རྣམ་པར་གྲོལ་བའི་མེ་ཏོག་ཆུན་པོ། ༼4.14ས་འགུལ་རྗེས་ཀྱི་ལོ་ངོ་བཅུའི་རིང་གི་ཡུས་ཧྲུའུ་གྲོང་ཁྱེར་གྱི་སློབ་གསོའི་གནས་ཚུལ།༽
2020.04.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 84

ཡུས་ཧྲུའུ་གསར་བའི་ཕྱི་ཡི་བཀོད་པ། 

4.14ས་འགུལ་བྱུང་རྗེས་ཀྱི་ལོ་ངོ་བཅུའི་ནང་། ཡུས་ཧྲུའུ་གྲོང་ཁྱེར་གྱི་སློབ་གསོའི་ལས་དོན་དེ་ཀྲུང་དབྱང་དང་ཞིང་ཆེན་ས་གནས་རིམ་པ་ཁག་གི་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་། དེ་མིན་རྒྱལ་ཁབ་སློབ་གསོ་པུའུ་དང་ཞིང་ཆེན། ཁུལ། གྲོང་ཁྱེར་བཅས་ཀྱི་སློབ་གསོའི་གཙོ་གཉེར་སྡེ་ཁག་གི་ཤུགས་ཆེན་པོས་རྒྱབ་སྐྱོར་ལ་བརྟེན། གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། 2013ལོར་ཡུས་ཧྲུའུ་གྲོང་ཁྱེར་གྱིས་རྫོང་བསྒྱུར་བཀོད་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། “མི་སྣ་གསོ་སྐྱོང་རྩ་བར་འཛིན་པ་དང་ཀུན་སྤྱོད་སློབ་གསོ་སྔོན་དུ་སྤེལ་བ། ནུས་པ་གཙུགས་འཛིན་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བའི”སློབ་གཉེར་འདུ་ཤེས་ལ་དམིགས་ཏེ། གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་སྲིད་གཞུང་གི《སློབ་གསོའི་སློབ་ཁྲིད་དོ་དམ་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། ཧུར་ཐག་སྒོས་སློབ་གསོའི་སློབ་སྒྲུབ་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བའི་སྐོར་གྱི་ཐག་གཅོད》ལག་བསྟར་དོན་འཁྱོལ་བྱས་པ་དང་། སློབ་སྔོན་སློབ་གསོ་དང་འོས་འགན་སློབ་གསོའི་འཕེལ་རྒྱས་ལ་གདོང་གཏད་ནས་སློབ་གྲྭ་ཆུང་འབྲིང་ཁག་གི་རྣམ་པ་རྙིང་བ་དང་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་དང་བྱང་ཚད་སློབ་གསོ་ཏན་ཏིག་གིས་གོང་དུ་སྤེལ།

4.14ས་འགུལ་བྱུང་བའི་རྗེས་སུ། ཡུས་ཧྲུའུ་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས“སློབ་གསོར་བརྟེན་ནས་གྲོང་ཁྱེར་སྟོབས་ལྡན་དུ་གཏོང་བའི”འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ་སློབ་གསོ་དོ་དམ་གྱི་ལམ་སྲོལ་གསར་གཏོད་སྒོས། ནོར་སྲིད་ཀྱི་གཏོང་སྒོ་ཆེ་རུ་བཏང་སྟེ་སློབ་གསོ་གོང་སྤེལ་ལ་འདེགས་སྐྱོར་བྱེད་པའི་ཚད་གཞི་མཐོར་འདེགས་དང་། སློབ་གསོའི་གྲོན་དངུལ་མི་འདང་བའི་དཀའ་ངལ་ཁྱད་དུ་བསད་ནས། ཧུར་བརྩོན་ཆེན་པོས་ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ་སློབ་གསོའི་བྱ་བཞག་འཕེལ་རྒྱས་ལ་ཁག་ཐེག་བྱས།

