མཚོ་སྔོན་ཞིང་ཆེན་གྱིས་སྒོ་བྱང་བཀལ་ནས་དབུལ་ཐར་མཁྲེགས་གཏོར་གྱི་མ་མཐའི་འགན་སྲུང་བྱ་བ་བསྒྲུབ་རྒྱུར་ལྟ་སྐུལ་བྱས།
2020.05.20 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 14

 ཉེ་ལམ་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་བྱ་བའི་ཚན་ཆུང་ལྔ་བཙུགས་ཤིང་། ས་གནས་སོ་སོར་བསྐྱོད་དེ་དབུལ་ཐར་མཁྲེགས་གཏོར་གྱི་མ་མཐའི་འགན་སྲུང་གི་སྐོར་ཐེངས་དང་པོའི་སྒོ་བྱང་བཀལ་ནས་དམག་འཐབ་ལྟ་སྐུལ་བྱ་བ་སྤེལ་ཏེ་འགན་སྲུང་བྱ་དགོས་རིགས་ཚང་མར་འགན་སྲུང་བྱ་ཐུབ་པར་ཁག་ཐེག་བྱས་པ་རེད།

ཐེངས་འདིའི་འབད་འཐབ་ལ་ལྟ་སྐུལ་བྱེད་པར་སྐོར་སྐྱོད་དམག་འཐབ་དང་། གཙོ་གནད་དམག་འཐབ་ལ་ལྟ་སྐུལ་བྱེད་པ། ལྐོག་ཞིབ་དམག་འཐབ་ལ་ལྟ་སྐུལ་བྱེད་པ། ཕྱིར་ལོག་དམག་འཐབ་ལ་ལྟ་སྐུལ་བྱེད་པ་བཅས་ཀྱི་རྣམ་པ་སྤྱད་ཅིང་། བྱ་བའི་ཚན་ཆུང་གིས་སྔ་རྗེས་སུ་ཞིང་ཆེན་ཡོངས་ཀྱི་རྫོང(ཆུས)ཞེ་གཅིག་ལ་འཚམས་འདྲི་བྱས་པ་རེད། སྲིད་ཇུས་དངོས་འབེབ་དང་། བཀོད་སྒྲིག་བྱེད་པ། མཐིལ་རྟོགས་གྲལ་བཤེར། རིམས་ནད་སྔོན་འགོག་དང་ཚོད་འཛིན། རང་བཤེར་བཅས་ཀྱི་གསལ་ཐོ་དང་དབུལ་ཐར་མཁྲེགས་གཏོར་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”གནད་དོན་གྱི་ཚུར་ལན་ལ་དམིགས་ཏེ་དག་ཐེར་དོན་འཁྱོལ་བྱས་བའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། དབུལ་ཕོངས་ལས་ཐར་ཐུབ་མེད་པའི་ཡིག་ཚགས་དང་བྱང་བུ་བཟོས་པའི་མི་གྲངས་དབུལ་པོ་ཁྲི་བདུན་སྟོང་བདུན་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་ནང་བཅུག་པའི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ། དབུལ་པོ་བསྐྱར་ལོག་གི་ཉེན་ཁ་ཅུང་ཆེ་བའི་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་དང་མཐའ་མཚམས་ཀྱི་ཁྱིམ་ཚང་། དེ་མིན་དཀའ་ཁག་ཡོད་པའི་དབང་པོ་སྐྱོན་ཅན་བཅས་མ་མཐའི་འགན་སྲུང་གི་སྒོ་བྱང་བཀལ་ནས་ལྟ་སྐུལ་དམག་འཐབ་བྱ་ཡུལ་གཙོ་བོར་བརྩིས་པ་རེད།

ས་གནས་སོ་སོའི་ལྟ་སྐུལ་བྱ་བའི་ཁྲོད་མཐོང་བའི་གནས་ཚུལ་ལྟར་ན། ས་ཁུལ་ཁ་ཤས་སུ་དབུལ་ཕོངས་མི་གྲངས་ཀྱི་གཞི་གྲངས་གསལ་པོ་མེད་པ་དང་། སྲིད་ཇུས་ཀྱི་ནང་དོན་གནད་ལ་འཁེལ་མེད་པ། བྱ་ཡུལ་གཏན་འཁེལ་གནད་ལ་འཁེལ་མེད་པ། སྲིད་གཞུང་གིས་སྤྱི་ཚོགས་རོགས་སྐྱོབ་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ལམ་ལུགས་དོན་འཁྱོལ་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་པ་དང་། ལྷག་པར་དུ་ཡོང་འབབ་དམའ་བའི་ཁྱིམ་ཚང་ཁྲོད་ཀྱི་རྒན་རྒོན་དང་། དབང་པོ་སྐྱོན་ཅན། ནར་སོན་མེད་པའི་བྱིས་པ། ནད་ལྕི་མོ་ཕོག་པའི་ནད་པ་སོགས་ཀྱི་རོགས་སྐྱོབ་ཚད་གཞི་གཅིག་མཚུངས་མིན་པ་བཅས་རེད། བྱ་བའི་ཚན་ཆུང་སོ་སོས་རྒྱུས་ལོན་བྱུང་བའི་གནད་དོན་དུས་ཐོག་ཏུ་ལྡོག་འདྲེན་བྱས་པ་རེད། ས་གནས་སོ་སོར་དམག་འཐབ་ལ་ལྟ་སྐུལ་བྱེད་པའི་བྱ་བའི་ཞིབ་ཐོ་བཟོས་ནས་གནད་དོན་བཅོས་སྒྲིག་གི་གསལ་ཐོ་བཟོ་དགོས། དུས་བཀག་གཏན་འཁེལ་བྱེད་པ་མ་ཟད་ད་དུང་གནད་དོན་རྒྱུས་ལོན་བྱ་རྒྱུ་དེ་སྐོར་ཐེངས་གཉིས་པའི་གཙོ་གནད་དམག་འཐབ་ལ་ལྟ་སྐུལ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་དགོས། གནད་དོན་དག་ཐེར་ཡོ་བསྲང་བྱེད་པར་འགན་སྲུང་ཏན་ཏིག་བྱ་དགོས།

