མཚོ་ནུབ་ཁུལ་གྱིས་བྱ་ཐབས་སྣ་མང་སྤྱད་དེ་ཁེ་ལས་ཀྱི་ཐོན་སྐྱེད་གཏན་འཇགས་ཡོང་བར་སྐུལ་འདེད་བཏང་།
2020.04.15 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 19

 པྲོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་ཐེབས་པའི་འོག   མཚོ་ནུབ་ཁུལ་་གྱིས་ཡིད་ཆེས་བརྟན་པོ་དང་ངེས་ཤུགས་རྒྱུན་འཁྱོངས། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ནས། “བརྟན་པོ་དྲུག”གི་བླང་བྱ་དོན་འཁྱོལ་དང་། རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་།  བྱ་ཐབས་སྣ་མང་སྤྱད་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཏན་འཇགས་ཡོང་བར་སྐུལ་འདེད་བཏང་སྟེ། ལོ་འཁོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་བདེ་བླག་ངང་མངོན་འགྱུར་བྱེད་པར་འགན་ལེན་བྱས།  མིག་སྔར། ཁུལ་ཡོངས་ཀྱི་གཞི་ཁྱོན་ཅན་གྱི་བཟོ་ལས་ཁེ་ལས169ཁྲོད་དུ་ཁེ་ལས156གིས་ཟམ་མི་ཆད་པར་ཐོན་སྐྱེད་བྱེད་པའམ་ཡང་ན་དུས་ཆེན་རྗེས་སུ་ལས་ཐོན་བསྐྱར་ཚུགས་བྱས་ནས། ལས་ཐོན་བསྐྱར་ཚུགས་བྱས་ཚད92%ཟིན་ཡོད།

ཁེ་ལས་ཀྱི་མཐུན་སྦྱོར་ཞབས་ཞུར་ཤུགས་བསྣན་པ།  ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱིས་བཏོན་པའི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།  ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་བྱེད་པར་ཚོང་ར་དང་ལས་མི་བཀོལ་སྤྱོད། མ་དངུལ་བསྡུ་སྒྲིལ་སོགས་ཕྱོགས་ཀྱི་གནད་དོན་ལ་དམ་པོར་དམིགས་པ་དང། གསལ་ཐོ་བཟོས་ཏེ་ཁེ་ལས་རེར་ཐབས་ཇུས་རེ་འདོན་པ་དང་ཕྱོགས་བསྡུས་ཇུས་བསྟར་བྱེད་པ། གནད་ཕིགས་རོགས་སྐྱོར་བཅས་བྱས་ནས་ཁེ་ལས་ཀྱི་དཀའ་གནད་སེལ་རོགས་བྱས། དེ་དང་ཆབས་ཅིག་མཁོ་སྤྲོད་སྦྲེལ་ཐག་དང་ཐོན་ལས་སྦྲེལ་ཐག་མཐུན་སྦྱོར་བྱས་པ་དང་། འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ། སྤྱི་ཡོངས་ཀྱི་སྒྲིག་ཆས་དང་མཐུན་སྦྱོར་བསྐྱར་ཚུགས་ཀྱི་སྒྲིག་འཛུགས་བཀོད་གཏོང་ལས་དོན་ལེགས་པོ་བསྒྲུབས་ཏེ། ཁུལ་ཡོངས་ཀྱི་ལས་ཐོན་བསྐྱར་ཚུགས་ཀྱི་སྤྱི་ཡོངས་ཀྱི་ཕན་འབྲས་དང་ཆུ་ཚད་མཐོར་འདེགས་སུ་བཏང་།

