བློ་གཅིག་སེམས་གཅིག་གིས་འབྲོག་པ་མང་ཚོགས་ཀྱི་བདེ་ཐང་སྲུང་།
2020.11.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

---མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་བའི་ཐུན་ཏེ་རྫོང་གི་སྨན་བཅོས་རུ་ཁག་གི་གནས་ཚུལ་བཀོད་པ།

ས་སྲོད་ལ། རབ་རིབ་ཀྱི་སྤྲིན་པ་ལེབ་མོ་འགའ་མཁའ་འབྱིངས་སུ་དཔྱངས་འདུག་པ་དང་། གངས་དཀར་གྱི་འདབ་མ་ལྷབ་ལྷུབ་ངང་འཛིན་མའི་ཕང་བར་ལྷུང་བཞིན་འདུག གྲང་རླུང་གི་ཁྲོད་དུ་སྨན་པ་འགས་སྨན་སྒམ་འཁུར་བཞིན་ཁ་བར་མ་འཛེམ་པར་རོང་འབྲོག་པ་མང་ཚོགས་ལ་ནད་བརྟག་བྱེད་པའི་ལམ་དུ་ཆས་བཞིན་ཡོད་ལ། རུས་རྐང་ལ་ཟུག་པའི་གྲང་རླུང་དེ་ཁ་བའི་འདབ་མ་དང་ལྷུན་དུ་ལྭ་བའི་གོང་བའི་ནང་ལྷུང་བཞིན་ཡོད་པས། མི་ལ་གྲང་འདར་ཞིག་དབང་མེད་དུ་རྒྱག་དུ་འཇུག འདི་ནི2012ལོར་ཆེས་ཐོག་མར་མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་བའི་སྨན་བཅོས་རུ་ཁག་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ནས་བྱ་བ་སྤེལ་བའི་རྣམ་པ་རེད། ལོ་ངོ་བཅུའི་རིང་ལ། ཅང་སུའུ་དང་། ལེའོ་ཉིན་ཞིང་ཆེན་གྱི་སྨན་པ་སྐོར་ཐེངས་མང་པོ་ཐུན་ཏེ་རྩྭ་ཐང་དུ་ཡོང་ནས་མང་ཚོགས་ལ་ཞབས་ཞུ་བསྒྲུབས་མྱོང་།

སྟོན་བསྡུ་བའི་སྐབས་སུ། ས་གཞི་ཡོངས་རྫོགས་གསེར་མདོག་གིས་བྱུགས་པ་བཞིན་ལྟ་ན་སྡུག ཐུན་ཏེ་རྫོང་མི་དམངས་སྨན་ཁང་གི་ནང་དུ། རྩྭ་སྨན་གྱི་བྲོ་བ་ཞིག་སྣ་ལམ་དུ་འཐུལ་འོངས། མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་བའི་ཀྲུང་ལུགས་གསོ་རིག་ཚན་ཁག་གི་གཞུང་སྒྲུབ་ཁང་གི་སྨན་པ། ཀྲུང་ལུགས་གསོ་རིག་ཚན་ཁག་གི་ཀྲུའུ་རིན་ལི་ཀྲི་ཝུའུ་ཡིས་ནད་པར་སྨན་སྟེར་བཞིན་འདུག སྐབས་དེར། ལོ་ལྔ་བཅུ་ལྷག་ལ་སླེབས་པའི་འབྲོག་པ་ཞིག་གིས་སྨན་པ་ལི་ཀྲི་ཝུའུ་ཡི་གཞུང་ལས་ཁང་གི་སྒོ་རྡུང་ནས་ནང་དུ་སླེབས་བྱུང་ལ། ལི་སྨན་པ་ལགས། ཁྱོད་ཀྱིས་དེ་སྔོན་བྱིན་པའི་སྨན་དེ་ཤིན་ཏུ་བཟང་། ད་ཐེངས་ངའི་གྲོགས་པོའི་ལུས་ཕུང་ལ་ཡང་བསྐྱར་བརྟག་དཔྱད་ཅིག་བྱེད་དགོས་ཞེས་བཤད།

