་ཁ་ལ་གཙོ་བོར་ཞིབ་བཤེར་བྱེད་པ་དང་། ཞིང་ཆེན་མེ་འགོག་མྱུར་སྐྱོབ་སྤྱིའི་རུ་ཁག་དང་ཟི་ལིང་གྲོང་ཁྱེར་འཕྲལ་སྒྲུབ་ཅུའུ་དང་མཉམ་འབྲེལ་བྱས་ནས་ཟི་ལིང་གྲོང་ཁྱེར་གྱི་མཁར་ཁུལ་བཞིའི་རིམས་ནད་འགོག་སྲུང་ཚོད་འཛིན་གྱི་ལོགས་དགར་ས་གནས་དང་། སྨན་ཁང་ཁ་ཤས། ལས་གཉེར་ཁྲོད་ཀྱི་རང་འདེམ་ཚོང་ཁང་། སྔོ་ཚོད་ཚོང་ར་སོགས་མི་སྣ་མང་པོ་འདུས་ས་དང་སྡོད་དམངས་ཀྱི་སྡོད་ཁུལ་སོགས་སུ་གནས་གཏན་འཁེལ་གྱི་སྒོ་ནས་མེ་འགོག་བདེ་འཇགས་ལ་མཛུབ་སྟོན་ཞིབ་བཤེར་བྱེད་པའི་བྱ་བ་སྤེལ་ཏེ། མེ་འགོག་བདེ་འཇགས་བྱ་བར་ཁག་ཐེག་བྱས།

          གསུམ་ནི་ལྟ་རྟོག་དོ་དམ་བྱ་བ་གསར་སྐྲུན་བྱས་ཏེ། བརྙན་རིས་ཀྱི་ལམ་ནས་ཁེ་ལས་གཙོ་བོའི་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་རྟོག་དོ་དམ་བྱས། རིགས་སོ་སོའི་ཁྲིམས་ལག་བསྟར་བྱེད་མཁན་གྱི་མི་སྣ་ཐད་ཀར་ཡུལ་དངོས་སུ་ཐོན་དཀའ་བ་སོགས་ཀྱི་གནད་དོན་གསར་བར་དམིགས་ནས་འཕྲལ་སྒྲུབ་དོ་དམ་གྱི་རྒྱང་རིང་ནས་ལྟ་རྟོག་དོ་དམ་བྱེད་པའི་ཞབས་ཞུ་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཉེན་ཁའི་རྫས་འགྱུར་དངོས་རྫས་ཁེ་ལས་ལ་དུས་ཚོད་ཉེར་བཞིའི་རིང་རྒྱང་རིང་ནས་ལྟ་ཞིབ་ཚད་ལེན་དང་མཛུབ་སྟོན་བྱས། ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་ནས་བཟུང་། ཞིང་ཆེན་ཡོངས་སུ་ཉེན་ཁའི་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་ཐོན་སྐྱེད་ཉེན་ཟོན་སྔོན་བརྡ་བརྒྱ་དང་གཅིག་དང་། བརྙན་ལམ་བཀོད་གཏོང་ཁེ་ལས་བརྒྱ་དང་གོ་བརྒྱད་ཐག་གཅོད་བྱས་ཏེ། ཞིང་ཆེན་གྱི་རིམ་པ་དང་པོ་དང་རིམ་པ་གཉིས་པའི་ཉེན་ཁ་ཆེན་པོ་འབྱུང་ཁུངས་ཀྱི་ཁེ་ལས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་དྲ་ཐོག་ཏུ་ཞུགས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་པ་རྒྱུན་འཁྱོངས་བྱས། དྲ་རྒྱའི་བརྙན་རིས་ལ་ཞིབ་བཤེར་བྱེད་པའི་རྣམ་པ་སྤྱད་དེ། ལས་གཞི་གལ་ཆེན་གྱིས་ལས་ཀ་མགོ་རྩོམ་པར་ཞབས་ཞུ་སྒྲུབ་པ་དང་། ཆེད་མཁས་པ་རྩ་འཛུགས་བྱས་ནས་མཚོ་སྔོན་རྨ་ཆུའི་གཏེར་ལས་ཚད་ཡོད་འགན་འཁྲི་ཀུང་ཟིའི་ན་གོར་མོ་ནིལ་ཁོབ་གཏེར་མཇུག་མཛོད་བཟོ་སྐྲུན་གྱི་བདེ་འཇགས་སྒྲིག་ཆས་ཇུས་འགོད་ལ་ཞིབ་བཤེར་བྱས། སྔར་ལས་ལྷག་པའི་སྒོ་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་ཏེ། རིམས་ནད་བྱུང་བའི་སྐབས་སུ་ཐུག་འཕྲད་མི་བྱེད་པར་ཞིབ་བཤེར་ཆོག་མཆན་འགོད་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་བའི་དུས་མཚུངས་སུ། 《རྡོ་སྣུམ་དང་རང་བྱུང་སོལ་རླངས་ལག་རྩལ་གྱི་ཞབས་ཞུ་སྔར་ལས་ཚད་ལྡན་དུ་བཏང་སྟེ་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་སྲིད་འཛིན་ཆོག་འཐུས་ཀྱི་འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་སྦྱོར》མེད་པར་བཏང་ནས་སྲིད་འཛིན་ཞིབ་མཆན་འགོད་པའི་བྱ་བའི་དོན་ཚན་ཁུ་བསྡུ་བྱས།