ཐོན་འབྲས་འཕར་སྣོན་གྱི་སྦས་ཤུགས་སྐྱེད་སྲིང་དང་སྔོག་འདོན་བྱས།  ལོ་ནང་དུ་ཐོན་ནུས་ཆགས་ཐུབ་པའི་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་བྱས་ནས། དངོས་དོན་གཉེར་བའི་བྱེད་ཐབས་སྤྱོད་པ་དང། ལས་ཀའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། ལས་གཞི་དུས་ཐོག་ཏུ་ཐོན་སྐྱེད་བྱེད་མགོ་ཚུགས་པ་བཅས་ལ་འགན་ལེན་བྱས་ཤིང་།  ཁེ་ལས་སྐྱེད་སྲིང་གི་མིང་མཛོད་འཛུགས་པ་དང་། འཕེལ་རིམ་གྱི་དུས་ཚོད་སྔོན་ལ་བསྒྲིགས་ནས། གཞི་ཁྱོན་ཅན་གྱི་ཁེ་ལས་ལ་དཔྱད་ཡིག་ལེགས་སྒྲིག་དང་མཛོད་འཇུག་ཡར་ཞུ་བྱེད་པའི་བྱ་བ་ལེགས་པོ་བསྒྲུབ་རྒྱུར་ཁྲིད་སྟོན་བྱས་ཏེ། ད་ལོར་གཞི་ཁྱོན་ཆེ་བའི་ཁེ་ལས་གསར་པ8ཡན་ཁ་བསྣན་པར་འགན་ལེན་བྱས།

ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་། དུས་ཐོག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཉམས་མྱོང་དང་བྱེད་ཐབས་ལ་གཅིག་གྱུར་ངང་སྤྱི་སྡོམ་བྱེད་པར་དམ་འཛིན་བྱས་ཏེ། སྲིད་ཇུས་དང་བྱེད་ཐབས་ལེགས་པོ་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་གཏོང་བ་དང་། སྔོན་འགོག་ཚོད་འཛིན་གྱི་དུས་བབ་དང་སྤྱོད་གོ་ཆོད་པའི་བྱེད་ཐབས་དུས་ཐོག་ཏུ་གཏན་འབེབས་བྱས་ནས། དགེ་མཚན་ལྡན་པའི་བརྡ་རྟགས་གཏོང་བ་དང་ཡིད་ཆེས་ཁྱབ་སྒྲོག དོགས་པ་སེལ་ནས་ཁེ་ལས་སྐྱོན་བྲལ་ངང་འཁོར་སྐྱོད་ཐུབ་པར་སྐུལ་འདེད་བཏང་།

དེར་མ་ཟད།  མཚོ་ནུབ་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་སུ་ལས་ཞུགས་ཞབས་ཞུའི་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད།  ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་གནད་ལ་འཁེལ་བའི་སྒོ་ནས་ཁེ་ལས་ཀྱི་གནས་བབ་ལ་དམིགས་ཏེ། ལས་ཐོན་བསྐྱར་ཚུགས་ལ་རོགས་སྐྱོར་བྱེད་པ་དང་། དྲ་ཐོག་གི་གདན་འགུགས་བྱེད་ཐབས་གསར་གཏོད་བྱས་པ་བརྒྱུད་ནས་ལས་ཞུགས་ཞབས་ཞུའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་བཏང་།

“ཁེ་ལས་ལ་ཞབས་འདེགས་ཞུ་བའི་ཆེད་དོན་བྱ་སྤྱོད”མགོ་ཁྲིད་ཚན་ཆུང་བཙུགས་ནས་ཁུལ་ཡོངས་ཀྱི་ཁེ་ལས568ཀྱི་ལས་མི་བཀོལ་སྤྱོད་བྱས་ཚུལ་ལ་བརྟག་དཔྱད་ལེགས་པོ་ བྱས་ཏེ།  ལས་མི་བཀོལ་སྤྱོད་བྱེད་མཁན་ཁེ་ལས66གི་ལས་གནས་མི་འདང་བའི་ལས་རྐང་ཆ་འཕྲིན་སྡོམ་པས1353བསྡུ་རུབ་བྱས། སྐད་འཕྲིན་སྤྱི་རྟགས་དང་། སྐད་འཕྲིན་ཚོགས་པ་ སོགས་ཀྱི་དྲིལ་བསྒྲགས་བྱ་ཐབས་སྣ་ཚོགས་སྤྱད་དེ། ལས་ཀ་འཚོལ་མཁན་སྣ་ཚོགས་ལ་གདན་འགུགས་ལས་གནས་ཀྱི་ཆ་འཕྲིན་འོས་སྦྱོར་བྱས་ཤིང་།  དྲ་ཐོག་གདན་འགུགས་བྱེད་སྒོའི་ཁྱབ་རྒྱ་དང་མཁར་གྲོང་གི་ངལ་རྩོལ་པས་རྒྱུས་ལོན་ཐུབ་ཚད་སྔར་བས་ཆེ་རུ་བཏང་ལ། གདན་འགུགས་ལས་འཚོལ་ཆ་འཕྲིན་གྱི་ནུས་ལྡན་རང་བཞིན་དང་དུས་ཐོག་གནད་འཁེལ་རང་བཞིན་འཚོལ་བསྡུ་དང་ཡོངས་བསྒྲགས་ཐུབ་པར་འགན་ལེན་བྱས།

དྲ་ཐོག་གི་ཆེད་དོན་གདན་འགུགས་བྱ་སྤྱོད་སྤེལ་ནས་ཁེ་ལས་ཀྱི་ལས་མི་དཀོན་པའི་ཞན་ཆ་ཁ་གསབ་བྱས།  ཁེ་ལས་དང་ཁུལ་ཕྱི་ནང་གི་ངལ་རྩོལ་ནུས་ཤུགས་དྲ་ཐོག་ཏུ་ལས་མི་བཀོལ་སྤྱོད་དང་ལས་ཀ་འཚོལ་བའི་ཆ་འཕྲིན་བསྒྲགས་ཐུབ་པ་བྱས་ནས། ཁེ་ལས་ལ་ལས་མི་མི་འདང་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱས།  མིག་སྔའི་བར་ཁུལ་ཡོངས་སུ་རིམ་རྩིས་བྱས་ན་དྲ་ཐོག་གི་གདན་འགུགས་བྱེད་སྒོ་ཐེངས15སྤེལ་བ་དང་། མི་སྤྱོད་སྡེ་ཚན206གིས་གདན་འགུགས་ལས་གནས3214 མཁོ་འདོན་བྱས་ལ།  མི1227ལས་ཞུགས་ཐུབ་ཡོད། དྲ་ཐོག་ཞབས་ཞུའི་རྒྱུན་གཏན་ལམ་སྲོལ་བཙུགས་ནས་མཁོ་སྤྲོད་ཀྱི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས།“མཚོ་ནུབ་ཁུལ་གྱི་ཁ་པར་ལས་ཞུགས་ཞབས་ཞུའི་ཚོམས་ཆེན”གྱི་གདན་འགུགས་ལས་འཚོལ་མ་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་།  ལས་གནས་ཆ་འཕྲིན་འཚོལ་བསྡུ་བྱེད་པའི་བླང་བྱ་ཚད་ལྡན་དུ་བཏང་ལ། ཆ་འཕྲིན་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས། མི་སྤྱོད་སྡེ་ཚན་གྱི་ཆ་འཕྲིན་དང་། གདན་འགུགས་ལས་གནས་ཀྱི་གཞི་རྩའི་གནས་ཚུལ། གླ་ཕོགས་ཐོབ་ཐང་སོགས་གནད་འགག་གི་ཆ་འཕྲིན་གྱི་དོན་དངོས་འཐུས་ཚང་ཡོང་བར་འགན་ལེན་བྱས།  རྒྱུན་རྣམ་ཅན་གྱི་སྐུལ་འདེད་ལམ་སྲོལ་བཙུགས་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཁེ་ལས་ལ་རང་འགུལ་ངང་ཞབས་ཞུ་བྱེད་པ་དེ་རང་རྟོགས་དང་རྒྱུན་རྣམ་དུ་འགྱུར་བར་བྱས་ཏེ། གདན་འགུགས་ལས་འཚོལ་དྲ་ཐོག་ནས་གཉེར་བ་དང་ལག་ཐོག་ནས་གཉེར་ཐུབ་པ་མངོན་འགྱུར་བྱས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།