སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལ་མཚོ་སྔོན་དུ་ཚུར་སྣང་དྲག་པོ་བྱུང་བ།
2020.09.27 ཁུངས། ཀྲུང་གོ་བོད་སྐད་རླུང་འཕྲིན། ཀློག་གྲངས། 22

སྤྱི་ཟླ་8པའི་ཚེས་28ཉིན་ནས་29ཉིན་བར། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་པེ་ཅིན་དུ་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱིས་འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་དུས་རབས་གསར་པའི་བོད་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་ཞིང་། ཚང་མས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་དོན་སྙིང་གཙོ་བོ་དང་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་བྱས་ནས། དེ་ཉིད་བོད་འབྲེལ་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་བསྟན་ཡོད།

ཚང་མས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་མིག་སྔའི་བོད་འབྲེལ་ལས་དོན་ལ་འཕྲད་པའི་རྙོག་འཛིང་ཆེ་བའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་ཡོད་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་བོད་འབྲེལ་ལས་དོན་ཡག་པོ་སྒྲུབ་པའི་མཛུབ་ཁྲིད་བསམ་བློ་རྒྱས་བཤད་གཏིང་ཟབ་གནང་ཡོད་ལ།ད་ལྟ་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་བོད་འབྲེལ་ལས་དོན་གྱི་དམིགས་ཚད་ལས་འགན་དང་། བྱེད་ཕྱོགས་སྲིད་ཇུས། འཐབ་ཇུས་བྱ་ཐབས་བཅས་ཀྱང་ཁ་གསལ་བཏོན་ཡོད། གསུང་བཤད་ནི་དུས་བབ་དང་མཐུན་ཞིང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་དོན་གཏིང་ཟབ་པ། ཆབ་སྲིད་རང་བཞིན་དང་། འཐབ་ཇུས་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཆེན་པོ་ལྡན་པའི་དུས་རབས་གསར་པའི་བོད་འབྲེལ་ལས་དོན་གྱི་རྩ་བའི་གཞི་འཛིན་ས་ཞིག་ཡིན་ཞེས་བསྟན་ཡོད།


མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་བྱེད་པ་ཀླུ་རྒྱལ་དོན་གྲུབ་ཀྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་བླངས་ཏེ། དགོངས་དོན་གྱི་ངོ་བོ་གསལ་པོ་ཤེས་པ་དང་དོན་སྙིང་གཙོ་བོ་ཁོང་དུ་ཆུད་པ་བྱེད་དགོས། ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས་པ་བཅུ་ཞེས་པ་དེ་ཕྱོགས་སྟོན་དང་ཚད་ཤིང་དུ་བཞག་ནས། ཚོགས་འདུའི་དགོངས་དོན་དེ་ཉིད་ཁྱོན་ཡོངས་ནས་ཞིབ་ཕྲའི་ལས་དོན་ཁྲོད་དུ་དོན་འཁྱོལ་བྱ་རྒྱུ་དང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ལས་དོན་ལ་འཕེལ་རིམ་གསར་པ་དང་ཡར་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཞིབ་བཤེར་ཁྲུའུ་ཡི་ཁྲུའུ་ཀྲང་མཱ་ཤིའུ་ལན་གྱིས་བཤད་རྒྱུར། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་བརྟན་པོ་བསྐྲུན་རྒྱུའི་འདུ་ཤེས་དེ་གཙོ་བོར་བྱས་ཐོག མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དམིགས་ས་དང་ཤུགས་རྒྱག་སར་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། མི་རིགས་ཁག་གི་བར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མི་རིགས་ཁག་གི་མང་ཚོགས་ཀྱིས་མོས་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་ཆེད་འབད་འབུངས་ལྷོད་མེད་བྱེད་དགོས་ཟེར།


མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་བྱེད་པ་ཁྲེ་ཞའོ་ཡུས་ཀྱིས་བཤད་རྒྱུར། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཐོག ཚོགས་འདུའི་དགོངས་དོན་དྲིལ་བསྒྲགས་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། ཀྲུང་དབྱང་གི་གསུང་སྐད་དང་སྲིད་ཇུས་སྔར་བས་མི་སེམས་ལ་གཏིང་ཟབ་ཟུག་པ་དང་གཞི་རིམ་མང་ཚོགས་ཁྲོད་སྔར་བས་ཟབ་འཇུག་ཡོང་བ་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་སློབ་ཁྲིད་དང་སློབ་དཔྱོད་པུའུ་ཡི་ཀྲུའུ་རིན་གཞོན་པ་ཀྲའོ་དབྱིང་གིས་བཤད་རྒྱུར། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ།  མཐའ་མཚམས་སྐྱོང་བར་སྔོན་ལ་ངེས་པར་དུ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པ་སོགས་ངེས་པར་དུ་བྱ་དགོས་པ་བཅུ་ཞེས་པས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ས་ཁུལ་གྱི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད་པར་བསྟན་ཡོད་ཟེར།

དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ། ཚང་མས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ནས་མཐིལ་རྟོགས་པ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་གོ་བ་ཆ་ཚང་ལེན་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བོད་འབྲེལ་ལས་དོན་གྱི་དུས་བབ་གསར་པ་དང་ལས་འགན་གསར་པ་ཡང་དག་པར་ཁོང་དུ་ཆུད་པ་བྱས་ཏེ། འཐབ་ཇུས་བཀོད་སྒྲིག་དེ་ལས་ཀའི་བཀོད་སྒྲིག་ཞིབ་ཕྲ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་བསྟན་ཡོད།

                                                          རྩོམ་སྒྲིག་པ། གཡང་འབུམ་རྒྱལ།