བུ་ལུ་སྡེ་བས་རྗེས་ལུས་ཀྱི་རྣམ་པ་དོར་བ།
2020.07.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 24

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རྨ་ཤར་ཡུལ་ཚོ་བ་ལུ་སྡེ་བ་ནི་བོད་རིགས་སྡེ་བ་ཞིག་ཡིན་པ་དང་། སྡེ་བ་ཡོངས་སུ་ཁྱིམ་ཚང་བརྒྱ་དང་ཉེར་བཞི་དང་མི་སུམ་བརྒྱ་ཞེ་དྲུག་ཡོད་ལ། དེའི་ནང་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་སོ་བདུན་དང་མི་བརྒྱ་དང་བརྒྱད་ཡོད། 2015ལོར། སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་རྐྱང་སྒོར་མོ་སྟོང་བཞི་དང་སུམ་བརྒྱ་ཡིན་པ་རེད། ལོ་གཅིག་གི་སྔོན་ལ། བ་ལུ་སྡེ་བ་དེ་ད་དུང་ཕྱོགས་སོ་སོའི་བྱ་བ་རྗེས་ལུས་ཡིན་པའི་སྡེ་བ་ཞིག་ཡིན་པ་དང་། ཐ་ན་རྫོང་ཡོངས་ཀྱི་དཔྱད་ཞིབ་ཁྲོད། རྗེས་ལུས་ཞིག་ཡིན་པ་རེད།

ལོ་དེར་ཁྲི་ཀ་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཚེ་རིང་དོན་འགྲུབ་སྡེ་བ་དེར་མངགས་ནས་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་ཁུར།

བ་ལུ་སྡེ་བར་སླེབས་དུས། ཚེ་རིང་དོན་འགྲུབ་ཀྱིས་དབུལ་ཕོངས་ཁྱིམ་ཚང་མང་པོ་དབུལ་ཐར་བྱས་ཟིན་ནའང་། རང་ཉིད་ཀྱིས་ཉམས་སུ་མྱོང་བཞིན་པའི་དབུལ་སྐྱོར་སྲིད་ཇུས་ལ་ཆ་རྒྱུས་གཅིག་ཀྱང་མེད་པ་དང་། ད་དུང་དབུལ་སྐྱོར་གྱི་རྩིས་ཐོ་དེ་ཡིས་སྡེ་མི་ཁ་ཤས་མགོ་འཐོམ་དུ་བཅུག་ཡོད་ལ། ད་དུང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཀྱང་གསལ་བོ་ཞིག་ཤེས་བཞིན་མེད་པ་ཤེས་རྟོགས་བྱུང་།

གནས་ཚུལ་དེ་ལྟ་བུར་དམིགས་ནས། ཚེ་རིང་དོན་གྲུབ་ཀྱིས་ཏང་འཛུགས་ཀྱི་སྣེ་ཁྲིད་དེ་རྗེས་ཕྱོགས་ཀྱི་བྱ་བའི་མགོ་རྩོམ་ས་དང་ཤུགས་འདོན་སར་བརྩིས་ཏེ། ཤུགས་ཆེན་པོའི་སྒོ་ནས་བསམ་བློའི་སྟེང་དབུལ་ཐར་བྱེད་པའི་བྱ་བ་སྤེལ།

གནད་དོན་ཡང་དག་པའི་སྒོ་ནས་བཙལ་བ་དང་། དམ་འཛིན་བྱེད་པ་གཏན་འཁེལ་བྱས་རྗེས། ཁོས་བྱ་བའི་རུ་ཁག་གི་སྣེ་ཁྲིད་དེ། སྡེ་བའི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་སྡེ་བ་ཡོངས་ཀྱི་ཏང་ཡོན་ཉེར་བཞི་དང་མཉམ་དུ། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས་པ་དང་། ཁྱིམ་ཚང་དུ་སོང་ནས་དྲིལ་སྒྲོག་བྱེད་པ། མཚོན་རྟགས་བརྡ་ཡིག་སྦྱོར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཏང་དང་རྒྱལ་ཁབ་ཀྱི་ཞིང་བར་ཕན་པ་དང་། ཞིང་བ་སྟོབས་ལྡན་དུ་གཏོང་བ། ཞིང་བ་ཕྱུག་པོར་གཏོང་བའི་སྲིད་ཇུས་རྒྱ་ཆེར་དྲིལ་སྒྲོག་བྱས་ནས། མང་ཚོགས་ཀྱི་དབུལ་སྐྱོར་སྲིད་ཇུས་ཀྱི་ཤེས་ཚད་ཇེ་མཐོར་བཏང་སྟེ། དབུལ་ཕོངས་མང་ཚོགས་དབུལ་ཐར་བྱས་ནས་ཡོང་སྒོ་འཕར་བའི་སྒུལ་ཤུགས་སྐུལ་སྤེལ་བྱས།

ཚེ་རིང་དོན་གྲུབ་ཀྱིས་བསམ་བློ་སྟེང་ནས་མང་ཚོགས་དབུལ་ཐར་བྱེད་པར་སྣེ་ཁྲིད་བྱེད་དགོས་ན། ཏང་ཡོན་ནི་ཆེས་བཟང་པོའི་དཔུང་གྲོགས་ཡིན། ད་ལོར། ང་ཚོས་གྲ་སྒྲིག་ཏང་ཡོན་གསུམ་ཇེ་མང་དུ་བཏངསྟེ། ཏང་ཡོན་གྱི་དཔུང་སྡེ་སྔར་ལས་ཇེ་ཆེར་བཏང་ཞེས་བཤད།

