—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་གྲོས་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་ཚན་ཆུང་མཉམ་འབྲེལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ཞིང་དུ་ཚུར་སྣང་དྲག་པོ་བྱུང་།
“ཕྱོགས་ཡོངས་དང་རྩོད་སྒྲུབ། ཡུན་རིང་བཅས་ཀྱི་མིག་རྒྱང་གིས་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཉམས་ཉེན་ཁྲོད་གོ་སྐབས་གསར་པ་སྐྱེད་སྲིང་བྱེད་པ་དང་གནས་བབ་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་པར་འབད་བརྩོན་བྱས་ཏེ། རང་རྒྱལ་འཛམ་གླིང་གི་ཚོང་ར་ཆེ་ཤོས་ཡིན་པའི་སྦས་ཤུགས་དང་ནུས་པ་འདོན་སྤེལ་བྱས་ནས། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བཅོས་སྒྱུར་གྱི་འཐབ་ཇུས་ཁ་ཕྱོགས་གསལ་བོ་བྱེད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་འཕེལ་ཕྱོགས་སྲ་བརྟན་དུ་གཏོང་བ་དང་། ཞིང་ལས་ཀྱི་རྨང་གཞིའི་རང་བཞིན་གྱི་གོ་གནས་སྲ་བརྟན་དུ་གཏང་དགོས། “བརྟན་སྲུང་དྲུག”དང“འགན་ལེན་དྲུག”གི་ལས་འགན་དངོས་འབེབ་བྱས་ཏེ། ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱས་ནས། རང་རྒྱལ་གྱི་དཔལ་འབྱོར་ཡར་རྒྱས་གོང་འཕེལ་དང་ཡུན་རིང་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་ལ་གཟིགས་ཞིབ་གནང་བ་དང་། མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་རང་ཞིང་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་དགོས། དངོས་དོན་གཉེར་བའི་ཕན་འབྲས་ལས་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་ཁག་ཐེག་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས།
ཚན་རིག་དང་མཐུན་པའི་སྒོ་ནས་གནས་བབ་དབྱེ་ཞིབ་བྱས་ཏེ་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ལ་སྐུལ་ལྕག་དང་བླང་བྱ་བཏོན་པ་དེས་མཚོ་སྔོན་ཧྭ་ཏི་སྡེ་ཚོགས་ཀྱི་འགོ་བ་རིན་ལིས་མིན་གྱི་སེམས་སུ་སྤྲོ་སྣང་གིས་ཁེངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ང་ཚོའི་དམངས་གཉེར་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་། གོ་རིམ་རྗེས་མར། ང་ཚོས་ཕུལ་བྱུང་ཁེ་ལས་པའི་སྙིང་སྟོབས་མུ་མཐུད་སློབ་སྦྱོང་དང་དར་སྤེལ་གཏོང་བ་དང་། ཡིད་ཆེས་བརྟན་པོ་དང་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་བྱ་བ་ཡག་པོར་