མཚོ་ཤར་གྲོང་ཁྱེར་གྱིས “དམིགས་གཏད་ལྔ”དམ་འཛིན་བྱས་ཏེ་ཏང་ཡོན་ལས་བྱེད་པའི་རང་འགན་གཙང་སྒྲུབ་ཀྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་།
2020.08.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

ཏང་ཡོན་ལས་བྱེད་པའི་གསོ་སྦྱོང་ཆེན་པོ་ཏན་ཏིག་དང་ནུས་ལྡན་ཡོང་བར་ཁག་ཐེག་བྱ་ཆེད། མཚོ་ཤར་གྲོང་ཁྱེར་གྱིས “དམིགས་གཏད་ལྔ”དམ་འཛིན་བྱས་ཏེ།ལས་བྱེད་པའི་ཆབ་སྲིད་ཀྱི་ངེས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། རང་གི་འགན་འཁྲི་སྒྲུབ་པའི་ཆུ་ཚད་མཐོར་འདེགས་གཏོང་བ། ཏང་སྲིད་ལས་བྱེད་པའི་ཤེས་ལྡན་མི་སྣ་གྲབས་གསོག་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ཕྱོགས་ལ་གཅིག་བསྡུས་ཀྱིས་ཤུགས་འདོན་ཅི་ཐུབ་བྱས་ནས། ཏང་ཡོན་ལས་བྱེད་པས་རང་འགན་གཙང་སྒྲུབ་བྱེད་པའི་ནུས་པ་དང་ཆུ་ཚད་སྔར་བས་མཐོར་འདེགས་སུ་བཏང་།

ལས་བྱེད་པའི་ཆབ་སྲིད་ཀྱི་ངེས་ཤུགས་མཐོར་འདེགས་གཏོང་རྒྱུར་དམིགས་ནས། ནན་ཏན་གྱིས“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་གསོའི་གསོ་སྦྱོང་འཆར་གཞི”ལག་བསྟར་བྱེད་པ་དང་། གྲོང་ཁྱེར་རིམ་པའི་ངོས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིགས་པའི་གཞུང་ལུགས་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་ཆེད་དམིགས་སུ་བཀོད་སྒྲིག་བྱས་ཤིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱེད་པའི་ཆེད་དོན་ཞིབ་འཇུག་འཛིན་གྲྭ་སོགས་བསྡོམས་པས་སྐབས་ཐེངས6ལ་བསྒྲུབས་པ་དང་། རྫོང་དང་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པའི་ཁོངས་མི་ཐམས་ཅད་ལ་ཁེབས་པ་མངོན་འགྱུར་བྱུང་ཡོད།

འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུར་དམིགས་ནས། དབུལ་ཐར་འགག་སྒྲོལ་གྱི་རྗེས་མཐུད་བྱ་བ་སྲ་བརྟན་གཏོང་བའི་གསོ་སྦྱོང་འཛིན་གྲྭ་དང་སྤྱི་པའི་ཉམས་ཉེན་དོ་དམ་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སྒྲུབ་པ་ལ་སོགས་པའི་མ་ལག་ཚང་བའི་མུ་འབྲེལ་ཤེས་བྱའི་གསོ་སྦྱོང་འཛིན་གྲྭ་རབ་དང་རིམ་པ་བསྡོམས་པས་སྐབས་ཐེངས57བཀོད་སྒྲིག་བྱས་ནས། ལས་བྱེད་པར་ཆེད་ལས་ཤེས་བྱ་ཕུན་སུམ་ཚོགས་པར་གཏོང་བ་དང་། ཆེད་ལས་ཀྱི་ནུས་པ་མཐོར་འདེགས་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད།

ཏང་སྲིད་ལས་བྱེད་པའི་ཤེས་ལྡན་མི་སྣ་གྲབས་གསོག་བྱ་རྒྱུར་དམིགས་ནས། ནན་ཏན་སྒོས“ན་གཞོན་ལས་བྱེད་པའི་ཕུགས་འདུན་དད་སེམས་དམིགས་ཡུལ་བཅས་ཀྱི་སློབ་གསོའི་འཆར་གཞི”ལག་བསྟར་བྱས་པ་དང་། ཀྲུང་གོའི་ན་གཞོན་དར་མའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་དང་། ན་གཞོན་ལས་བྱེད་པའི་ཕུགས་འདུན་དད་སེམས་དམིགས་ཡུལ་བཅས་ཀྱི་སློབ་གསོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ། འདེམ་གཏོང་སློབ་མའི་གསོ་སྦྱོང་འཛིན་གྲྭ་སོགས་བསྡོམས་པས་སྐབས་ཐེངས7ཆེད་དམིགས་སུ་བཀོད་སྒྲིག་དང་འཛུགས་གཉེར་བྱས་ཏེ།སྔར་ལས་ལྷག་པར་ན་གཞོན་ལས་བྱེད་པའི་སྤྱི་ཡོངས་ཀྱི་བྱང་ཚད་དང་གཞི་རྩའི་ནུས་པ་མཐོ་འདེགས་སུ་བཏང་།

གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུར་དམིགས་ནས། གྲོང་ཁྱེར་དང་རྫོང་དང་ཡུལ་ཚོ་བཅས་ཀྱི་རིམ་པ་བཀར་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་གཞི་རིམ་ཏང་ཡོན་གྱི་སློབ་སྦྱོང་དང་གསོ་སྦྱོང་ལེགས་པར་འཛིན་པ་དང་རྣལ་མོར་འཛིན་པ་རྒྱུན་འཁྱོངས་བྱས། གྲོང་ཁྱེར་རིམ་པའི་ངོས་ནས་ལོ་འདིའི་ནང་གྲོང་ཁྱེར་སྡེ་ཁུལ་གྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་གསོ་སྦྱོང་འཛིན་གྲྭ་དང་། སྡེ་བའི་ལས་བྱེད་པའི་འཇོན་ཐང་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ། “གསར་པ་གཉིས”ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་གསོ་སྦྱོང་འཛིན་གྲྭ་ལ་སོགས་སྐབས་ཐེངས10བསྒྲུབ་རྒྱུའི་འཆར་གཞི་བཀོད་དེ། ཏང་ཡོན་མི་ཐེངས905ལ་གསོ་སྦྱོང་བྱས་ནས། སྔར་ལས་ལྷག་པར་གཞི་རིམ་ཏང་ཡོན་གྱི་ཆབ་སྲིད་བྱང་ཚད་དང་། བྱ་བའི་འཇོན་ནུས་དང་། ཞབས་ཞུའི་ཆུ་ཚད་བཅས་མཐོར་འདེགས་སུ་གཏོང་རྩིས་ཡོད།

གསོ་སྦྱོང་ནང་ཞུགས་པའི་ཁེབས་རྒྱ་ཆེར་གཏོང་རྒྱུར་དམིགས་ནས། མཚོ་ཤར་གྲོང་ཁྱེར་གྱི“མི་ཁྲི་དྲ་ལམ་དུ་ཞུགས་ཡོད་པ”དང“མཚོ་སྔོན་ལས་བྱེད་པའི་དྲ་ཐོག་སློབ་གླིང”ཞེས་པའི་དྲ་རྒྱའི་སློབ་སྦྱོང་སྟེགས་བུ་ཆེན་པོ་གཉིས་གང་ལེགས་ཀྱིས་བེད་སྤྱོད་བྱས་པའི་སྟེང་། རྫོང(ས་ཁུལ)སོ་སོ་དང་ལས་ཁུངས་སོ་སོའི་སྒྲིག་ཁོངས་སུ་ཡོད་པ་དང་ལས་གནས་ཐོག་ཡོད་པའི་ལས་བྱེད་པ་ཡོངས་རྫོགས་དྲ་རྒྱའི་སློབ་སྦྱོང་དང་གསོ་སྦྱོང་གི་ཁྱབ་ཁོངས་ནང་འཇུག་རྒྱུ་ལག་ལེན་བཏབ་ནས། རྒྱ་ཆེའི་ལས་བྱེད་པས་རང་ངོས་ཀྱི་ལས་སྒོའི་མཁོ་འདུན་དང་ཟུང་དུ་འབྲེལ་བཞིན། ཁོ་ཚོར་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་བྱེད་དུ་བཅུག་པ་རེད། མིག་སྔར། མཚོ་ཤར་གྱི“མི་ཁྲི་དྲ་ལམ་དུ་ཞུགས་ཡོད་པ”དང “མཚོ་སྔོན་ལས་བྱེད་པའི་དྲ་ཐོག་སློབ་གླིང” ཞེས་པའི་དྲ་རྒྱའི་སློབ་སྦྱོང་སྟེགས་བུ་ཆེན་པོ་གཉིས་ཀྱི་གསོ་སྦྱོང་ནང་ཞུགས་མཁན་གྱི་སློབ་མ་ཕལ་ཆེར་སོ་སོར་མི12353དང་མི31290 རུ་སླེབས་པ་དང་། གསོ་སྦྱོང་ནང་ཞུགས་པའི་ཚད་ནི་སྟེགས་བུ་ཆེན་པོ་གཉིས་ཀར100%རེད། །

                                                                                 རྩོམ་སྒྲིག་པ། གཡང་འབུམ་རྒྱལ།