མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་སྟེང་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྟོབས་ཤུགས་འབུལ་དགོས།
2020.11.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

 —ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་ནན་ཏན་སྒོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱས།

བསྟུད་མར་ཉིན་འགའི་རིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་སམ་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་བྱས་ཤིང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས་”སྒྲུབ་ཐུབ་པ་བཅས་ཀྱི་མཐོ་ཚད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་ཤུགས་ཇེ་དྲག་ཏུ་བཏང་ཏེ། བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བ་དང་། སྟོབས་ཤུགས་མཐའ་དག་ཚང་འཛོམས་གྲོས་ཚོགས་ནས་གཏན་ལ་ཕབ་པའི་ལས་འགན་སྣ་ཚོགས་ཁྲོད་གཅིག་བསྡུས་བྱས་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་སྟེང་གྲུབ་འབྲས་གསར་བ་སྔར་ལས་ཆེན་པོ་ལེན་པར་སྟོབས་ཤུགས་འབུལ་དགོས་པ་ནན་གྱིས་བསྟན།

ཟི་ལིང་གྲོང་ཁྱེར་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་དང་གྲོང་ཁྱེར་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་བསྡུས། གྲོས་ཚོགས་ནས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པ་དང་།  བསམ་བློ་དང་བྱ་སྤྱོད་མཐའ་གཅིག་ཏུ་གཅིག་གྱུར་བྱེད་པ།  དྲིལ་བསྒྲགས་དང་སྒྲོག་འགྲེལ་རྒྱ་ཆེར་སྤེལ་བ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མིའི་སེམས་སུ་ཟུག་པར་སྐུལ་འདེད་བཏང་ཏེ།  མཇུག་བསྡུའི་དམག་འཐབ་ཡག་པོ་རྒྱག་དགོས།  གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། ཏན་ཏན་ཏིག་ཏིག་གིས“བརྟན་བརླིང་དྲུག་”དང་“འགན་སྲུང་དྲུག་”གི་ལས་འགན་ལེགས་སྒྲུབ་བྱས་ནས་དུས་ཚིགས་བཞི་པའི་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་དགོས། གྲོང་ཁྱེར་གྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་དམིགས་ཚད་མངོན་འགྱུར་བྱེད་པ་དང་། གྲོང་ཁྱེར་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ བཟོ་སྒྲིག་ཡག་པོ་བྱས་ཏེ། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་མཚོན་གྲོང་ཁྱེར་དང་དུས་རབས་གསར་པའི་བདེ་སྐྱིད་ཀྱི་ཟི་ལིང་འཛུགས་སྐྲུན་བྱེད་པ་བཅས་ཀྱི་གཡུར་ཟའི་གྲུབ་འབྲས་ལེན་དགོས།  