ལི་ཀྲི་ཝུའུ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྐབས་སུ། ཆེད་དུ་ཁོ་རང་བཙལ་དུ་ཡོང་ནས་ནད་ལ་ལྟ་མཁན་ཤིན་ཏུ་མང་པོ་ཡོད། འདི་ཡང་ཐུན་ཏེ་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ཆ་རྐྱེན་ཤིན་ཏུ་ཞན་པའི་ཚན་ཁག་ལ་འགྱུར་ལྡོག་བྱུང་བའི་བསྡུས་གཟུགས་ཤིག་ཡིན་པ་རེད།

ཉིན་རྒྱུན་ཀྲུང་ལུགས་གསོ་རིག་ཚན་ཁག་ནང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་གྱི་བྱ་བའི་འདྲ་པར་མཐོང་ཐེངས་རེ་རེར། ལི་ཀྲི་ཝུའུ་ཡིས་ཆེས་ཐོག་མར་ཐུན་ཏེ་རྫོང་དུ་ཡོང་བའི་རྣམ་པར་ཕྱིར་དྲན་ཐེངས་ཤིག་བྱས། ད་ལོའི་ཟླ་གསུམ་པར། སྐོར་ཐེངས་བརྒྱད་པར་མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་མཁན་གྱི་སྨན་པ་ཞིག་ཡིན་པའི་ཆ་ནས། ལི་ཀྲི་ཝུའུ་དང་ལས་གྲོགས་གསུམ་མཉམ་གཅིག་ཏུ་ཐུན་ཏེ་རྫོང་མི་དམངས་སྨན་ཁང་དུ་ཡོང་ནས་ས་དེའི་སྨན་བཅོས་འཕྲོད་བསྟེན་རུ་ཁག་ལས་དོན་ལ་མུ་མཐུད་དུ་རོགས་རམ་བྱས།

ལི་ཀྲི་ཝུའུ་ཡིས་བཤད་རྒྱུར། ངས་ཀྲུང་ལུགས་གསོ་རིག་གི་ཆེད་ལས་སྦྱངས་པ་ཡིན། ཐུན་ཏེ་རྫོང་མི་དམངས་སྨན་ཁང་དུ་ཡོང་རྗེས་ཀྲུང་ལུགས་གསོ་རིག་ཚན་ཁག་གི་ཀྲུའུ་རིན་གྱི་འགན་བླངས་པ་ཡིན་ཟེར། ལི་ཀྲི་ཝུའུ་བསམ་ཡུལ་འདས་པ་ཞིག་ལ་སྨན་ཁང་འདི་རུ་ཀྲུང་ལུགས་གསོ་རིག་གི་ཚན་ཁག་ཡོད་ཀྱང་། ཀྲུང་ལུགས་སྨན་རྫས་མི་འདང་བ་དང་། ཀྲུང་ལུགས་སྨན་པའི་རྨང་གཞི་ཧ་ཅང་ཞན་པ་རེད།

བློ་སེམས་རྩེ་གཅིག་གིས་ཐུན་ཏེ་རྫོང་མི་དམངས་སྨན་ཁང་ལ་བྱ་བ་སྒྲུབ་འདོད་པའི་ལི་ཀྲི་ཝུའུ་ཡིས་ཆེས་ཐོག་མར་ཚན་ཁག་ནང་དུ་ཀྲུང་ལུགས་སྨན་རྫས་ཉུང་བའི་ཞན་ཆ་ཁ་གསབ་བྱས་པ་དང་། དེའི་འཕྲོ་ནས་སྨན་སྦྱོར་བ་བཅུ་ལྷག་གདན་ཞུ་བྱས་ཏེ། ཀྲུང་ལུགས་གསོ་རིག་ཚན་ཁག་གི་མ་ལག་ཆ་ཚང་ཞིག་གྲུབ་པར་བྱས། དེ་ལས་གཞན། ལི་ཀྲི་ཝུའུ་ས་དེར་མ་ལོབས་སྔོན་ལ་ད་དུང་ཉིན་མ་རེ་རེ་བཞིན་དུ་ནད་པའི་ནད་ལ་ལྟོས། ནད་ལ་ལྟ་བའི་སྐབས་སུ། ལི་ཀྲི་ཝུའུ་ཡིས་ད་དུང་ལྟ་རེག་དྲི་གསུམ་གྱི་རྣམ་པར་བརྟེན་ནས་ན་གཞོན་སྨན་བཅོས་མི་སྣར་ནད་བརྟག་སྨན་བཅོས་ཀྱི་ལག་རྩལ་ཁྲིད།