ཡུས་ཧྲུའུ་གྲོང་ཁྱེར་སྲིད་གཞུང་སློབ་གསོ་ལྟ་སྐུལ་མཛུབ་སྟོན་ཁང་གི་ཀྲུའུ་རེན་ལི་ཧཱེ་ཞན་གྱིས།

༼   འདས་པའི་ལོ་ངོ་བཅུའི་རིང་ང་ཚོས་སློབ་གསོའི་ཐད་བཀོད་བའི་སྤྱིའི་མ་དངུལ་བསྡོམ་པའི་ཉིས་སྟོང་བཅུ་ལོའི་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ནས་ཉིས་སྟོང་བཅུ་དགུ་ལོའི་སྒོར་དུང་ཕྱུར་བཞི་དང་བྱེ་བ་གསུམ་ལ་འཕར་བ་དང་། དེར་མ་ཟད་སློབ་གྲྭའི་ཁང་བའི་སྤྱིའི་རྒྱ་ཁྱོན་ས་འགུལ་མ་བྱུང་སྔུན་གྱི་རྨིད་རྒྱ་དཔངས་གྲུ་བཞི་མ་ཁྲི་བརྒྱད་དང་སྟོང་བདུན་ནས་ཡུས་ཧྲུའུ་བསྐྱར་འཛུགས་རྒྱས་ཀྱི་རྨིད་རྒྱ་དཔངས་གྲུ་བཞི་མ་འབུམ་གཉིས་དང་ཁྲི་བཞི་ལྷག་ལ་འཕར་སྣོན་བྱུང་། དེ་ལས་གཞན་ཡུས་ཧྲུའུ་གྲོང་ཁྱེར་གྱིས་སློབ་གསོའི་ཐད་བཏང་བའི་སྤྱིའི་མ་དངུལ་དང་། སློབ་གྲྭ་སོ་སོའི་སློབ་སྒྲུབ་ཀྱི་ཆ་རྐྱེན། སློབ་ཁྲིད་ཀྱི་སྒྲིག་ཆས་འཛུགས་སྐྲུན་དང་སློབ་གསོའི་སློབ་སྒྲུབ་ཀྱི་སྤུས་ཚད་སོགས་ཕྱོགས་གང་ཐད་ནས་འདས་པའི་ལོ་ངོ་བཅུའི་རིང་སྔ་ན་མེད་པའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད།༽

4.14ས་འགུལ་མ་བྱུང་སྔོན་དུ་ཡུས་ཧྲུའུ་གྲོང་ཁྱེར་ཡོངས་སུ་བྱིས་གཉོར་ཁང་གཅིག་མ་གཏོགས་མེད་མོད། ད་ལྟ་གྲོང་ཁྱེར་ཡོངས་སུ་བྱིས་གཉོར་ཁང་ཉེར་བརྒྱད་ཡོད་ལ། བྱིས་པ་བྱིས་གཉོར་ཁང་ཏུ་ཞུགས་ཚད་ཀྱང2010ལོའི་བརྒྱ་ཆའི་བདུན་ནས2019ལོའི་བརྒྱ་ཆའི་བརྒྱད་ཅུ་ལྷག་ཙམ་གྱིས་ཇེ་མང་དུ་སོང་ཡོད་ཅིང་།  དེ་མིན་འོས་འགན་སློབ་གསོའི་སློབ་ཆུང་སློབ་གྲྭ་བཞི་ཡོད་ལ་དེར་ཞུགས་ཀྱི་སློབ་མ་བསྡོམས་པའི2010ལོའི་སུམ་སྟོང་ལྷག་ནས་ད་ལྟ་སློབ་མ་དགུ་སྟོང་ལྷག་ཡོད། གྲོང་ཁྱེར་ཡོངས་སུ་སློབ་ཆུང་དང་དམའ་འབྲིང་སློབ་མ་བསྡོམས་པའི་ཉིས་ཁྲི་ཆིག་སྟོང་ལྷག་དང་།  གྲོང་ཁྱེར་ཡོངས་སུ་བྱ་བའི་ལས་རྐང་དངོས་རེག་པའི་ད་ཡོད་ཀྱི་དགེ་རྒན་གཅིག་སྟོང་ཞེ་བཞི་ཡོད།

