མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱིས་བྱས་རྗེས་འཇོག་དགོས།
2020.10.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

 ཟླ10པའི་ཚེས13ཉིན། ཞིང་ཆེན་དང་པུའུ་ཡིས་མཐོ་སྒང་གི་མཛེས་སྡུག་མཁར་གྲོང་འཛུགས་སྐྲུན་བྱེད་པའི་དཔེ་སྟོན་ཞིང་ཆེན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ནས།    མཐོ་སྒང་གི་མཛེས་སྡུག་མཁར་གྲོང་འཛུགས་སྐྲུན་བྱེད་པའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་། ཧུར་ཐག་གིས་དུས་རབས་ཀྱི་ཁྱད་ཆོས་དང་མཐོ་སྒང་གི་ཁྱད་ཆོས། མཚོ་སྔོན་གྱི་ཁྱད་ཆོས་བཅས་ལྡན་པའི་མཁར་གྲོང་འཕེལ་རྒྱས་སུ་གཏོང་བའི་ལམ་བུ་གསར་བ་ཧུར་ཐག་གིས་བསྐྲུན་ནས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས་པ་ནན་གྱིས་བསྟན།  མཐོ་སྒང་གི་མཛེས་སྡུག་མཁར་གྲོང་འཛུགས་སྐྲུན་བྱེད་པའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་རྒྱུ་ནི་མཚོ་སྔོན་གྱིས“མཛེས་སྡུག་གི་ཀྲུང་གོའི”འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་།  རྣམ་པ་གསར་བའི་མཁར་གྲོང་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེ་བྲག་གི་འགུལ་སྐྱོད་ཅིག་ཡིན་པས།  ང་ཚོས་བསམ་བློའི་ངོས་འཛིན་ཇེ་མཐོར་གཏོང་བ་དང་། གོ་སྐབས་དམ་འཛིན་བྱེད་པ།  མཁར་གྲོང་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་ཇེ་མགྱོགས་སུ་གཏོང་བ།  མཁར་གྲོང་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་དགོས་ཤིང་།  མཁར་གྲོང་གཅིག་གྱུར་འཆར་འགོད་ཀྱིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཚོན་མདངས་གསར་བ་བསྣན་དགོས།

མཚོ་སྔོན་ལ་མཚོན་ན་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དང་ནམ་ཟླའི་ཁྱད་ཆོས། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད་ཐུན་མིན་རང་བཞིན་དང་དཔེ་མཚོན་རང་བཞིན་ལྡན་པས།  ང་ཚོས་མཁར་གྲོང་དང་སྐྱེ་ཁམས་ཁོར་ཡུག་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་འགྲོ་ཡིན་པའི་རྩ་དོན་འདི་དམ་འཛིན་བྱས་ནས། མཁར་གྲོང་གི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སའི་གོ་ལའི་སྣེ་གསུམ་པ་བརྟན་སྲུང་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པ་དང་། ལོ་བརྒྱའི་བསམ་གཞིགས་བརྟན་པོར་བཙུགས་ཏེ། ལོ་རྒྱུས་ཀྱི་དྲན་ཤེས་དང་རིག་གནས་ཀྱི་སྲོག་རྩ། ས་ཁོངས་ཀྱི་རྣམ་པ། མི་རིགས་ཀྱི་ཁྱད་ཆོས་བཅས་ལྡན་པའི་མཐོ་སྒང་གི་མཛེས་སྡུག་མཁར་གྲོང་འཛུགས་སྐྲུན་བྱེད་དགོས། ཧུར་ཐག་གིས་མཁར་གྲོང་གི་བདེ་འཇགས་ལྟ་སྐུལ་དོ་དམ་མཐོར་འདེགས་དང་། ལས་ཆོད་མཐོ་བའི་བཅོས་སྐྱོང་མ་ལག་བཙུགས་ཏེ། ཆ་འཕྲིན་ཅན་དང་གཞི་གྲངས་ཅན། རིག་ནུས་ཅན་བཅས་ཀྱི་མཁར་གྲོང་དོ་དམ་མཉམ་འདྲེས་