ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་མི་རིགས་གཅིག་ཀྱང་ལུས་མི་རུང་།
2020.07.13 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 23

 —རང་རྒྱལ་གྱི་མི་གྲངས་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་ཀྱི་གྲུབ་འབྲས།

“ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་མི་རིགས་གཅིག་ཀྱང་ལུས་མི་རུང”

ཀྲུང་ཧྭ་མི་རིགས་ནི་སྣ་མང་གཞི་གཅིག་གི་རླབས་ཆེན་གྱི་མི་རིགས་ཤིག་ཡིན་ཞིང་། རང་རྒྱལ་གྱི་མི་རིགས56ཁྲོད་མི་གྲངས་འབུམ་གསུམ་མན་གྱི་མི་གྲངས་ཅུང་ཉུང་བའི་མི་རིགས28ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སུ་ཏང་དང་སྲིད་གཞུང་གིས་མི་གྲངས་ཅུང་ཉུང་བའི་མི་རིགས་ལ་ཐུགས་ཁུར་ཆེན་པོ་གནང་། བཅོས་སྒྱུར་སྒོ་འབྱེད་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མི་གྲངས་ཅུང་ཉུང་བའི་མི་རིགས་ས་ཁུལ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། མི་རིགས་ཁག་གི་བུ་སྤུན་ཚོས་ལག་གདང་སྦྲེལ་ནས་དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པའི་ཕྱོགས་སུ་བསྐྱོད་བཞིན་ཡོད།

འཚོ་བ་སྔར་བས་ཇེ་བཟང་ཏུ་ཕྱིན་པ།

“རི་འགོར་དཀའ་སྡུག་གི་འཚོ་བ་བསྐྱལ་ནས་སྡོད་མི་དགོས། ལས་བྱེད་པ་དང་མང་ཚོགས་ཀྱིས་ངར་ཤུགས་གཅིག་ཏུ་སྒྲིལ་ནས་ཐང་གཤོངས་སུ་གྲོང་གསར་བསྐྲུན་པ་སོགས་ཀྱི་བྱ་བ་མང་པོ་བསྒྲུབས་ཡོད”ཅེས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་གྲོང་གསར་གྱི་གྲོང་མི་ལུའི་ཡིའུ་ཞན་གྱིས་རི་གྲོང་གི་འཕོ་འགྱུར་ཆེན་པོ་མཚམས་སྦྱོར་བྱས་བྱུང་།

པན་ཡན་གྲོང་གསར་གྱི་ཁྱིམ་ཚང་129སྔོན་ཆད་ས་བབ་མཐོ་ཚད་སྨི་2800ཡན་གྱི་རི་ཁྲོད་དུ་འཚོ་བ་རོལ་བཞིན་ཡོད། དབུལ་ཐར་མཁྲེགས་གཏོར་གྱི་གནད་སྨིན་དབྱེ་འབྱེད་བྱེད་སྐབས་གྲོང་ཚོ་དེར་དབུལ་པོས57%ལྷག་ཙམ་ཟིན་གྱི་ཡོད་པ་རེད།

ལོ་བཞིའི་ཡར་སྔོན་དུ་གནས་སྤོས་དབུལ་སྐྱོར་སྲིད་ཇུས་བཟང་པོ་ལས་སྡེ་མི་ཡོངས་རི་འདབས་ཀྱི་གཅིག་གྱུར་འཆར་འགོད་དང་གཅིག་གྱུར་འཛུགས་སྐྲུན་བྱས་པའི་གྲོང་ཚོ་གསར་པར་སྤོས།  གྲོང་ཚོ་གསར་པར་ཆུ་དང་། གློག རང་བྱུང་སོལ་རླངས་སོགས་ཆ་ཚང་ཡོད་པ་མ་ཟད་གྲོང་ཚོའི་ཉེ་འདབས་སུ་ཧོར་རིགས་ཀྱི་འཚེམ་དྲུབ་ཐོན་སྐྱེད་ཀྱི་དབུལ་སྐྱོར་འཁོར་ཁང་ཞིག་བསྐྲུན་ཡོད། “དེ་ལྟ་བུའི་འགྱུར་ལྡོག་བྱུང་བ་དངོས་གནས་ཡིད་ལའང་འཆར་དཀའ་བ་ཞིག་རེད”ཅེས་ལུའི་ཡིའུ་ཞན་གྱིས་དེ་ལྟར་བཤད་བྱུང་།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རང་རྒྱལ་གྱི་མི་གྲངས་ཅུང་ཉུང་བའི་མི་རིགས་ཀྱི་དབུལ་ཐར་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་སྟེ། རྒྱལ་ཡོངས་ཀྱི་མི་གྲངས་ཅུང་ཉུང་བའི་མི་རིགས་28ཁྲོད་ནས་མི་རིགས་25དབུལ་ཕོངས་ལས་ཡོངས་སུ་ཐར་བ་དང་ཡིག་ཚགས་དང་བྱང་བུ་བཟོས་པའི་མི་གྲངས་དབུལ་པོ་2016ལོའི་མི་གྲངས་འབུམ་གཉིས་སྟོང་དྲུག་ནས་2019ལོའི་མི་གྲངས་ཁྲི་གཅིག་སྟོང་གཉིས་བར་ཇེ་ཉུང་དུ་ཕྱིན་ཡོད་པ་རེད།