ཐུན་ཏེ་རྫོང་མི་དམངས་སྨན་ཁང་གི་མགོ་གཙོ་མཱ་ཁྲིན་ཡུས་ཀྱིས་བཤད་རྒྱུར། སྨན་ཁང་ནང་གི་ཀྲུང་ལུགས་གསོ་རིག་ཚན་ཁག་ལོ་ངོ་ཉི་ཤུ་ཙམ་ལ་མཚམས་ཆད་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་བའི་སྨན་པའི་རོགས་སྐྱོར་གྱི་འོག་ནས་ཡང་བསྐྱར་ཀྲུང་ལུགས་གསོ་རིག་གི་ཚན་ཁག་བཙུགས་པ་དང་། ཀྲུང་ལུགས་གསོ་རིག་གི་ཚན་ཁག་ལ་རོང་འབྲོག་མང་ཚོགས་ཀྱིས་ཡིད་ཆེས་ཐོབ་པས། སྨན་ཁང་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་ཟེར།

མོ་ནད་བུ་བཙའ་ཚན་ཁག་ནི་ཐུན་ཏེ་རྫོང་མི་དམངས་སྨན་ཁང་གི་ཚན་ཁག་ཞན་ཤས་ཤིག་ཡིན་པ་དང་། རོགས་སྐྲུན་སྨན་པའི་འབད་བརྩོན་གྱིས་རོགས་རམ་བྱས་འོག ཐུན་ཏེ་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ལག་རྩལ་ཆུ་ཚད་ཕྱོགས་ཡོངས་ནས་སྐས་རིམ་གསར་བ་ཞིག་ཏུ་མཐོར་འདེགས་བཏང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་པས་མོ་ནད་བུ་བཙའ་ཚན་ཁག་གི་ཀྲུའུ་རིན་ལིག་ཧོང་ཅིན་གྱི་གཞུང་སྒྲུབ་སྒྲོག་ཙེའི་སྟེང་དུ་ནམ་རྒྱུན་ཟིན་བྲིས་ཤིག་བཞག་ཡོད་པ་དང་། དེའི་སྟེང་དུ་ཁོའི་ཉིན་མ་རེ་རེའི་བྱ་བའི་མྱོང་ཚོར་ཟིན་ཐོར་བཀོད་ཡོད་པ་རེད། རོགས་སྔོན་ལ་རོགས་སྐྱོར་བྱེད་པའི་ལོ་གཅིག་གི་རིང་ལ། ལིག་ཧོང་ཅིན་གྱིས་ཅང་སུའུ་ཚྭ་གྲོང་སྔོན་ཐོན་སྨན་བཅོས་ལག་རྩལ་ཐུན་ཏེ་རྫོང་མི་དམངས་སྨན་ཁང་དུ་ཁྱེར་ཡོང་བ་དང་། ས་དེ་ན་ཁྲག་འདོན་སྤྲོད་ས་ཚིགས་མེད་པའི་གནས་ཚུལ་འོག ཆེས་ཐོག་མར་གྲོག་ཁོག་གཤག་བཅོས་བྱས་ནས་བྱིས་པ་བཙའ་བ་ལེགས་འགྲུབ་བྱུང་།

མཚོ་སྔོན་ལ་གནད་འཁེལ་དབུལ་སྐྱོར་བྱེད་པའི་འོག མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་པས་ཐུན་ཏེ་རྩྭ་ཐང་སྟེང་དུ་རང་གི་ལག་རྩལ་ངོམ་པ་དང་། ཁོ་ཚོ་རོང་འབྲོག་ཁུལ་དུ་སོང་ནས་ས་དེའི་རོང་འབྲོག་མང་ཚོགས་ཀྱི་ནད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། འདུ་ཤེས་གསར་བ་དང་ཟུང་འབྲེལ་བྱས་ནས་སྔོན་ཆད་གཤགས་བཅོས་བྱས་མ་མྱོང་བྱ་བ་མང་པོ་ཞིག་སྤེལ། མཱ་ཁྲིན་ཡུས་ཀྱིས་བཤད་རྒྱུར། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་སྤེལ་བ་ནས་བཟུང་། སྨན་ཁང་གི་རྨང་གཞི་ཞན་པ་དེ་ལ་ལེགས་བཅོས་བྱེད་ཐུབ་པ་བྱུང་བ་དང་། ས་དེའི་ནད་པར་ཞབས་འདེགས་ཞུ་བའི་ནུས་པ་སྔར་ལས་ཇེ་མཐོར་བཏང་ཟེར།

མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལོ་ངོ་བཅུའི་རིང་ལ། བརྗེད་དཀའ་བའི་གཏམ་རྒྱུད་མང་པོ་བསྐྱུར་ཡོད་པ་དང་། ལེའོ་ཉིན་ཞིང་ཆེན་གྱི་སྐོར་ཁག་གཉིས་པར་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་པ་ཀྲང་ལིན་དང་རུ་ཁག་གཅིག་པའི་མི་རྣམས་ཐུན་ཏེ་རྫོང་མི་དམངས་སྨན་ཁང་དུ་ཐོན་སྐབས། ཏག་ཏག་བྱིས་པ་བཙའ་རན་པའི་བུད་མེད་ཞིག་དང་འཕྲད། ས་དེའི་སྨན་བཅོས་གནས་ཚུལ་ལ་ཆ་རྒྱུས་ཡོད་པར་བྱེད་ཆེད། ཀྲང་ལིན་དང་རུ་མི་ཚོས་གཤགས་བཅོས་སྟེགས་བུའི་འགྲམ་དུ་བྱིས་པ་བཙའ་བའི་གོ་རིམ་ཧྲིལ་བོར་ལྟ་རྟོག་བྱས། མཇུག་མཐར་བྱིས་པ་བཙས་རྗེས་དབུགས་ལེན་ཀྱིན་མེད་པ་དང་། ཛ་དྲག་གི་གནས་ཚུལ་འོག་ཏུ། འགོག་སྲུང་བྱེད་ཐབས་མེད་པའི་གནས་ཚུལ་འོག་ཏུ་ཀྲང་ལིན་གྱིས་གཉན་ཚད་འབྱུང་བའི་ཉེན་ཁར་མ་འཛེམ་པར་བྱིས་པར་མིས་ཐབས་ཀྱིས་དབུགས་འབྱིན་རྔུབ་བྱས་པས། བྱིས་པ་མྱུར་སྐྱོབ་བྱེད་ཐུབ་པ་བྱུང་།

མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་པ་ཐུན་ཏེ་རྫོང་ལ་ཞབས་ཞུ་སྒྲུབ་ཏུ་སླེབས་བྱུང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་པ་གླེང་སྐབས། ནད་པས་བསྟོད་བསྔགས་ཆེན་པོ་བྱེད་བཞིན་འདུག སྨན་ཁང་ནང་དུ་ནད་པ་ཆུང་ཆུང་ཞིག་ཡོད་པ་དང་། ནམ་རྒྱུན་གོན་པ་རྙིང་ཧྲུལ་ཅན་ཞིག་གྱོན་པ་དང་གཙང་སྦྲ་ཡང་མི་བཟང་། ཀྲང་ལིན་གྱིས་བྱིས་པ་དེ་མཐོང་རྗེས་བཤད་རྒྱུར། རང་ཉིད་ལ་གཙང་སྦྲ་ལེགས་པོ་བྱེད་དགོས་པ་དང་། དེ་ལྟར་བྱས་ན་ནད་ཇེ་དགར་འགྲོ་བར་ཕན་ཐོགས་ཡོད་ཞེས་བཤད། དེའི་འཕྲོར། ཀྲང་ལིན་སྨན་ཁང་ཉེ་འགྲམ་གྱི་གྱོན་ཆས་ཉོ་ས་ཞིག་ཏུ་སོང་ནས་ནད་པ་ཆུང་ཆུང་དེ་ལ་ལྭ་བ་ཉོས་ཡོང་བ་དང་། ལྭ་བ་རྙིང་བ་དག་བརྗེ་ནས་ལྭ་བ་གསར་བར་བརྗེ།

ལོ་ངོ་བཅུའི་རིང་ལ། སྐོར་དང་སྐོར་བྱས་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་བའི་སྨན་པ་རྣམས་ཀྱིས་ཁ་རོག་གེར་རང་གི་ཡོད་ཚད་ཕུལ་བཞིན་ཡོད་པ་དང་། བརྩེ་སེམས་དང་དྲོད་ཁོལ་ཐུན་ཏེ་རྩྭ་ཐང་ལ་བསྐྱལ།

ལོ་ཙཱ། ཚེ་རིང་སྒྲོལ་མ།