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ་དང་། ཤེས་རིག་མཁར་གྲོང་གསར་འཛུགས་བྱེད་དགོས། ཐོན་ལས་དང་མཁར་གྲོང་མཉམ་འདྲེས་དང་། གླིང་ཁུལ་དང་མཁར་གྲོང་མཉམ་འདྲེས། ཞིང་སྡེ་དང་མཁར་གྲོང་མཉམ་འདྲེས། རིག་གནས་དང་མཁར་གྲོང་མཉམ་འདྲེས་བཅས་ཀྱི་རྩ་དོན་བརྩི་སྲུང་བྱས་ཏེ། མཁར་གྲོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་དང་། མཁར་གྲོང་མཐུན་སྦྱོར་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། རྒྱུན་ཆད་མེད་པར་མཁར་གྲོང་འཕེལ་རྒྱས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱེད་དགོས།

དུས་རབས་གསར་པར་སླེབས་རྗེས། ང་ཚོས་སྔར་ལས་མཛེས་སྡུག་དང་སྐྱེ་ཁམས་འཚོ་སྡོད་ལ་འཚམ་པའི་མཚོ་སྔོན་གྱིས་མ་འོངས་པར་སྣེ་ཁྲིད་དང་མཐོ་སྒང་གི་མཛེས་སྡུག་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་རྒྱུ་དེ་ཁྱོན་ཡོངས་ལ་འབྲེལ་བའི་འཐབ་ཇུས་གལ་ཆེན་ཞིག་ཏུ་བརྩི་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་སྤྱི་ཡོངས་ཀྱི་འཆར་འགོད་དང་། རྒྱུན་ཆད་མེད་པར་རྐྱེན་སྲོལ་གསར་གཏོད་དང་འཐུས་ཚང་དུ་གཏོང་བ་དང་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ལ། “དུས་ཚོད་རེའུ་མིག”གཞིར་བཟུང་ཏེ། 《མཐོ་སྒང་གི་མཛེས་སྡུག་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞིའི》ནང་གཏན་འཁེལ་བྱས་པའི2020ལོ་དང་། 2025ལོ། 2035ལོ་བཅས་སྦྲེལ་མཚམས་གསུམ་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ནས། མི་རྣམས་ཀྱི་མཁར་གྲོང་གི་འཚོ་བ་དེ་བས་མཛེས་སྡུག་ལྡན་པར་བྱེད་པ་དང་།  མཐོ་སྒང་གི་མཁར་གྲོང་ལ་དེ་བས་མཐོ་སྒང་གི་ཁྱད་ཆོས་དང་།  མཐོ་སྒང་གི་ཡིད་དབང་འགུག་ཤུགས།  མཐོ་སྒང་གི་ཉམས་འགྱུར་བཅས་ལྡན་པར་བྱེད་དགོས། རང་བྱུང་གི་མཛེས་པ་དང་། ཁོར་ཡུག་གི་མཛེས་པ། ཐོན་ལས་ཀྱི་མཛེས་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་པ། འཚོ་བའི་མཛེས་པ་བཅས་མཛེས་བ་མ་ལུས་གཅིག་འདུས་ཡོང་བ་བྱེད་དགོས། མཁར་གྲོང་དེ་གྲོང་ཁྱེར་ལ་ཞབས་འདེགས་ཞུ་བ་དང་། ཞིང་སྡེར་སྣེ་ཁྲིད་བྱེད་པའི་ལས་ཞུགས་དང་སྡོད་གནས། སྡོད་ས་བཅས་ལ་འཚམ་པར་བྱས་ཏེ། ཧུར་ཐག་སྒོས་དུས་རབས་ཀྱི་ཁྱད་ཆོས་དང་མཐོ་སྒང་གི་ཁྱད་ཆོས། མཚོ་སྔོན་གྱི་ཁྱད་ཆོས་བཅས་ལྡན་པའི་མཁར་གྲོང་འཕེལ་རྒྱས་ཀྱི་ལམ་བུ་ཅིག་བཏོད་པར་ང་ཚོར་འགན་འཁྲི་ཡོད།

མཚོ་སྔོན་གྱིས་མཐོ་སྒང་གི་མཛེས་སྡུག་མཁར་གྲོང་འཛུགས་སྐྲུན་གྱི་དཔེ་རིས་ཆེན་པོ་རིས་སུ་བཀོད་དེ།  ཡངས་ཤིང་རྒྱ་ཆེ་བའི་ནུབ་རྒྱུད་ས་ཁུལ་ལ་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱས་ནས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། ང་ཚོས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་འབད་བརྩོན་ལྷོད་མེད་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་མཁར་གྲོང་འཛུགས་སྐྲུན་མཐུན་སྦྱོར་འཕེལ་རྒྱས་དང་།  