དབུལ་ཕོངས་ལས་ཐར་བ་དང་ཆབས་ཅིག། མི་གྲངས་ཅུང་ཉུང་བའི་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཀྱི་འགུལ་ནུས་སྔར་བས་ཇེ་དྲག་ཏུ་གྱུར་བ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ཡོད།

གྲོང་གསེབ་ཀྱི་གཞུང་ལམ་དང་། ཞིང་ཁའི་ཆུ་བེད། གཞི་རྩའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད། འཚོ་སྡོད་ཁོར་ཡུག་སོགས་འཛུགས་སྐྲུན་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

ད་ལྟ་མི་གྲངས་ཅུང་ཉུང་བའི་མི་རིགས་ཀྱི་མང་ཚོགས་ཚོས་དབུལ་ཐར་ལས་དོན་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་མུ་མཐུད་དུ་འབད་བརྩོན་ལྷོད་མེད་བྱས་སྟབས་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་ཇེ་སྐྱིད་དུ་འགྲོ་བཞིན་ཡོད།

འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་པ།

ཅི་ཕར.ཧྲ་ཐེ་ཝ་ལི་ཏི་དང་ཆིར་ཧ་ལི﹒ཧྲ་ཐེ་ཝ་ལི་ཏི་གཅེན་གཅུང་གཉིས་ནི་ཞིན་ཅང་ཝུའུ་ཆ་རྫོང་གི་ཁོར་ཁེ་ཙི་རིགས་ཀྱི་འབྲོག་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་སྔོན་ཆད་གནས་དེའི་ཁོར་ཡུག་ཧ་ཅང་ཞན་པ་མ་ཟད། ཐར་ཐོར་དུ་གནས་པས་བྱིས་པ་ཚོར་སློབ་གྲྭ་འགྲིམ་པའི་གོ་སྐབས་མེད་པ་རེད།

རང་རྒྱལ་གྱིས་སློབ་གསོར་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་བསྟུན་ནས། གཅེན་གཅུང་གཉིས་ལ་ཕ་ཡུལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གསོ་མྱོང་བའི་སྐལ་བ་ལྡན། ཆིར་ཧ་ལི·ཧྲ་ཐེ་ཝ་ལི་ཏི་2014ལོར་ཅང་སུའུ་ཞིང་ཆེན་ཝུའུ་ཞིས་གྲོང་ཁྱེར་ཆིན་ཧྲན་མཐོ་རིམ་སློབ་འབྲིང་དུ་རྒྱུགས་འཕྲོད་པ་དང་ད་ལྟ་ལྷོ་ནུབ་ནོར་དཔལ་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་ཡོད།

སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་དང་། ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད། མཐོ་འབྲིང་དུས་རིམ་གྱི་སློབ་ཞུགས་བྱེད་ཚད་སོགས་ཀྱི་སྟོན་གྲངས་མངོན་གསལ་དོད་པོས་ཇེ་མང་དུ་ཕྱིན་པ་དང་རྒྱལ་ཁབ་དང་འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་མི་རིགས་སློབ་གླིང་དུ་མི་གྲངས་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ཀྱི་གྲ་སྒྲིག་འཛིན་གྲྭ་བཙུགས་ནས་གནས་གཏན་འཁེལ་གྱི་སློབ་མ་བསྡུ་བའི་བྱ་ཐབས་ལག་བསྟར་བྱས།