མཚོ་ཤར་གྲོང་ཁྱེར་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཏན་ཏན་ཏིག་ཏིག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་གསོ་སྦྱོང་བྱེད་པ་དམ་འཛིན་བྱས་ཏེ། སློབ་སྦྱོང་དང་དྲིལ་བསྒྲགས། ལག་ལེན་མཐར་ཕྱིན་བཅས་ཀྱི་བྱ་བ་མིའི་སེམས་ལ་ཟུག་པ་དང་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་དགོས།   དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱ་འགུལ་སྣ་ཚོགས་ལ་སེམས་ཞིབ་མོས་རྩ་འཛུགས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གོ་བདེ་ཅན་དང་མང་ཚོགས་ཅན་དུ་འགྱུར་བ་བྱེད་དགོས། འཆར་འགོད་བཟོ་སྒྲིག་དམ་འཛིན་བྱས་ཏེ་སྤུས་ཚད་མཐོ་བའི་འཆར་འགོད་ཀྱིས “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་ལ་བཀོད་སྒྲིག་ལེགས་པོ་བྱེད་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དངོས་འབེབས་ནན་མོ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱེད་པ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ཐག་གཅོད་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བདེ་འཇགས་བརྟན་བརླིང་གི་མཐའ་ཚད་བརྟན་སྲུང་བྱེད་དགོས། “བརྟན་བརླིང་དྲུག”གི་ལས་དོན་ཏན་ཏིག་སྒོས་ལེགས་པོར་སྒྲུབ་པ་དང་།  “འགན་སྲུང་དྲུག”གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། དབུལ་ཐར་མཁྲེགས་གཏོར་དམག་འཐབ་ཀྱི་མཇུག་བསྡུ་བ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་གནད་དོན་དག་ཐེར་ཡོ་བསྲང་བྱེད་པ་སོགས་ཀྱི་གཙོ་གནད་ལས་དོན་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་དགོས། ནུས་ཤུགས་ཡོད་རྒུས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཡོངས་འགྲུབ་བྱས་ནས་སང་ལོའི་གཙོ་གནད་ལས་དོན་སྔ་སྣུར་སྒོས་འཆར་འགོད་བྱེད་པ་དང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ལས་དོན་ཕུན་སུམ་ཚོགས་པའི་ངང་མཇུག་བསྡུ་བ་དང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ལས་དོན་བདེ་བླག་ངང་འགོ་རྩོམ་པར་ཁག་ཐེག་བྱ་དགོས།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་མཐོ་སར་ལངས་དགོས་པ་དང་དོན་ཐོག་ཏུ་འཁྱོལ་དགོས།  ཐབས་བརྒྱ་ཇུས་སྟོང་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་མཉམ་འདྲེས་ཡོང་བ་བྱས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁོང་དུ་ ཆུད་པར་བྱེད་པ་དང་། དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་གཏོང་བ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདུས་པའི་སྲིད་ཇུས་ཀྱི་གོ་སྐབས་ལ་ཞིབ་འཇུག་བྱས་ཏེ། མཚོ་ནུབ་ཀྱིས་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཀྱི་འཕེལ་རྒྱས་གསར་པའི་གནས་བབ་ཁྲོད་ཀྱི་གནད་ཁེལ་དང་ཅུང་ལེགས་པའི་ཁྱད་སྟོབས་འཚོལ་ཞིབ་བྱེད་དགོས། དམིགས་གཏད་ཡོད་པའི་སྒོ་ནས་རྨང་གཞི་བརྟན་པོ་ལྡན་པ་དང་། གཏིང་ཤུགས་ཆེ་བ། ཡུན་རིང་ལ་ཕན་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་དང་ལས་གཞི་གལ་ཆེན་ཁག་ཅིག་ཇུས་འགོད་བྱ་དགོས། མིག་སྔའི་ལས་དོན་སྣ་ཚོགས་ནུས་ཤུགས་ཡོད་རྒུས་ལེགས་པོར་སྒྲུབ་དགོས་པ་དང་། ཁུལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། མཚོ་ནུབ་ཀྱི་ཆབ་སྲིད་སྐྱེ་ཁམས་ཁྱོན་ཡོངས་ནས་དྭངས་གཙང་ཡོང་བར་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སྣ་ཚོགས་དམ་འཛིན་ལྷོད་མེད་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཚོ་ནུབ་ཏུ་དོན་འཁྱོལ་ཐུབ་པར་ཁག་ཐེག་བྱ་དགོས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་བསྟན་དོན། མཚོ་ལྷོ་ཁུལ་གྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་ཡིག་ཆའི་བླང་བྱ་དང་ཞིབ་བསྡུར་ནན་ཏན་བྱས་ཏེ། ཀྲུང་དབྱང་གིས་བཏོན་པའི་བརྡར་ཤ་གསར་པ་དང་། བླང་བྱ་གསར་པ། བཀོད་སྒྲིག་གསར་པ། སྤུས་ཚད་མཐོ་བ་དང་། ཚད་གཞི་མཐོ་བ། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་མཚོ་ལྷོ་ཁུལ་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་བཟོ་སྒྲིག་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། འཆར་འགོད་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་མཚོ་སྔོན་བཅོས་སྐྱོང་དང་སྲིད་དོན་སྐྱོང་བའི་བྱེད་ཕྱོགས་དང་སྲིད་ཇུས་ཀྱི་གཙོ་ཐིག་འདི་འབྲེལ་མཐུད་བྱས་ཏེ། ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་ནས་གོང་འོག་མཉམ་འགུལ་དང་། བློ་བསྡུས་དགེ་འཚོལ། ཇུས་ཤུགས་མཉམ་འདོན་བཅས་བྱེད་དགོས་པ་དང་། བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྲོས་ཚོགས་ཀྱི་གཙོ་ཐིག་འདི་རྒྱུན་འཁྱོངས་བྱས་ཏེ། རང་སྐྱོང་ཁུལ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་ཡོང་བའི་ལས་དོན་སྣ་ཚོགས་ལ་དམིགས་ནས་གནས་བབ་གསར་བ་གསར་སྐྲུན་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་དམིགས་བསལ་གྱིས་སྔོན་ལ་འཇོག་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཚོ་བར་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ཏེ། བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་ཐོན་ལས་ལེགས་བཅོས་རིམ་སྤོར་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས།  ཏན་ཏན་ཏིག་ཏིག་གིས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱ་དགོས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གནས་ཐིག་གཏན་འཁེལ་དང་བསམ་ཕྱོགས་གསར་གཏོད་ཡང་དག་བྱེད་དགོས། མཚོ་བྱང་གིས་མིག་སྔར་སྐུལ་འདེད་གཏོང་བའི་གཙོ་གནད་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དེ་མཚོ་བྱང་གི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་བཅས་ཀྱི་ལག་ལེན་ཁྲོད་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས། “ གསར་པ་དྲུག་གི་འཕེལ་རྒྱས་དམིགས་འབེན་ཁྲིད་ཕྱོགས་སུ་བཟུང་སྟེ། ལས་ཞུགས་དང་། སྡོད་ཁང་། སྤྱི་ཚོགས་འགན་བཅོལ། སློབ་གསོ། སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་གཙོ་གནད་དམངས་ཚིས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མུ་རི་སྤྱང་ཚང་གི་ཁྲོན་པ་དང་པོ་དང་དེ་བཞིན་མདོ་ལ་རི་བོའི་ལྷོ་ངོས་མཚོ་བྱང་ཡུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དེ་ཟླ་གཉིས་ཀྱི་ནང་མཐོང་ཐུབ་པ་དང་རྨང་གཞི་འདིང་ཐུབ་པ། ལོ་དེའི་སྒྲིག་གཞི་བཙུགས་ནས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་བླང་བྱར་དམིགས་ནས་ཕྱོགས་བསྡུས་བཅོས་སྒྲིག་གི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས། དུས་བཅད་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ” ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་གསར་པ་བདེ་བླག་ངང་ཁྱོན་ཡོངས་ནས་ལག་བསྟར་བྱེད་མགོ་རྩོམ་པར་ཁག་ཐེག་བྱ་དགོས།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱས་ཏེ་སློབ་སྦྱོང་དང་བཀོལ་སྤྱོད་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་དགོས། དངོས་སྒྲུབ་ཐད་མུ་མཐུད་དུ་ཤུགས་སྣོན་བྱས་ཏེ། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བཅས་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་། ཞིང་སྡེ་དར་སྤེལ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་པ། སྐྱེ་ཁམས་ཕྱུགས་ལས། རིག་གནས་ཡུལ་སྐོར་དང་ཚོང་དོན་མཉམ་འདྲེས་འཕེལ་རྒྱས། སྤྱི་ཚོགས་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་སོགས་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཆེ་ཕྱོགས་ཁྲོད་ཀྱི་ཡུས་ཧྲུའུ་ཡི་གནས་ཁེལ་འཚོལ་ཞིབ་དང་། རྒྱུན་མཐུད་ངང་འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ་དང་མ་འོངས་པའི་འཆར་འགོད་ཡག་པོ་བྱ་དགོས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ནི་ཁུལ་ཡོངས་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ལེགས་པོར་སྒྲུབ་པར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པས།  འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོ་དང་དོན་གཉེར་གྱི་བྱ་བའི་སྤྱོད་སྟངས་ཀྱིས་ཚང་འཛོམས་གྲོས་ཚོགས་ནས་བཏོན་པའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”འཆར་འགོད་བཟོ་སྒྲིག་བྱེད་སྐབས་དམངས་ཀྱི་བློ་གྲོས་གཅིག་སྡུད་དང་། དམངས་ཀྱི་འདོད་བློ་གཅིག་བསྡུས། དམངས་གཙོས་ཇུས་ཐག་གཅོད་པ་བཅས་བྱེད་ཐུབ་པ་བྱ་དགོས། ཚན་རིག་དང་མཐུན་པར་བཟོ་སྒྲིག་བྱས་ནས་མཛུབ་སྟོན་བསམ་བློ་དང་། འབད་འཐབ་དམིགས་འབེན། ཐབས་ཤེས་ཐབས་ལམ་བཅས་ཁ་གསལ་བཟོས་ཏེ་མགོ་ལོག་གི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ཀྱི་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མགོ་ལོག་གསར་པ་འཛུགས་སྐྲུན་གྱི་དཔེ་རིས་འགོད་དགོས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”རིང་གི་འཕེལ་རྒྱས་དམིགས་འབེན་དང་། བསམ་ཕྱོགས། བྱེད་ཐབས་བཅས་ཚན་རིག་དང་མཐུན་པར་ཇུས་འགོད་བྱས་ཏེ། ཆུ་ཚད་མཐོ་བའི་འཆར་འགོད་ཀྱིས་རྨ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་”ཕན་འབྲས་སྔོན་ཚུད་ནས་ཇུས་འགོད་དང་མ་ལག་ཚང་བའི་སྒོ་ནས་དཔྱད་དཔོག་བྱས་ཏེ། 2021ལོ་དང་“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། དུས་བཅད་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལས་རྣམ་པར་རྒྱལ་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་བདེ་ལེགས་ངང་མཇུག་བསྡུ་བ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས།

ལོ་ཙཱ།སྒྲོལ་མ་སྐྱིད།