མཁར་གྲོང་གི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱད་ཆོས་འཕེལ་རྒྱས།  མཁར་གྲོང་གི་གཅིག་གྱུར་འཕེལ་རྒྱས།  མཁར་གྲོང་གི་དེང་རབས་ཅན་བཅོས་སྐྱོང་།  མཁར་གྲོང་གི་བློ་གྲོས་བདེ་འཇགས་འཛུགས་སྐྲུན་སོགས་ཀྱི་ཐད་མཐོ་སྒང་གི་མཁར་གྲོང་འཛུགས་སྐྲུན་ལ་འདྲ་བཟོ་དང་ཁྱབ་སྤེལ་བྱེད་ཆོག་པའི་དཔེ་སྟོན་ཉམས་མྱོང་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཐེངས་བཞི་བའི་དགོངས་དོན་ལག་བསྟར་ནན་མོ་བྱས་ལ། ཀྲུང་དབྱང་གི་གྲོང་ཁྱེར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་མ་ཟད། མཐོ་སྒང་གི་མཛེས་སྡུག་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དང་། ཧུར་ཐག་གིས་དུས་རབས་ཀྱི་ཁྱད་ཆོས་དང་མཐོ་སྒང་གི་ཁྱད་ཆོས། མཚོ་སྔོན་གྱི་ཁྱད་ཆོས་བཅས་ལྡན་པའི་ མཁར་གྲོང་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་བ་བསྐྲུན་ནས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་སྟེང་། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡི་པུའུ་ཀྲང་ཝང་མིན་ཧོས་ཀྱིས་བསྟན་དོན། ཞིང་ཆེན་དང་པུའུ་ཡིས་མཉམ་འཛུགས་གྲོས་མཐུན་བཀོད་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོན་པོ་གནང་ཏེ། ཕན་འབྲས་ལྡན་པའི་བྱ་བ་མང་པོ་བསྒྲུབས་ལ། ལྷག་པར་དུ་རྒྱལ་ཡོངས་ནས་ཐོག་མར《 མཐོ་སྒང་གི་མཛེས་སྡུག་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་སྐུལ་འདེད་སྲོལ་ཡིག》གཏན་འབེབས་བྱས་ནས། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་བཅའ་ཁྲིམས་གི་འགན་སྲུང་འདོན་སྤྲོད་བྱས།

ཝང་མིན་ཧོས་ཀྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནུབ་རྒྱུད་ས་ཁུལ་དང་མཚོ་སྔོན་ཞིང་ཆེན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཞིང་ཆེན་དང་པུའུ་ཡིས་མཉམ་དུ་མཛེས་སྡུག་གི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་ཕན་འབྲས་དངོས་ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ནུབ་རྒྱུད་མཐོ་སྒང་ས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ནུབ་རྒྱུད་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་གྲུབ་ཚུལ་འཛུགས་པ། ནུབ་རྒྱུད་མཐོ་སྒང་ས་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ལམ་བུ་གསར་བ་ཞིག་བཏོད་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་། སྐྱིད་སྣང་བཅས་ཇེ་མཐོར་གཏོང་དགོས། མཚོ་སྔོན་གྱི་ཁྱད་ཆོས་དང་མཐུན་པའི་མཁར་གྲོང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱེད་པ་དང་། མཁར་གྲོང་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