            བཞི་ནི་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ཉེན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁེ་ལས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་ལས་ཀ་མགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པར་བདེ་འཇགས་ཀྱི་ཞབས་ཞུའི་འགན་སྲུང་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱས། ཁེ་ལས་ཀྱིས་ལས་ཀ་མགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་མདུན་དུ་ལྷགས་པའི་དཀའ་ངལ་དང་དངོས་ཡོད་དགོས་མཁོར་ཁ་གཏད་དེ། ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་གྱིས་ཉེན་སྲུང་ཀུང་ཟི་སོ་སོ་དང་མཐུན་སྦྱོར་བྱས་ནས་བདེ་འཇགས་འགན་འཁྲིའི་ཉེན་འགོག་གིས་ཁེ་ལས་ལ་དམིགས་བསལ་སྲིད་ཇུས་དང་ཞབས་ཞུའི་བྱེད་ཐབས་འདོན་སྤྲོད་བྱས་ནས་ཁེ་ལས་ཀྱིས་ལས་ཀ་མགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པར་བདེ་འཇགས་ཐོན་སྐྱེད་ཀྱི་རྗེས་ཀྱི་སེམས་ཁྲལ་ཐག་གཅོད་བྱས།

             གསར་འགོད་པས་ད་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཡིན་པས། ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་གྱིས་ཞིང་ཆེན་ཡོངས་ཀྱིས“མིག་མངས་སྡེར་གཅིག”གི་བསམ་ཕྱོགས་དེ་ཅི་ལྟར་རྒྱུན་འཁྱོངས་བྱས་ནས་བདེ་འཇགས་ཉེན་ཁ་སོ་སོའི་དོགས་ཟོན་སེལ་ཐབས་ཀྱི་བྱ་བ་དམ་འཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བདེ་འཇགས་ལ་བརྟན་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་པར་འགན་སྲུང་བྱེད་རྒྱུ་ཡིན་ནམ་ཞེས་དྲིས་པར།

ལུའུ་ཉིན་ཨན་གྱིས་བཤད་རྒྱུར། ད་ལོར། ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་གྱིས་འཕྲལ་སྒྲུབ་དོ་དམ་མ་ལག་དང་ནུས་པའི་དེང་རབས་ཅན་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བྱས་ནས་མི་འདང་ས་ཁ་གསབ་དང་། སྐྱོན་ཆ་སེལ་བ། ཞན་ཆ་ཇེ་དྲག་ཏུ་གཏོང་བ། ཡུན་རིང་ལ་བསམ་བློ་གཏོང་བ་སོགས་བྱས་ཏེ། ནུས་ཤུགས་ཆེན་པོས་འཕྲལ་སྒྲུབ་དོ་དམ་སྡེ་ཁག་གི་ཕྱོགས་བསྡུས་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་མཐུད་བརྟན་འཇགས་ཀྱི་བདེ་འཇགས་ཁོར་ཡུག་ཅིག་བསྐྲུན་པར་འབད་བརྩོན་བྱས།

