མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་ལྔ་སྤྱད་དེ་ཞིང་ལས་དང་ཐོན་ལས་ཀྱི་དབུལ་སྐྱོར་གྲུབ་འབྲས་སྲ་བརྟན་དུ་བཏང་།
2020.07.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་ཁྱད་སྟོབས་དམ་འཛིན་དང་། ཁེ་ཕན་མཉམ་འབྲེལ་ལ་ཤུགས་སྣོན་པ། ཚན་རྩལ་ཞབས་ཞུ་ལ་ཤུགས་སྣོན་པ། མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། མཐུན་སྦྱོར་རོགས་ལས་ཀྱི་བྱེད་ཐབས་ཆེན་པོ་ལྔ་ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་དང་འབྲོག་ཁུལ་རྣམ་པའི་དབུལ་ཐར་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་དང་། དབུལ་ཐར་སྤུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ། དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་བརྟན་འཇགས་སུ་གཏོང་བ། དབུལ་ཐར་ཞིང་སྡེ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་རྣམ་པ་བཟང་པོར་སྐུལ་འདེད་བྱས།

ཁྱད་སྟོབས་དམ་འཛིན་བྱས་ཏེ། འབྲི་གཡག་དང་ནས་ཀྱི་ཐོན་ལས་འཕེལ་རྒྱས་སུ་བཏང་། མུ་མཐུད་དུ༼འབྲི་གཡག་དང་ནས་ཀྱི་ཐོན་ལས་ལོ་གསུམ་གྱི་རིང་ལ་སྤེལ་བའི་འཆར་འགོད༽བཟོས་ནས། རྒྱུད་བཟང་འབྲི་གཡག་གསོ་སྤེལ་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་བ་དང་། འབྲི་གཡག་རྟེན་མཛོད་ཁང་དང་། འབྲི་གཡག་རིག་གནས་བརྗོད་བྱ་ཡིན་པའི་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ལས་གཞི་སོགས་ལག་བསྟར་བྱས་ཏེ། འབྲི་གཡག་ཐོན་ལས་དཔེ་སྟོན་ར་བ་ལྔ་སྐྲུན་པ་དང་། འབྲི་གཡག་ལ་བརྟེན་ནས་ཐོན་ལས་སྦྲེལ་ཐག་ཀྱང་སྐྲུན། འབྲི་གཡག་དང་འབྲེལ་བའི་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་གྱི་ཚད་གཞི་སྒྲིག་བཟོ་བྱས་ནས། ༼འཛམ་གླིང་འབྲི་གཡག་གི་ཕ་སའི༽ཚོང་རྟགས་སྐྲུན། ནས་ཀྱི་སོན་བཟང་བདམས་ནས་ས་སྤྱི་ཆིངས་ཐིག་དང་གྲངས་ཆུང་བཞིའི་སྟེང་དུ་ནས་ཀྱི་ས་བོན་བཏབ་པ་དང་། ཏུན་ཁྲི་གཉིས་ཡན་གྱི་ནས་ཀྱི་ཟས་རིགས་ལས་སྣོན་ཐོན་སྐྱེད་ལམ་ཐིག་ལྔ་འཁོར་བསྐྱོད་བྱེད་ཐུབ་པ་བྱུང་།

ཁེ་ཕན་མཉམ་འབྲེལ་ཇེ་དྲག་དུ་བཏང་ནས་གཙོ་གཞིས་དབུལ་བོའི་སྣེ་ཁྲིད་པའི་ནུས་པ་ཇེ་མཐོར་བཏང་།

ཞིང་ཆེན་རིམ་པའི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཁེ་ལས་གཙོ་བོ་སྐོར་ཞིག་ངོས་འཛིན་བྱས་ནས་ཞིང་བའི་ཆེད་ལས་མཉམ་ལས་ཁང་གཞི་ཁྱོན་ཅན་དུ་འཛུགས་སྐྲུན་བྱེད་པའི་བྱ་བ་སྤེལ་ཏེ། ཐོན་ལས་འཕེལ་རྒྱས་དང་། རོང་འབྲོག་པ་ལས་ཞུགས་བྱེད་པ། དཀའ་ངལ་ཆེ་བའི་ཁྱིམ་ཚང་དབུལ་ཐར་བྱེད་པར་སྣེ་ཁྲིད་བྱས། རོང་འབྲོག་པའི་མཉམ་ལས་ཁང་གི་སྤུས་ཚད་དང་ཚད་གཞི་ཅན་གྱི་འཛུགས་སྐྲུན་ཚོད་ལྟ་ལ་སྐུལ་འདེད་བཏང་ནས་རོང་འབྲོག་ཁུལ་གྱི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་སྒྱུར་བྱ་བ་སྤེལ་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར“མེད་པའི”བཟོ་སྐྲུན་གྱི་འགུལ་སྐྱོད་ལག་བསྟར་བྱས།

ཚན་རྩལ་ཞབས་ཞུ་ལ་ཤུགས་བསྣན་ནས་ཐོན་སྐྱེད་ཚོང་གཉེར་ཡིག་ཚགས་སུ་འཇུག་པར་སྐུལ་འདེད་བྱས།

ཞིང་ལས་ལག་རྩལ་གྱིས་དབུལ་ཐར་མཁྲེགས་གཏོར་བྱ་བར་རོགས་སྐྱོར་བྱེད་པ་དངོས་འབེབ་བྱེད་པ་དང་། ལག་རྩལ་ཆེད་མཁས་པས་ཞིང་ལས་ཐོན་སྐྱེད་ལག་རྩལ་ཐད་ལ་མཛུབ་སྟོན་དང་ཞབས་ཞུ་སྒྲུབ་པར་ལྟ་རྟོག་བྱས་ནས་རྫོང་རེ་རེར་ཁྱད་ཆོས་ལྡན་པའི་ཐོན་ལས་ལག་རྩལ་ཆེད་མཁས་པ་གཉིས་ནས་གསུམ་བཀོད་སྒྲིག་བྱས་ལ། ཐོན་ལས་ཆེད་མཁས་ལག་རྩལ་པ་སུམ་བརྒྱ་དང་གོ་བདུན་གཏན་འཁེལ་བྱས་ཡོད་པ་དང་། ལག་རྩལ་ཆེད་མཁས་པ་རེ་རེས་ལོ་རེར་ཆེས་ཉུང་ནའང་ལག་རྩལ་ཐད་ནས་མཛུབ་སྟོན་དང་ཞབས་ཞུ་ཐེངས་གཉིས་ལས་མི་ཉུང་བ་འདོན་སྤྲོད་བྱེད་དགོས་ཤིང་། སྤུས་ཚད་མཐོ་བའི་རོང་འབྲོག་པའི་གསོ་སྦྱོང་བྱ་བར་སྐུལ་འདེད་བྱས་ཏེ། ཞིང་ཕྱུགས་ལས་ཚན་རྩལ་གསར་སྐྲུན་གྱི་རིམ་པ་གསུམ་པའི་སྟེགས་བུས་དབུལ་ཕོངས་ས་ཁུལ་ལ་ཞབས་འདེགས་ཞུ་བའི་ཤུགས་ཚད་ཇེ་ཆེར་གཏོང་དགོས།

མི་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་བྱེད་དགོས།

རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་རིགས་དགར་ནས་ཇེ་ཉུང་དུ་གཏོང་བ་དང་ཐོན་ཁུངས་ཅན་གྱི་བཀོལ་སྤྱོད་ཚོད་ལྟའི་གནས་འཛུགས་པར་སྐུལ་འདེད་བཏང་སྟེ། ཚོད་ལྟའི་རྫོང་སྐྲུན་པར་བརྩོན་ལེན་བྱས། ཞིང་སྡེའི་སྤྱོད་ཁང་ལེགས་བཅོས་བྱེད་པའི་བྱ་བ་གསལ་རྟོགས་བྱས་ཏེ། མཐོ་སྒང་དང་ཞིང་སྡེ་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་བྱེད་པའི་ལག་རྩལ་དང་རྣམ་པར་འཚམ་པའི་ཐབས་ལམ་འཚོལ་ཞིབ་བྱས་ཏེ་སྡེ་བ་ནས་དག་གཙང་གི་ཆེད་དོན་འགུལ་སྐྱོད་སྤེལ་བར་སྐུལ་འདེད་བྱས།

མཐུན་སྦྱོར་རོགས་ལས་བརྟེན་ནས་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་དར་སྤེལ་དུ་བཏང་། པེ་ཅིན་ནས“མཚོ་སྔོན་གྱི་སྒེའུ་ཁུང་”དང་། ནན་ཅིན་ནས“མཚོ་སྔོན་གྱི་དངོས་ཟོག”ཉོ་ཚོང་ཚོང་ཁང་དང་། ཅཱ་ཞིན་འཕང་འབྲས་སོགས་ཡུལ་དངོས་འགྲེམ་སྟོན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “ནོར་ལུག་ཁྲི་སྟོང་”གི་བཟོ་སྐྲུན་དང་། “གངས་ལྗོངས་མགོ་ལོག”གི་ཚོང་རྟགས་བསྐྲུན་པ་དང་། ཐེན་ཅིན་གྱི་སིལ་ཏོག་དང་སྔོ་ཚོད་རྒྱ་སྐྱེད་དུ་བཏང་ཞིང་། སྔོ་ཚོད་འདེབས་ས་འཛུགས་སྐྲུན་བྱེད་པའི་བྱ་བ་སོགས་ལག་བསྟར་བྱས། ལས་བྱེད་པས་ཕྱོགས་གཉིས་ནས་ལས་འགན་འཁུར་ཏེ་སྦྱོང་བརྡར་བྱེད་པ་དང་། མཐོ་རིམ་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་དང་ལག་རྩལ་རྒྱ་སྐྱེད་དུ་གཏོང་བ། ཞིང་ཕྱུགས་ལས་དང་ཁེ་ལས་ལག་རྩལ་མཉམ་ལས་སོགས་ཐད་ལ་སྐུལ་འདེད་བཏང་སྟེ། དབུལ་སྐྱོར་མཉམ་ལས་བརྗེ་རེས་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བྱས།

ལོ་ཙཱ། ཚེ་རིང་སྒྲོལ་མ།