མཚོ་སྔོན་པོ་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། མཚོ་སྔོན་པོ་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་གཏན་འབེབས་བྱེད་པ། བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་མཆན་འགོད་ལམ་ལུགས་བཅོས་སྒྱུར་བྱེད་པ། རིགས་མི་འདྲ་བའི་འཆར་འགོད་དང་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱས་ནས། མཚོ་སྔོན་པོའི་མཐའ་བསྐོར་མཁར་གྲོང་ས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོར་འདེགས་གཏོང་དགོས། རྣམ་པ་གསར་བའི་བཟོ་སྐྲུན་བྱེད་སྟངས་དང་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་དཔེ་དབྱིབས་ཁྱབ་སྤེལ་བྱེད་པ་དང་། ཕན་འབྲས་ལྡན་པའི་ཉམས་མྱོང་དང་བྱེད་ཐབས་སྤྱི་སྡོམ་ནན་མོ་བྱེད་པ། སྡོད་ཁང་དང་ཞིང་ཁང་འཛུགས་སྐྲུན་ཁྲོད་རིགས་གསར་བའི་འཛུགས་སྐྲུན་རྣམ་པ་ཁྱབ་གདལ་དུ་བཏང་སྟེ། ཆུ་འདོན་དང་དྲོད་འདོན། བཙོག་ཆུ་ཐག་གཅོད་སོགས་ཀྱི་ཁྲོད་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་ཕྱོགས་སུ་ཤུགས་ཆེན་པོས་རིགས་ཆུང་ཞིང་ཁ་ཐོར་རང་བཞིན་ གྱི་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་དཔེ་དབྱིབས་ཁྱབ་གདལ་དུ་གཏོང་དགོས།

སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས་སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་གྱིས་བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྤེལ་བར་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ། ཞིང་ཆེན་དང་པུའུ་ཡིས་མཉམ་དུ་མཛེས་སྡུག་གི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་ཐད་ཕན་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་པ་དང་། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་དང་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་བསྟན་དོན། མཐོ་སྒང་གི་མཛེས་སྡུག་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ། འཁོར་རྒྱུག་ཆེན་པོར་རྐང་བཙུགས་ནས་འཁོར་རྒྱུག་ཟུང་ལ་སྐུལ་འདེད་གཏོང་བ། “ གསར་བ་གཉིས་དང་གལ་ཆེན་གཅིག”འཛུགས་སྐྲུན་ལག་བསྟར་བྱེད་པའི་བྱེད་ཐབས་ལེགས་པོ་ཞིག་ཡིན།    གཞི་རྩའི་སྤྱི་པའི་ཞབས་ཞུ་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དམ་འཛིན་བྱས་ནས། གཞི་རིམ་སྤྱི་པའི་ཞབས་ཞུ་ཐད་ནས་གཏན་འཇགས་ཀྱི་འགན་སྲུང་ཡོད་པར་བྱེད་པ་དང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ། མིའི་མཁར་གྲོང་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དུ་འགྲོ་བར་བྱེད་དགོས། མཐོ་སྒང་གིས་མཚོ་སྔོན་ལ་རིན་ཐང་ལྡན་པའི་དངོས་པོའི་རྒྱུ་ནོར་ཁྱེར་ཡོང་བ་མ་ཟད། མཚོ་སྔོན་ལ་རིན་ཐང་ལྡན་པའི་བསམ་པའི་རྒྱུ་ནོར་ཡང་བསྩལ་བས། སའི་གོ་ལའི་སྣེ་གསུམ་པའི་དཀྱིལ་སྙིང་ས་ཁུལ་ལ་སྲུང་སྐྱོབ་བྱེད་པ་ནི་མཚོ་སྔོན་གྱི་ལྡོག་ཐབས་མེད་པའི་འགན་འཁྲི་གལ་ཆེན་ཡིན། མཛེས་སྡུག་གི་མཁར་གྲོང་ནི་འཆར་འགོད་ལས་བྱུང་བ་ཡིན་ལ། འཛུགས་སྐྲུན་ལས་བྱུང་བ་ཡང་ཡིན་པ་མ་ཟད། དོ་དམ་ལས་བྱུང་བ་ཡང་ཡིན། མཁར་གྲོང་ཞིག་ལ་འཆར་འགོད་དང་འཛུགས་སྐྲུན། དོ་དམ་བྱེད་པ་ནི། འཚོ་བ་ཞིག་གསར་གཏོད་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ཡིན་པས། མཁར་གྲོང་ཀྱི་འཆར་འགོད་འཛུགས་སྐྲུན་དོ་དམ་ཚང་མ་མཛེས་སྡུག་ལ་དམིགས་ནས་སྤེལ་བ་དང་། མཛེས་སྡུག་མཐོང་བའི་མིག་རྒྱ་དང་མཛེས་སྡུག་བསྐྲུན་པའི་འདུ་ཤེས་ལ་བརྟེན་ནས་མཛེས་སྡུག་གི་ལེའུ་བཟང་བོ་འབྲི་དགོས་ལ། རང་བྱུང་མཛེས་པ་དང་ཁོར་ཡུག་མཛེས་པ། ཐོན་ལས་མཛེས་པ། མི་གཤིས་མཛེས་པ། འཚོ་བ་མཛེས་པར་བྱེད་དགོས། མཁར་གྲོང་ཀྱི་ཕྱོགས་བསྡུས་འདེགས་སྐྱོར་ནུས་ཤུགས་དང་སྣེ་ཁྲིད་ནུས་པ་ཇེ་དྲག་ཏུ་བཏང་སྟེ། མཁར་གྲོང་ཅན་དང་མཁར་གྲོང་ཅན་ལྡོག་པའི་བརྗེ་རེས་ཁྲོད་ལམ་བུ་འཚོལ་བ་དང་། མཁར་གྲོང་དང་ཞིང་སྡེ་སྔར་ལས་འཛུགས་སྐྲུན་བཟང་བོ་བྱེད་དགོས། ཞིང་ཆེན་དང་པུའུ་ཡིས་མཐོ་སྒང་གི་མཛེས་སྡུག་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་ནི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གོ་སྐབས་བཟང་བོ་ཡིན། མཁར་གྲོང་དང་གྲོང་ཁྱེར། ཞིང་སྡེ། ཚོད་ལྟ་དང་སྤྱི་ཁོག ཕྱི་ཤུགས་དང་ནང་ཤུགས། འབད་འཐབ་བྱེད་པ་དང་རིམ་པ་བཞིན་སྤེལ་བའི་འབྲེལ་བ་རྒྱུས་ལོན་གསལ་བོ་བྱེད་པ་དང་། ས་གནས་མཁར་གྲོང་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་གཏིང་ཟབ་ཏུ་བྱས་ནས། མཐོ་སྒང་གི་མཛེས་སྡུག་མཁར་གྲོང་འཛུགས་སྐྲུན་གྱི་དམིགས་ཚད་མ་ལག་དང་བྱ་བའི་མ་ལག སྲིད་ཇུས་མ་ལག་བཅས་འཚོལ་ཞིབ་དང་འཛུགས་སྐྲུན་བྱེད་དགོས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིན་གྱིས་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས་ཞིང་ཆེན་དང་པུའུ་ཡིས་མཉམ་དུ་མཐོ་སྒང་གི་མཛེས་སྡུག་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་འགོ་བརྩམས་པའི་ཚུན་དུ། རྩ་འཛུགས་འགོ་ཁྲིད་དང་སྲིད་ཇུས་ཀྱི་འདེགས་སྐྱོར། ལག་རྩལ་འཇོན་མི། ལས་གཞིའི་མ་དངུལ་སོགས་ཀྱི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་དང་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། ཞིང་ཆེན་དང་པུའུ་ཡིས་མཉམ་དུ་མཛེས་སྡུག་གི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དེ་འཛུགས་སྐྲུན་གྱི་གནད་འགག་དུས་རིམ་དུ་སླེབས་ཡོད་པས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁར་གྲོང་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཕྱོགས་སྟོན་དུ་བྱེད་པ་དང་། མཛེས་སྡུག་གི་ཀྲུང་གོའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་ནན་མོ་བྱེད་པ། མཐོ་སྒང་གི་མཛེས་སྡུག་མཁར་གྲོང་འཛུགས་སྐྲུན་གྱི་དོན་སྙིང་གཙོ་བོ་དང་ལག་ལེན་ཐབས་ལམ་རྒྱུས་ལོན་གསལ་བོ་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། དམིགས་འབེན་ལས་འགན་ལ་དམ་དུ་དམིགས་པ་དང་གནད་འགག་གི་གོ་རིམ་ཁོང་དུ་ཆུད་པར་བྱེད་པ། བྱ་བའི་བྱེད་ཐབས་ཞིབ་རྒྱས་སུ་གཏོང་བ། འཆར་འགོད་ཀྱི་སྣེ་ཁྲིད་དང་ཐོན་ལས་ཀྱི་འདེགས་སྐྱོར། བྱེད་ནུས་མཐོར་འདེགས་གཏོང་བ། འཛུགས་སྐྲུན་དང་དོ་དམ་གཉིས་ལ་དོ་སྣང་བྱེད་པ། སྒྲིག་གཞི་གསར་གཏོད་བྱེད་པ། དཔེ་སྟོན་གྱི་སྣེ་ཁྲིད་འབུར་དུ་ཐོན་པར་བྱེད་པ། ཆེད་དོན་འགུལ་སྐྱོད་དང་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱེད་པ། རིམ་པ་བགར་བ་དང་རིགས་བགར་ནས་ཚོད་ལྟའི་བྱ་བ་སྤེལ་བ། ཚད་གཞི་མཐོན་པོ་དང་ཆུ་ཚད་མཐོན་པོ། སྤུས་ཚད་མཐོན་པོས་མཐོ་སྒང་གི་མཛེས་སྡུག་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་ཏེ། རྒྱལ་ཡོངས་ཀྱི་མཐོ་སྒང་གི་མཛེས་སྡུག་མཁར་གྲོང་འཛུགས་སྐྲུན་ཐད་མཚོ་སྔོན་གྱི་དཔེ་དབྱིབས་འདོན་སྤྲོད་བྱེད་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཁྲོད་མཚོ་སྔོན་གྱི་གྲུབ་འབྲས་མངོན་པར་བྱེད་དགོས།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་བསྟན་དོན། 《མཐོ་སྒང་གི་མཛེས་སྡུག་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》ཁྲོད་ཀྱི་བྱ་བའི་བླང་བྱ་ཡང་དག་པས་ཁོང་དུ་ཆུད་པར་བྱས་ཏེ། མཁར་གྲོང་འཕེལ་རྒྱས་ཀྱི་བྱེད་སྟངས་མགྱོགས་མྱུར་ངང་ལེགས་བསྒྱུར་བྱེད་པ་དང་། མཁར་གྲོང་གི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བ། མཁར་གྲོང་གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་བཏང་ཏེ། རྒྱལ་ཡོངས་ནས་ཐོག་མར་མཐོ་སྒང་གི་མཛེས་སྡུག་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཁྱོན་ཡོངས་ནས་སྐྱེ་ཁམས་མི་ཆོས་དང་། བདེ་སྡོད་ལ་འཚམ་པ། བཅོས་སྐྱོང་ལ་གོ་རིམ་ལྡན་པ། གསོན་ཤུགས་ཀྱིས་ཁེངས་བའི་མཁར་གྲོང་འཛུགས་སྐྲུན་བྱས་ཏེ། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་མགོ་ལེགས་པོ་ཞིག་རྩོམ་དགོས། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དེ་ཁྱོན་ཡོངས་ལ་འབྲེལ་བའི་འཐབ་ཇུས་གལ་ཆེན་ཞིག་ཏུ་བརྩི་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་གནད་དུ་བརྩིས་ཏེ། ཞིང་ཆེན་དང་པུའུ་ཡི་མཉམ་ལས་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་འགན་སྲུང་རྐྱེན་སྲོལ་འཛུགས་པ། སྣ་མང་མ་དངུལ་གྱི་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཏེ། བྱེད་ཐབས་སྣ་མང་གིས་མཐོ་སྒང་གི་མཛེས་སྡུག་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

ལོ་ཙཱ། སྒྲོལ་མ་སྐྱིད།