ལྟ་སྐུལ་སྤྱི་འདོམས་ནན་མོ་བྱས་པ་དང་ཆབས་ཅིག ཞིང་ཆེན་དམངས་སྲིད་ཐིན་གྱིས་ད་དུང་སྤྱི་ཚོགས་ཀྱི་རོགས་སྐྱོབ་སྲིད་ཇུས་སོ་སོ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་སྲིད་ཇུས་དང་བྱེད་ཐབས་ཞིབ་ཕྲ་བཟོས། ངལ་རྩོལ་ནུས་ཤུགས་མེད་པའི་དབང་པོ་སྐྱོན་ཅན་རིགས་སྣ་མང་དུ་བཏང་། དམིགས་བསལ་དབུལ་སྐྱོར་བྱ་ཡུལ་གྱི་དབང་པོ་སྐྱོན་ཅན་གྱི་རིམ་པ་ངོས་འཛིན་བྱེད་རྒྱ་ཆེ་རུ་བཏང་ཞིང་། འགྲོ་སོང་ཅན་གྱི་ཁྱིམ་ཚང་ངོས་འཛིན་ཆ་རྐྱེན་འཐུས་ཚང་དུ་བཏང་། གྲོང་མིའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་བྱེད་ཚད་ཆེ་རུ་གཏོང་བ་དང་། འགན་ལེན་བྱ་ཡུལ་ངོས་འཛིན་གནད་འཁེལ་རང་བཞིན་ཆེ་རུ་གཏོང་དགོས། དབུལ་སྐྱོར་སྡེ་ཚན་དང་དུས་བཅད་ལྟར་ལས་དོན་མུ་མཐུད་དུ་སྤེལ་དགོས། མི་སྣ་ཡང་བསྐྱར་དབུལ་པོར་འགྱུར་བ་དང་དབུལ་པོར་འགྱུར་བའི་ཉེན་ཁར་དབྱེ་ཞིབ་བྱས་ནས་དབུལ་ཕོངས་ལས་ཐར་ཐུབ་མེད་པ་དང་ཡང་བསྐྱར་དབུལ་པོར་འགྱུར་བའི་ཉེན་ཁ་ཆེ་བ་དང་ཡོང་འབབ་དམའ་བའི་ཚོགས་སྤྱི་དང་མི་མངོན་པའི་རོགས་སྐྱོབ་བྱ་ཡུལ་ལ་དོ་ཁུར་ཆེན་པོ་བྱས་ཡོད། དུས་ཐོག་ཏུ་བབ་མཚུངས་ཀྱི་རོགས་སྐྱོར་བྱ་དགོས།

ཡིག་ཚགས་དང་བྱང་བུ་བཟོས་པའི་མི་གྲངས་དབུལ་པོ་དབུལ་ཕོངས་ལས་ཐར་ཐུབ་མེད་པ་དང་། དབུལ་ཕོངས་ལས་ཐར་རྗེས་ཡང་བསྐྱར་དབུལ་པོར་གྱུར་བའི་མི་གྲངས། གསར་དུ་འཕར་བའི་མི་གྲངས་བཅས་ཀྱི་ཁྲོད་ནས་ཆ་རྐྱེན་འཛོམས་རིགས་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ནང་བཅུག་ཡོད། ནད་ལྕི་མོ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི ཁྱིམ་ཚང་དབུལ་ཐར་དང་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་གི་མ་མཐའི་འཚོ་བ་འགན་སྲུང་གི“རིམ་བཞིན་ཕྱིར་འཐེན་བྱེད་པའི”སྲིད་ཇུས་ལ་མུ་མཐུད་སྐུལ་འདེད། དམིགས་བསལ་དཀའ་ཁག་ཡོད་པའི་མི་སྣའི་ངོས་འཛིན་སྔར་བས་ཚད་ལྡན་དུ་བཏང་ཞིང་། དམིགས་བསལ་དཀའ་ཁག་ཡོད་པའི་བསྙེན་བཀུར་སྒྲིག་གཞིའི་མ་མཐའི་འགན་སྲུང་ནུས་པ་མཐོར་འདེགས། འཚོ་བ་རང་མགོ་མི་ཐོན་པར་དམིགས་བསལ་དཀའ་ཁག་ཡོད་པའི་མི་སྣའི་ཞབས་ཞུའི་ནུས་པ་མཐོར་འདེགས་བཅས་བྱ་དགོས།

རྩོམ་སྒྲིག  སྒྲོལ་མ་སྐྱིད།