བོད་རིགས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། བྱ་བ་སྒྲུབ་སྐབས། ཚེ་རིང་དོན་གྲུབ་ཀྱིས་རང་ཉིད་ཀྱིས་སྐད་གཉིས་སྨྲ་ཤེས་པའི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ནས། དབུལ་ཕོངས་ཁྱིམ་ཚང་རེ་རེར་སོང་ནས་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོ་ཁྱིམ་ཚང་དུ་སོང་ནས་རྟོག་དཔྱོད་བྱས་པ་དང་། སྲིད་ཇུས་དྲིལ་སྒྲོག་བྱེད་པ།  སྡེ་མི་རྣམས་དང་མཉམ་དུ་བོད་སྐད་ཀྱི་ལམ་ནས་རྒྱུན་ལྡན་གྱི་འཚོ་བ་ཁ་བརྡ་བྱས་པས། མང་ཚོགས་བར་གྱི་བར་ཐག་དང་། རྒྱུས་མེད་ཀྱི་རྣམ་པ་དེ་མེད་པརབཏང་།

དབུལ་སྐྱོར་གྱི་རྩིས་ཐོ་དེ་དབུལ་སྐྱོར་ལས་བྱེད་པས་གསལ་བོར་རྟོགས་དགོས་པར་མ་ཟད། ད་དུང་སྡེ་དམངས་རྣམས་ཀྱིས་སེམས་སུའང་གསལ་བོར་རྟོགས་དགོས། ཁ་བརྡ་བྱེད་པ་བརྒྱུད་དེ། ང་ཚོས་འདི་དག་ཡོད་ཚད་མང་ཚོགས་རྣམས་ལ་གསལ་བོར་བཤད་དགོས་ལ། ཁྱིམ་ཚང་རེ་རེ་ན་དོན་དག་གསལ་བོ་ཤེས་པའི་མི་རེ་བསྐྱེད་བསྲིང་བྱས་ཡོད་ཞེས་ཚེ་རིང་དོན་གྲུབ་ཀྱིས་དེ་ལྟར་བཤད། དེ་དང་ཆབས་ཅིག་ཏུ། ཁོས་ད་དུང་མང་ཚོགས་རྣམས་ཀྱིས་ས་གནས་རང་གི་གོམས་སྲོལ་བཟང་པོ་དར་སྤེལ་བྱེད་པར་སྣེ་ཁྲིད་བྱས་ཏེ། གོམས་སྲོལ་ངན་པ་བསྒྱུར་བར་སྐུལ་འདེད་བྱས།

ལོ་གཅིག་གི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། ད་ལོའི་བ་ལུ་སྡེ་བ་ནི་སྡེ་བའི་རྣམ་པ་ནས་སྡེ་མི་རྣམས་ཀྱི་བསམ་བློ་ཐད་ལ་འགྱུར་ལྡོག་བྱུང་སྟེ། རྣམ་པ་གསར་བ་ཞིག་ཏུ་གྱུར་འདུག

དབུལ་སྐྱོར་བྱེད་ན་སྔོན་ལ་བློ་སྟོབས་ཐད་ནས་རོགས་སྐྱོར་བྱེད་དགོས། ཚེ་རིང་དོན་གྲུབ་ཀྱིས་ཏང་འཛུགས་སྣེ་ཁྲིད་ལ་བརྟེན་ནས་ལམ་ཕྱོགས་བཟང་པོ་ཞིག་བཏོད་པ་དང་། དབུལ་ཐར་ཁྱིམ་ཚང་གིས་རང་ཉིད་ཀྱིས་བློ་གྲོས་ལ་བརྟེན་ནས་དབུལ་བོ་ལས་ཐར་བར་སྐུལ་འདེད་བྱས་ཏེ། སྡེ་བ་ཡོངས་སྤུས་ཚད་མཐོ་བ་དང་བརྟན་འཇགས་ཀྱི་སྒོ་ནས་དབུལ་ཐར་བྱེད་ཐུབ་པ་བྱུང་།

ད་ལོར་ང་ཚོས་དར་ཤིང་ཉོས་པ་དང་། གཟའ་འཁོར་རེར་ཐེངས་གཅིག་ལ་དར་ཆ་ཡར་བསྒྲེངས་པའི་མཛད་སྒོ་སྤེལ་བར་གྲ་སྒྲིག་བྱས་པ་དང་། ཏང་གི་གཡུལ་ས་དེ་གཞི་རིམ་དུ་བརྟན་པོར་ཚུགས་པ་དང་། ཏང་གི་གཟི་འོད་དེ་སྡེ་མི་ཚོས་སེམས་གཏིང་དུ་འཕྲོ་བར་བྱས་ཞེས་ཚེ་རིང་དོན་གྲུབ་ཀྱིས་བརྟན་བརླིང་གི་སྒོ་ནས་དེ་ལྟར་བཤད།

ལོ་ཙཱ། ཚེ་རིང་སྒྲོལ་མ།