ལོ་ངོ་བཅུའི་རིང་གི་ཡུས་ཧྲུའུ་གྲོང་ཁྱེར་གྱི་སློབ་གསོའི་འཕེལ་རྒྱས་གླེང་ཡོང་དུས། གྲོང་ཁྱེར་ཆ་ཚང་སློབ་ཆུང་གསུམ་པ་ནི་ངེས་པར་གླེང་དགོས་པའི་བརྗོད་གཞི་གལ་ཆེན་ཞིག་ཡིན་ལ། སློབ་གྲྭ་འདི་ནི4.14ས་འགུལ་སྐབས་སུ་གནོད་པ་ཐེབས་ཚད་ཅུང་ཚབས་ཆེ་བའི་སློབ་གྲྭ་ཞིག་ཡིན། འོན་ཀྱང་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་བཀའ་དྲིན་ལས། ཡུས་ཧྲུའུ་བསྐྱར་འཛུགས་ཀྱི་གོམས་སྟབས་ཆེན་ཁྲོད། སློབ་གྲྭ་འདི་ཉིད་ཡང་རིམ་བཞིན་བསྐྱར་འཛུགས་བྱས་ཤིང་འཕེལ་རྒྱས་བྱུང་སྟེ། ད་ལྟ་ཡུས་ཧྲུའུ་གྲོང་ཁྱེར་གྱི་སློབ་གསོའི་ལས་དོན་ཐད་ངོམ་དུ་རུང་བའི་གྲུབ་འབྲས་ཤིག་ཏུ་གྱུར་ཡོད།

ཡུས་ཧྲུའུ་གྲོང་ཁྱེར་ཆ་ཚང་སློབ་ཆུང་གསུམ་པའི་སློབ་གཙོ་གཡུ་ཡག་གིས།

༼  ཡུས་ཧྲུའུ་ཡི་ཉིས་སྟོང་བཅུ་ལོའི་ས་འགུལ་ཆེན་པོ་བྱུང་ནས་ད་བར་དུ། ད་ལྟ་ང་ཚོའི་སློབ་གྲྭ་ལ་སློབ་མ་ཉིས་སྟོང་ཆིག་བརྒྱ་སོ་གཉིས་དང་འཛིན་གྲྭ་ཞེ་གཉིས། ལས་བཟོ་བ་བརྒྱ་དང་སོ་གཉིས་ཡོད་པའི་སློབ་གྲྭ་ཅུང་ཆེན་པོ་ཞིག་ཡིན། མ་འོངས་པར་ང་ཚོའི་དམིགས་འབེན་ནི་རིག་གནས་རྐྱང་རྐྱང་མ་ཡིན་པར་མཛེས་རྩལ་དང་གླུ་དབྱངས། རོལ་མོ་སོགས་ལ་ཉན་ཤེས་པ་དང་འདེམས་ཤེས་པ། དེ་མིན་སྤྱི་ཚོགས་ཀྱི་ཉམས་མྱོངས་ལྡན་པའི་སློབ་མ་མང་པོ་ཕྱོགས་གཅིག་ཏུ་བསྡུས་ནས་ཆ་ཚང་སློབ་གྲྭ་ཞིག་ཏུ་འགྱུར་རྒྱུར་དགེ་སློབ་ཚང་མས་འབད་པ་བྱེད་ཀྱིན་ཡོད། ༽