བསྒྲུབ་ནས། གནས་བབ་གསར་པའི་འོག་ཁེ་ལས་ཀྱི་འཕེལ་རྒྱས་འཆར་འགོད་བྱས་ཏེ། “བརྟན་སྲུང་དྲུག”དང“འགན་ལེན་དྲུག”ལ་རང་ཉིད་ཀྱི་ནུས་པས་གང་ལྕོགས་ཀྱི་བྱ་བ་སྒྲུབ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་ལྟར། ད་ལྟའི་དམངས་གཉེར་ཁེ་ལས་ནི་ཀྲུང་གོའི་རེ་བའི་ཞིང་སར་གནས་ཡོད་ལ། ཀྲུང་གོའི་རེ་བའི་ཞིང་ས་རུ་མུ་མཐུད་དུ་འཚར་ལོངས་འབྱུང་ངེས་རེད།
རིམས་ནད་ལས་བྱུང་བའི་འགྲན་སློང་གསར་པའི་མདུན་དུ། མིག་སྔར། རང་ཞིང་གི་མདུན་དུ་ལྷགས་པའི་དཔལ་འབྱོར་གྱི་གནས་བབ་དེ་སྔོན་ཆད་ཀྱི་དུས་སྐབས་གང་རུང་ཞིག་དང་མི་འདྲ། འཕེལ་རྒྱས་ཀྱི་དཀའ་གནད་ཇི་ལྟར་སེལ་དགོས་ཞེ་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་ཁ་ཕྱོགས་གསལ་བོ་གནང་ཡོད་དེ། ཕྱོགས་ཡོངས་དང་རྩོད་སྒྲུབ། ཡུན་རིང་བཅས་ཀྱི་མིག་རྒྱང་གིས་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཉམས་ཉེན་ཁྲོད་གོ་སྐབས་གསར་པ་སྐྱེད་སྲིང་དང་གནས་བབ་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་པར་འབད་བརྩོན་བྱེད་དགོས།
ད་ལོའི་ཚུན་དུ། གཞི་གྲངས་ཆེན་མོའི་རིན་ཐང་འདོན་སྤེལ་གང་ལེགས་བྱ་ཆེད། མཚོ་སྔོན་ཞིང་ཆེན་ནུས་ཁུངས་གཞི་གྲངས་ཆེན་མོའི་ལྟེ་གནས་ཀྱིས་བཟོ་ལས་ཁེ་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་ཆེར་གཏོང་བ་དང་། ནུས་ཁུངས་གྲོན་ཆུང་དང་ཟད་གྲོན་ཇེ་ཉུང་དུ་བཏང་ནས། ཁེ་ལས“སྤྲིན་རྩིས་དང་ལས་སྟེགས་བསྐྲུན་རྒྱུར”སྐུལ་འདེད་བཏང་ཡོད། གཙོ་གནད་ལས་རིགས་ཀྱི་བཟོ་ལས་དྲ་སྦྲེལ་བཀོལ་སྤྱོད་བྱ་དགོས། ཞིང་ཆེན་ནང་ཁུལ་གྱི་བཟོ་ལས་དྲ་སྦྲེལ་སྟེགས་བུ་ཐོག་མ་དེ་བསྐྲུན་དགོས། ཟོག་འབྲེལ་དྲ་རྒྱ་དང་གཞི་གྲངས་ཆེན་མོའི་དབྱེ་ཞིབ་ལག་རྩལ་སྤྱད་དེ། གཞི་གྲངས་ཀྱི་རིན་ཐང་གློད་འགྲོལ་བཏང་ནས་སྒོ་འབྱེད་མཉམ་སྤྱོད་དང་མཉམ་འདྲེས་གསར་སྐྲུན་གྱི་བཟོ་ལས་སྐྱེ་ཁམས་མ་ལག་གསར་དུ་གཏོད་དགོས། “མིག་སྔར། ང་ཚོའི་ཐོན་སྐྱེད་སྒྲུབ་རིམ་ཚོད་ལྟའི་འཁོར་སྐྱོད་བྱེད་བཞིན་པའི་གཞི་གྲངས་ཆེན་མོའི་ལྟེ་གནས་ཀྱིས་བཏོན་པའི་ནུས་ཁུངས་དོ་དམ་ཞབས་ཞུ་དང་། ཐོན་སྐྱེད་དུས་རིམས་ཀྱི་གཞི་གྲངས་སྣ་ཚོགས་སྡེབ་སྒྲིག་དང་ལེགས་སྒྱུར་དབྱེ་ཞིབ་བྱས་ནས། མ་བཅོས་རྒྱུ་ཆ་ཏུན་རེའི་ཕྱོགས་བསྡུས་ནུས་ཁུངས་ཟད་གྲོན་བརྒྱ་ཆའི་གཅིག་དང་གྲངས་ཆུང་ལྔའི་ཡན་མར་ཆག་པར་བྱ་དགོས། ལོ་རེར་ཏུན་ས་ཡ་གཅིག་དང་འབུམ་བརྒྱད་ཐོན་སྐྱེད་བྱེད་ཐུབ་པར་རྩིས་ན། གློག་ཟད་ཚད་ཧ་ལམ་སྟོང་ཝ་ས་ཡ་བཞི་དང་འབུམ་བདུན་ཁྲི་གསུམ་སྟོང་བཞི་གྲོན་ཆུང་བྱེད་ཐུབ། སྲོལ་རྒྱུན་གྱི་ཐོན་ལས་གྲངས་ཀ་ཅན་དང་དྲ་སྦྲེལ་ཅན། རིག་ནུས་ཅན་བཅས་སུ་བསྒྱུར་བར་གསར་སྐྲུན་ཅན་གྱི་བཟོ་ལས་སྐྱེ་ཁམས་མ་ལག་ལ་སྐུལ་འདེད་བཏང་ན། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱ་ཐུབ་པར་མ་ཟད། ད་དུང་ང་ཚོའི་ཁེ་ལས་འདི་དག་ལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྦྱིན་ཐུབ”ཅེས་ཅིན་ཡོན་ཨར་འདམ་བཟོ་གྲྭའི་འགན་འཁུར་བས་ངོ་སྤྲོད་བྱས།
སྟོབས་ཤུགས་གཅིག་བསྡུས་བྱས་ཏེ། དབུལ་སྐྱོར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་རྒྱུར། དབུལ་སྐྱོར་མཁྲེགས་གཏོར་ལ་ཕྱོགས་ཡོངས་ཀྱི་རྒྱལ་ཁ་ལེན་ངེས་པར་ལེན་དགོས། གསུང་བཤད་འདི་ལ་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཆིང་གིས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད་རྒྱུར། “རྒྱལ་གཉེར་ཁེ་ལས་ཡིན་པའི་ཆ་ནས། ང་ཚོས་ངེས་པར་དུ་རང་འགུལ་སྒོས་འགན་འཁྲི་དང་དུ་ལེན་དགོས། ད་ལོ་ནི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་མཇུག་བསྡུ་བའི་ལོ་ཡིན་ལ། རྨ་ཆུ་ཀུང་སིས་ཕྱོགས་ཡོངས་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། ཏང་འཛུགས་སྐྲུན་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ་དང་། གནས་གཞན་ལ་སོང་ནས་ལས་ཞུགས་བྱས་ཏེ་དབུལ་ཐར་བྱེད་པ། ཐོན་ལས་རོགས་སྐྱོར་བྱས་ཏེ་དབུལ་ཐར་བྱེད་པ། རིག་གནས་དང་སྨན་བཅོས་དབུལ་ཐར། སྡེ་བ་དང་ཁེ་ལས་མཉམ་སྐྲུན་མཉམ་འདྲེས་བཅས་ཀྱི‘ཕྱོགས་དྲུག་གཞི་གཅིག་གི་དབུལ་སྐྱོར་བྱ་བའི་རྣམ་པ་གཙོ་གནད་དུ་བཟུང་ནས། དབུལ་ཕོངས་ཁྱིམ་ཚང་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བའི་ཡུན་ཕན་ལམ་སྲོལ་བཙུགས་ཏེ། ལོ་འཁོར་གྱི་དབུལ་ཕོངས་ཇེ་བརྟན་དུ་གཏོང་བའི་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས”ཟེར། རྒྱུས་ལོན་པ་ལྟར་ན། 2012ལོའི་ཚུན་ལ། རྨ་ཆུ་ཀུང་སིས་རང་ཞིང་དུ་བསྡོམས་པས་མ་དངུལ་སྒོར་བྱེ་བ་དགུ་དང་འབུམ་བཞི་ཁྲི་བཞི་བཏང་ནས་གནད་འཁེལ་དབུལ་སྐྱོར་དང་ཁ་གཏད་རོགས་སྐྱོར་གྱི་བྱ་བའི་ཐད་བཀོལ་བ་རེད། ལས་གཞི་སྣ་སོ་གསུམ་ལག་བསྟར་བྱས་པ་དང་། རོང་འབྲོག་མང་ཚོགས་འབུམ་གསུམ་དང་ཁྲི་དྲུག་སྟོང་གཉིས་ལ་ཕན་ཁེ་ཐོབ། རྨ་ཆུ་ཀུང་སིས་གནས་གཏན་འཁེལ་གྱི་རོགས་སྐྱོར་བྱ་ཡུལ་རྐ་ཕུག་སྡེ་བ་དང་གཡང་འཁྱིལ་སྡེ་བ་སོ་སོར2018ལོ་དང2019ལོར་དབུལ་ཕོངས་ལས་ཐར་བ་རེད། ད་ལྟ་ཕྱོགས་ཡོངས་ནས་དབུལ་ཐར་བྱེད་པར་ཁ་གསབ་ལེགས་བཅོས་ཀྱི་དུས་རིམ་དུ་སླེབས་ཡོད།
ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་མཇུག་བསྡུ་བའི་ལོ་ཡིན། ལོ་འགོར་ཞིང་ཆེན་སྲིད་གཞུང་གིས་སྤྱི་བསྒྲགས་སྤེལ་ནས་ཆེད་དོན་དཔྱད་འཇོག་ཞིབ་བཤེར་བྱས་པ་བརྒྱུད། མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་སོགས་དབུལ་བོ་རྫོང་བཅུ་བདུན(ཆུས)དབུལ་ཐར་གྱི་ཚད་གཞིར་སླེབས་ཡོད་པ་དང་། ད་ལྟའི་བར་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང་ཞེ་གཉིས(གྲོང་ཁྱེར་དང་ཆུས། སྲིད་འཛིན་ཨུ་ཡོན་ལྷན་ཁང་) རྫོང་དབུལ་པོའི་གྲས་ནས་ཕྱིར་བླངས།
མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཐེ་གེ་ཞང་དུ་བསྐྱོད་པའི་ལམ་བར་དུ། མཱ་ཧན་ཐེ་སྡེ་བའི་བགྲོད་ལམ་འགྲམ་གྱི་བར་ཁྱམས་ཏེ་མིག་ལམ་དུ་ཧ་ཅང་མཛེས། དེ་ནི་རྨ་ཆུ་ཀུང་སིས་མཐོ་སྒང་མཛེས་སྡུག་གི་ཞང་གྲོང་འཛུགས་སྐྲུན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྡེ་བ་ཡིན་ལ། མཱ་ཧན་ཐེ་སྡེ་བར་མ་དངུལ་སྒོར་འབུམ་བཞི་ཞལ་འདེབས་སུ་ཕུལ་ནས་རིག་གནས་གནས་སྐོར་ཐང་ཆེན་འཛུགས་སྐྲུན་བྱས།
ཐེ་གེ་ཞང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞང་ཀྲང་ཀྲང་ཡུས་ཧ་ཡིས་བཤད་རྒྱུར། “ཡུལ་མི་ཚོས་རིག་གནས་གནས་སྐོར་ཐང་ཆེན་དུ་རྒྱལ་ཁབ་ཀྱི་ཞིང་ཕན་སྲིད་ཇུས་དང་ཞང་གི་དོན་དག་ཆེ་ཆུང་གི་གནས་ཚུལ་གླེང་ཐུབ་པ་མ་ཟད། རིག་གནས་གནས་སྐོར་ཐང་ཆེན་དེ་ནི་འོད་ཤུགས་ཐོན་ལས་གླིང་ཁུལ་གྱི་བཟོ་ལས་གནས་སྐོར་དང་ཞིང་སྡེའི་གནས་སྐོར་སྦྲེལ་མཐུད་བྱེད་པའི་འབྲེལ་ཐག་ཅིག་རེད། ཐེ་གེ་ཞང་ནི་རྨ་ཆུའི་འགྲམ་དུ་གནས་ཡོད་ལ། མཚོ་ལྷོ་ཁུལ་གྱི་འོད་ཤུགས་ཐོན་ལས་གླིང་དང་ཐག་ཉེ་བས། མ་འོངས་པར་མཚོ་ལྷོ་ཁུལ་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཐབ་ཇུས་ལ་བརྟེན་ནས། ཞིང་སྡེའི་གནས་སྐོར་འཕེལ་རྒྱས་གཏོང་བར་ཕྱུག་འགྱུར་དང་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པའི་ལམ་བུའི་སྟེང་མདུན་ལྗོངས་སྔར་ལས་ཇེ་བཟང་དུ་གཏོང་རྒྱུའི་འཆར་འགོད་ཡོད་ཟེར།
བརྟན་སྲུང་དྲུག་གི་བྱ་བ་བཟང་བོར་བསྒྲུབ་ནས། འགན་ལེན་དྲུག་གི་འགན་འཁྲི་དངོས་འབེབ་བྱ་དགོས།
“བརྟན་སྲུང་དྲུག”དང“འགན་ལེན་དྲུག”གི་བྱ་བ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། “བརྟན་སྲུང་དྲུག”གི་གཙོ་གནད་ནི་ལས་ཞུགས་བརྟན་པོ་བྱ་རྒྱུ་དེ་རེད། ལས་ཞུགས་བརྟན་པོ་བྱུང་ཚེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་ཡོང་བའི་གནད་འགག་དམ་འཛིན་བྱེད་ཐུབ་ཅེས་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཁེ་དབང་འགན་སྲུང་པུའུ་ཡི་པུའུ་ཀྲང་ལི་ཡན་ཧྲིན་གྱིས་དེ་ལྟར་བཤད། མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་རང་འགུལ་ངང་ཁེ་ལས་ཀྱི་ལས་ཞུགས་ལས་གནས་ཇེ་བརྟན་དུ་གཏོང་བ་སོགས་ཀྱི་གནད་དོན་ལ་ཐུན་མོང་གིས་གྲོས་མོལ་བྱ་རྒྱུར་ཤུགས་བསྣན་ནས། གཅིག་གྱུར་གྱི་ལས་ཞུགས་གདན་ཞུའི་ལས་སྟེགས་བསྐྲུན་རྒྱུ་ཡིན་ལ། ཁེ་ལས་དང་ལས་བཟོ་བ་རྣམས་ཀྱིས་མཉམ་དུ་དཀའ་སྤྱད་སྡུག་རུས་དང་དཀའ་གནད་མཉམ་སྒྲོལ་བྱ་དགོས།
“འགན་ལེན་དྲུག”དང“བརྟན་སྲུང་དྲུག”མངོན་འགྱུར་བྱེད་པར་ད་དུང་ཁྲོམ་རའི་ལས་ཐོན་བསྐྱར་ཚུགས་བྱས་ཏེ་འཁོར་སྐྱོད་ནུས་ལྡན་བྱ་དགོས། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་ཏའེ་ཕིང་གིས་གསར་འགོད་པར་བཤད་རྒྱུར། འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་ཐོག་མར་གོ་སྐབས་དམ་འཛིན་དང་། འགྱུར་ལྡོག་གི་ཁྲོད་ཡར་རྒྱས་བརྩོན་ལེན་བྱ་དགོས། “འགན་སྲུང”ལ་བརྟེན་ནས“བརྟན་པོ་ཡོང་བར་”སྐུལ་འདེད་གཏོང་བ་དང་། རྩ་བ་སྲ་བརྟན་དུ་གཏོང་དགོས། རང་ཞིང་གིས་དུས་འགོའི་ནང་བཏོན་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། ཉེ་ལམ་བཏོན་པའི་“འགན་ལེན་དྲུག་”དམ་འཛིན་དང་“བརྟན་སྲུང་དྲུག་”ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ནང་མཁོ་རྒྱ་སྐྱེད་གཏོང་བ་དང་དམངས་ཕན་དྲོད་གཏོང་ཁེ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བྱེད་ཐབས་སྣ་མང་སྤྱད་དེ་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག རྒྱལ་ཁབ་ཀྱིས་ཉེ་ལམ་བཏོན་པའི་སྔོན་རྩིས་ནང་གི་མ་དངུལ་འཇོག་གྲངས་ཇེ་མང་དུ་གཏོང་བ་དང་། ས་གནས་ཀྱི་བུ་ལོན་མང་དུ་གཏོང་བ་སོགས་ཀྱི་སྲིད་ཇུས་རིགས་སྣ་མང་བའི་གོ་སྐབས་དམ་པོར་བཟུང་སྟེ་དུས་ཚིགས་ཡག་ཤོས་སུ་མཉམ་དུ་འབད་འཐབ་བྱ་དགོས། བརྟན་བརླིང་སྒོས་འཛུགས་སྐྲུན་བྱེད་པ་དང་གསར་སྤེལ་ལ་སྐུལ་འདེད་གཏོང་བ། ཞན་ཆ་ཁ་གསབ་བྱེད་པ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱས་ནས། ལས་གཞི་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་དགོས།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཡང་བསྐྱར་དབུལ་ཐར་མཁྲེགས་གཏོར་ལ་དམིགས་ཡོད། ཞིང་ལས་ཀྱི་རྨང་གཞིའི་གོ་གནས་ལ་དམིགས་པ་དེས་ཞིང་ལས་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གིས་འགན་ནུས་བསྒྲུབ་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཞིང་ལས་འཕེལ་རྒྱས་དངུལ་ཁང་དེ་དབུལ་སྐྱོར་དངུལ་ཁང་ཡིན་པའི་ཆ་ནས་ངེས་པར་དུ་རང་འགུལ་གྱིས་འགན་འཁུར་དགོས། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དམིགས་བསལ་གལ་ཆེན་རང་བཞིན་དང་དངོས་ཡོད་དགོས་གཏུག་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་དངོས་གནས་ཆེ་རུ་གཏོང་དགོས་ཞེས་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། དངུལ་ཁང་གི་འགོ་གཙོ་ལིག་ཧྲི་ཨིན་གྱིས་དེ་ལྟར་ངོ་སྤྲོད་བྱས། གོ་རིམ་རྗེས་མར་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས“བརྟན་སྲུང་དྲུག”གི་བྱ་བ་ཡག་པོར་བསྒྲུབ་པ་དང་། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པའི་ཁྲོད་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གི་ནུས་པ་འདོན་སྤེལ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“ཁ་གསབ་གསལ་འདེད”ཀྱི་ཆེད་དོན་བྱ་སྤྱོད་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱ་རྒྱུ་ཡིན་པ་རེད། དབུལ་ནག་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་རྒྱབ་སྐྱོར་དང་། “འགན་སྲུང་གསུམ”གྱི་འབུར་ཐོན་གནད་དོན་ལ་རྒྱབ་སྐྱོར། མཚོ་སྔོན་གྱི་ཐོན་ཁུངས་ཁྱད་སྟོབས་ཐོན་ལས་དབུལ་སྐྱོར་ལས་གཞི་ལ་རྒྱབ་སྐྱོར་བཅས་བྱེད་པར་སྔར་བས་དོ་ཁུར་བྱེད་དགོས། དངུལ་འཕྲི་ཁེ་སྤྲོད་རྒྱུན་འཁྱོངས་དང་གཟིགས་སྐྱོང་གི་དངུལ་བུན་སྐྱེད་ཚད། ཧེ་བག་ཅན་གྱི་ཡིད་རྟོན་དངུལ་བུན་སྲིད་ཇུས་དེ་ཞིབ་ཕྲའི་དབུལ་སྐྱོར་ལས་གཞིའི་སྟེང་དོན་འཁྱོལ་བྱས་ཏེ། ཞིང་ལས་འཕེལ་རྒྱས་དངུལ་ཁང་དེ་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་སྐྱེད་མཁོ་སྤྲོད་འགན་ལེན་བྱེད་པའི་ཐད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
ལོ་ཙཱ་བ། ཤ་བོ་རིན་མཚོ།