         གཅིག  ད་ལྟ་སྤེལ་བཞིན་པའི“མི་སྣར་གསོ་སྦྱོང་ཆེན་པོ་བྱེད་པ་དང་། ལས་གནས་སྟེང་སྦྱོང་བརྡར་ཆེན་པོ་བྱེད་པ། ཁོར་ཡུག་ལེགས་སྒྲིག་ཆེན་པོ”བྱེད་པའི་བྱ་བ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འཕྲལ་སྒྲུབ་དོ་དམ་མ་ལག་གིས“སྙིང་སྟོབས་སློབ་པ་དང་། བློ་དཀར་སེམས་དཀར། ནུས་པ་ཆེ་རུ་གཏོང་བ། ལག་ལེན་ལ་སྐུལ་འདེད་གཏོང་བ”སོགས་སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་སྤེལ་བར་མ་ཟད། དེ“རང་འདེམས་བྱ་སྤྱོད”བྱས་ཏེ། མ་ལག་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པས་མི་འདང་ས་དང་ཞན་ཆ་ཁ་གསབ་བྱེད་པར་སྣེ་ཁྲིད་བྱས།

        གཉིས། ཁེ་ལས་དང་ལས་གཞི་གཙོ་བོའི་ལས་ཀ་མགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་བྱ་བར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། གནད་འགག་དམ་འཛིན་བྱས་ནས་བདེ་འཇགས་ཀྱི་ཉེན་ཁར་ཁ་གཏོད་པར་ཆ་རྐྱེན་མི་ཚང་བའི་ཁེ་ལས་ལ་ཐོན་སྐྱེད་སླར་གསོ་བྱེད་དུ་མི་འཇུག་པ་དང་། འཚབ་འཚུབ་ཀྱིས་ལས་ཀ་མགོ་རྩོམ་པ་ལས་བཟོས་པའི་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་འབྱུང་བ་གཏན་འགོག་བྱས་ནས་རིམས་ནད་འགོག་སྲུང་ཚོད་འཛིན་བྱེད་པའི་སྐབས་སུ་རྡོ་སོལ་གྱི་གཏེར་རི་མ་ཡིན་པ་དང་བཟོ་ཚོང་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་རྣམ་པ་བརྟན་འཇགས་ཡོང་བར་ཁག་ཐེག་བྱས།

        གསུམ། ཉིས་སྟོང་ཉི་ཤུ་ལོའི་ཚན་རྩལ་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་འཆར་འགོད་བྱ་བ་མགྱོགས་མྱུར་གྱིས་སྤེལ་ནས། གཞི་གྲངས་གཅིག་འདུས་དབྱེ་ཞིབ་ཇེ་དྲག་ཏུ་གཏོང་བ་དང་། “མཉམ་འབྲེལ་དྲ་བ་དང་སྲིད་གཞུང་གི་ཞབས་ཞུ”གཏིང་ཟབ་དུ་བཏང་སྟེ། ཚན་རྩལ་ཆ་འཕྲིན་ཅན་གྱི་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཚད་ཇེ་མགྱོགས་སུ་བཏང་ནས་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་གྱིས་འཕྲལ་སྒྲུབ་དོ་དམ་མ་ལག་དང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་བྱེད་པར་རོགས་རམ་བྱས།

         བཞི། དུས་དང་རྣམ་པ་ཀུན་ཏུ་དམག་འཐབ་རྒྱག་པར་གྲ་སྒྲིག་དང་དུས་ལྟར་འཐབ་འཛིང་བྱེད་པའི་རྣམ་པ་སྲུང་འཛིན་བྱས་ནས་འབད་བརྩོན་ཆེན་པོས་རིམས་ནད་འགོག་སྲུང་ཚོད་འཛིན་གྱི་འཇབ་རྒོལ་དམག་འཐབ་རྒྱག་པར་རོགས་རམ་དང་། ས་འགུལ་དང་། ས་གཤིས་གནོད་འཚེའི་མྱུར་སྐྱོབ་བྱ་བའི་གྲ་སྒྲིག་ལ་ཤུགས་བསྣན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས།

                                                                                                               ལོ་ཙཱ། ཚེ་རིང་སྒྲོལ་མ།