2010ལོའི་ཟླ་བདུན་པར་ཀྲུང་གོའི་ཆུ་གློག་མཐུན་ཚོགས་ཀྱིས་རོགས་སྐྲུན་བྱས་པའི་ཡུས་ཧྲུའུ་གྲོང་ཁྱེར་ཆ་ཚང་སློབ་ཆུང་གསུམ་པ་དངོས་སུ་ལས་སྒོ་བརྩམས་པ་དང་། 2012ལོའི་ཟླ་གསུམ་པའི་ཚེས་གཅིག་ཉིན་དངོས་སུ་སློབ་འགོ་བརྩམས། མིག་སྔར་སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་རྨིད་རྒྱ་དཔང་གྲུ་བཞི་མ་སུམ་ཁྲི་བཞི་སྟོང་དགུ་བརྒྱ་དང་། དེ་ལས་སློབ་ཁྲིད་འཛུགས་སྐྲུན་རྒྱ་ཁྱོན་ལ་རྨིད་རྒྱ་དཔང་གྲུ་བཞི་མ་གཅིག་ཁྲི་བཞི་སྟོང་དགུ་བརྒྱ་ཡོད། སློབ་གྲྭའི་སྤྱིའི་འཆར་འགོད་འཛུགས་སྐྲུན་ལ་ཁྱོན་སྡོམས་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་གསུམ་འབུམ་དྲུག་བཏང་སྟེ། ཕྱོགས་བསྡུས་ཐོག་ཁང་དང་སློབ་ཁྲིད་ཐོག་ཁང་། སྒྱུ་རྩལ་ཐོག་ཁང་། སྲིད་འཛིན་གཞུང་སྒྲུབ་ཁང་དང་ལུས་རྩལ་ར་བ་སོགས་འཛུགས་སྐྲུན་བྱས་ཤིང་། དེ་མིན་རྒྱལ་ཁབ་ཀྱི་གཅིག་གྱུར་འཆར་འགོད་རོགས་སྐྲུན་རྣམ་གྲངས་ལྟར་སྣ་མང་སྨྱན་སྦྱོར་སྒྲིག་ཆས་དང་ཚན་རིག་ཚོད་ལྟ་ཁང་། རོལ་མོའི་སློབ་ཁང་། མཛེས་རྩལ་སློབ་ཁང་། དེ་བཞིན་དཔེ་ཀློག་ཁང་དང་གཞི་གྲངས་ཅན་གྱི་ལྟ་ཀློག་ཁང་། ལྟེ་བའི་འཕྲུལ་ཆས་ཁང་། ཕྱི་ནང་གི་ལུས་རྩལ་ཡོ་བྱད་དང་ལུས་སྦྱོང་ཁང་སོགས་སྔོན་ཐོན་སྒྲིག་ཆས་ཆ་ཚང་འཛོམས་པའི་དེང་རབས་སློབ་གྲྭ་ཞིག་ཏུ་བསྐྲུན་ཡོད།

ཡུས་ཧྲུའུ་གྲོང་ཁྱེར་ཆ་ཚང་སློབ་ཆུང་གསུམ་པའི་དགེ་རྒན་ཡོན་ཏན་དབང་བོས།

༼  ང་ཚོ་ཡུས་ཧྲུའུ་གྲོང་ཁྱེར་ཆ་ཚང་སློབ་ཆུང་གསུམ་པ་ལ་མཚོན་ན་ས་འགུལ་བྱུང་བའི་རྗེས་སུ་ཏང་དང་མི་དམངས་ཀྱི་བཀའ་དྲིན་འོག འཛུགས་སྐྲུན་རྒྱ་ཆེན་པོ་བྱས་ཏེ། སློབ་གྲྭའི་གཞི་རྒྱ་ཆེར་བསྐྱེད་པས་སློབ་མ་ཇེ་མང་དུ་སོང་བ་དང་། འཛིན་གྲྭ་ཇེ་མང་དུ་སོང་བ། དེ་དང་བསྟུན་ནས་དགེ་རྒན་ཇེ་མང་དུ་སོང་སྟེ། ད་ལྟ་ཕལ་ཆེར་དགེ་རྒན་བརྒྱ་དང་སུམ་ཅུ་ནས་བཞི་བཅུ་ལྷག་ཙམ་ཡོད།  དེ་མིན་ད་ལྟ་སློབ་གྲྭ་སྤྱིའི་སློབ་ཁྲིད་ཀྱི་ཆ་རྐྱེན་བཟང་ཞིང་སློབ་མ་སྒེར་གྱི་ཀུན་སྤྱོད་དང་གཙང་སྦྲ་སོགས་ཀྱི་ཐད་ནས་ཀྱང་ཡར་རྒྱས་ཆེན་པོ་བྱུང་ཡོད། དགེ་རྒན་རྣམ་པར་མཚོན་ནའང་གཞུང་སྒྲུབ་ཀྱི་ཆ་རྐྱེན་སྔར་བས་ཕུན་སུམ་ཚོགས་ཤིང་། ད་ལྟ་ཕལ་ཆེར་དགེ་རྒན་རེ་རེའི་གཞུང་སྒྲུབ་ཅོག་ཙེའི་སྟེང་དུ་གློག་ཀླད་རེ་ཡོད་པས་དྲ་རྒྱའི་ལམ་ནས་བྱ་བ་ཅི་ཞིག་སྒྲུབ་ཀྱང་ཧ་ཅང་སྟབས་བདེ་དང་འཐུས་ཚང་ཡོང་གི་ཡོད་པ་རེད། ༽

སློབ་གྲྭ་འདིར་སྔ་གཞུག་ཏུ་རིམ་པ་སོ་སོའི“སྔོན་ཐོན་ཐུན་མོང” གི་བྱ་དགའ དང་། མཚོ་སྔོན་ཞིང་ཆེན་གྱི“དཔེ་སྟོན་ཁྱིམ་བདག་སློབ་གྲྭ” ཡུས་ཧྲུའུ་ཁུལ་གྱི“ཁྱིམ་བདག་དགེ་འོས་སློབ་གྲྭ”དང“རྒྱལ་གཅེས་རྨང་གཞིའི་སློབ་གསོའི་རྒྱལ་ཡོངས་ཀྱི་དཔེ་སྟོན་སློབ་གྲྭ”“བདེ་འཇགས་སློབ་གྲྭ”དང་སློབ་གསོའི་ཁོངས་གཏོགས་ཀྱི“ཡོམ་འགོག་གནོད་སེལ་སྔོན་ཐོན་ཚོགས་པ”དེ་མིན་གྲོང་ཁྱེར་ཡོངས་ཀྱི་ལོ་རིམ་དྲུག་པའི་གཅིག་གྱུར་རྒྱུགས་ལེན་སྦྱངས་འབྲས་ཨང་དང་པོ་དང་། གྲོང་ཁྱེར་ཡོངས་ཀྱི་མཐིལ་རྟོགས་རྒྱུགས་ལེན་སློབ་གྲྭའི་སྤྱིའི་དཔྱད་འདེམས་ཀྱི་ཨང་གསུམ་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་།

འདས་པའི་ལོ་ངོ་བཅུའི་རིང་ཡུས་ཧྲུའུ་གྲོང་ཁྱེར་ཀྱིས་སློབ་གསོའི་སྤུས་ཚད་བརྟན་འཇགས་ངང་མཐོ་རུ་བཏང་བ་དང་། སློབ་གསོའི་གྲུབ་ཚུལ་ལུགས་མཐུན་ཡོང་བར་བྱེད་པ། སློབ་གསོའི་སྤུས་ཚད་ཟམ་མི་ཆད་པར་ཇེ་ལེགས་སུ་བཏང་སྟེ། ས་ཁོངས་དང་། གྲོང་ཁྱེར། གྲོང་གསེབ་སློབ་གྲྭའི་བར་གྱི་ཧེ་བག་རིམ་བཞིན་ཆུང་དུ་བཏང་བ་དང་སློབ་གསོའི་འགན་སྲུང་ཆུ་ཚད་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པས་མི་དམངས་མང་ཚོགས་ཀྱིས་སློབ་གསོ་ལེགས་པོ་དང་ལེན་བྱེད་པའི་གོ་སྐབས་མངོན་གསལ་དོད་པོས་ཇེ་མང་དུ་སོང་ཡོད།

རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།

རྩོམ་སྒྲིག་འགན་ཁུར་བ། ལྷ་རྒྱལ་བཀྲ་ཤིས།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།