མི་གྲངས་ཅུང་ཉུང་བའི་མི་རིགས་འདུས་སྡོད་སྲིད་འཛིན་གྲོང་ཚོའི་སྔོན་འགོག་བདེ་སྲུང་དང་ནད་ལ་ལྟ་བ། སྨན་བཅོས་བྱེད་པའི་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་ཇེ་ལེགས་སུ་བཏང་ནས་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་ཁྱོན་ཡོངས་ལ་ཁྱབ་པ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད།

རིག་གནས་སྲུང་སྐྱོབ་དང་། རྒྱུན་འཛིན། གསར་སྤེལ་བཅས་ནུས་ལྡན་དུ་གྱུར་ཡོད། དཔེར་ན་ནང་སོག་རང་སྐྱོང་ལྗོངས་སུ་མི་གྲངས་ཅུང་ཉུང་བའི་མི་རིགས་རིག་གནས་ཐོན་ལས་གླིང་མང་པོ་བསྐྲུན་ཡོད།

མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཤིང་། མི་གྲངས་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་འཕེལ་རྒྱས་ལས་བྱུང་བའི་ཕན་ཁེ་ལོངས་སུ་སྤྱོད་བཞིན་ཡོད།

མི་རིགས་སོ་སོ་ཁྱིམ་ཚང་གཅིག་ལྟར་བརྩེ།

མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་འཛུགས་བྱས་པ་བརྒྱུད། ས་གནས་ཁག་གིས་དཔེ་སྟོན་ཁུལ་དང་། དཔེ་སྟོན་ཚན་པ། སློབ་གསོའི་རྟེན་གཞི་བཅས་ཁག་གཅིག་བསྐྲུན་པས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མི་གྲངས་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱི་མོས་སེམས་ཇེ་ཆེར་ཕྱིན་ཡོད།

ཞིན་ཅང་གི་མི་གྲངས་ཅུང་ཉུང་བའི་མི་རིགས་10ཡིས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་མི་རིགས་མཐུན་སྒྲིལ་གྱི་འཆམ་མཐུན་བྱ་འགུལ་ཁྲོད་ཡོངས་ཁྱབ་ཏུ་ཞུགས་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་ཟབ་ཏུ་ཕྱིན་ཡོད།

བོད་ཀྱི་མོན་པ་རིགས་དང་ལྷོ་པ་རིགས་འདུས་སྡོད་ཀྱི་མི་རིགས་ཞང་མང་པོ་ཞིག་མཐའ་མཚམས་ས་ཁུལ་དུ་གནས་ཡོད་པ་དང་། དེ་གར་ཡོད་པའི་མང་ཚོགས་ཀྱིས་ས་ཁོངས་ཕྱི་ནང་གི་འཚོ་བའི་ཆ་རྐྱེན་བསྡུར་བར་བརྟེན་ནས་མེས་རྒྱལ་དང་ཏང་ལ་སེམས་པ་ཕྱོགས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།

མཚོ་སྔོན་གྱིས་མི་གྲངས་ཅུང་ཉུང་བའི་མི་རིགས་ས་ཁུལ་དུ“མི་རིགས་མཐུན་སྒྲིལ་དང་།  གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན། མཚོ་སྔོན་གྱི་འཚེམ་དྲུབ་ཐོན་ལས། ཡུལ་སྐོར། འཐེན་ཐུག་དཔལ་འབྱོར་བཅས་ཟུང་དུ་སྦྲེལ་བའི”མཉམ་འདྲེས་འཕེལ་རྒྱས་བྱ་སྤྱོད་ལག་བསྟར་བྱས་པས།  མི་རིགས་མཐུན་སྒྲིལ་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བརྟན་ལྷིང་། ཆོས་ལུགས་འཆམ་མཐུན་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་མངོན་ཡོད།

སྤྱི་ཚོགས་རིང་ལུགས་ནི་འཛུགས་སྐྲུན་བྱས་པ་ལས་བྱུང་བ་དང་བདེ་སྐྱིད་ནི་འབད་འཐབ་བྱས་ནས་བྱུང་བ་ཞིག་རེད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་རིགས་གཅིག་ཀྱང་ལུས་མི་རུང་། ཏང་དང་སྲིད་གཞུང་གིས་རྒྱུན་མཐུད་འབད་འཐབ་བྱས་པ་དང་མི་གྲངས་ཅུང་ཉུང་བའི་མི་རིགས་ཀྱི་མང་ཚོགས་ཀྱིས་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད་མ་འོངས་པའི་འཚོ་བ་དེ་བས་ལེགས་པ་དང་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།