རྐང་ཚའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་བློ་མཐུན་ཚེ་བྷོ།
2020.12.02 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 19

ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཏང་ཨུའི་རྒྱུན་ཨུའམ་རྫོང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་འཆི་མེད་ཀྱིས་རྐང་ཚ་རྫོང་སྤྱིའི་བཟོ་ཚོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་། མཚོ་འཁྱིལ་ཡུལ་ཚོའི་ཏང་གི་མགོ་ཁྲིད་མི་སྣ། གཞན་ཉིན་ཞྭ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣ་བཅས་ཁྲིད་ནས། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་ཏེ་རྐང་ཚ་རྫོང་ཉིན་ཞྭ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཐོན་སྐྱེད་སྤྱི་གཉེར་བའམ། ཉིན་ཞྭ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་བྷོ་ཡིས་གཏམ་བཟང་དང་རྒྱལ་ཁ་མཉམ་དུ་ཁྱེར་ཡོང་བར་འཚམས་འདྲི་དང་བཀྲ་ཤིས་པའི་ཁ་བཏགས་ཕུལ།

ཉེ་ལམ།   རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་དང་མི་སྒེར་སྔོན་ཐོན་གྱི་བྱ་དགའི་ཚོགས་འདུ་རྒྱལ་ས་པེ་ཅིང་དུ་གཟབ་རྒྱས་ངང་ཚོགས་ཤིང་།  རྐང་ཚ་རྫོང་ཉིན་ཞྭ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཐོན་སྐྱེད་སྤྱི་གཉེར་བའམ། ཉིན་ཞྭ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་བྷོ་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་གྱི་གཟི་བརྗིད་དཔང་ཡིག་གནངས། ཁོ་རང་རྒྱལ་ཁའི་ངང་ཕྱིར་ཕ་ཡུལ་དུ་ལོག་པར་རྐང་ཚ་རྫོང་ཏང་ཨུའི་རྒྱུན་ཨུའམ་རྫོང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་འཆི་མེད་ཀྱིས་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་ཚབ་བྱས་ནས་ཁོ་ལ་འཚམས་འདྲི་དང་རྟེན་འབྲེལ་ཞུས་པ་མ་ཟད། གཞན་ས་གནས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བཏང་སྟེ།  ཚེ་བྷོ་ཡི་མི་སྒེར་བྱས་རྗེས་ཁྱབ་བསྒྲགས་དང་སློབ་སྦྱོང་བྱེད་པར་སྐུལ་འདེད་བྱས་ནས། ཁོའི་ངལ་རྩོལ་དཔེ་ལེགས་ཀྱི་གཏམ་རྒྱུད་དང་ཕུལ་བྱུང་གི་འཇོན་ཐང་། ཆེས་མཐོའི་བསམ་བློའི་འདུ་ཤེས་དང་སྤྱི་ཚོགས་ཡོངས་ལ་སྒུལ་ཤུགས་བསྩལ་བའི་ངལ་རྩོལ་གྱི་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས་བཅས་དོན་གཉེར་བྱས་ཏེ་སློབ་སྦྱོང་གི་ནུས་པ་དང་གསར་གཏོད་ཀྱི་ནུས་པ། འགྲན་རྩོད་ཀྱི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཉེ་འགྲམ་གྱི་མིག་དཔེར་འགྱུར་བར་བྱེད་པར་སྐུལ་སློང་བྱས་པ་དང་། དུས་མཚུངས་སུ། བློ་མཐུན་ཚེ་བྷོ་ཡིས་མུ་མཐུད་དུ་རང་གི་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱེད་པ། ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་ངར་ཤུགས་རྒྱུན་སྐྱོང་བ། སྣེ་ཁྲིད་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། དབུལ་ཐར་སྲ་བརྟན་དང་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ཁྲོད་མུ་མཐུད་དུ་མདུན་དུ་བསྐྱོད་ནས་གྲུབ་འབྲས་སྔར་ལས་ལེགས་པོ་ལེན་པར་སྐུལ་མ་བཏང་།

བློ་མཐུན་ཚེ་བྷོ་ཡིས་ཀྱང་ཡིད་ཆེས་ཆེན་པོས་གྲུབ་འབྲས་མཚན་སྙན་དེ་མགོ་རྩོམ་ས་གསར་བ་ཞིག་ཏུ་བརྩིས་ནས། བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། རང་འཁྲིའི་ལས་ཀ་དང་ཟུང་འབྲེལ་བྱས་ཏེ་དཔེ་ལེགས་མི་སྣའི་སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་དུ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤྱི་ཚོགས་ཡོངས་ལ་ངལ་རྩོལ་གྱི་སྙིང་སྟོབས་དང་ངལ་རྩོལ་གྱི་འདུ་ཤེས་དངོས་སུ་དྲིལ་སྒྲོག་བྱས་ཏེ། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ཀྱིས་ངལ་རྩོལ་ལ་བརྟེན་ནས་ཕ་ཡུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་གཏང་བར་ལེགས་སྐྱེས་འབུལ་བར་འབད་བརྩོན་ཆེན་པོ་བྱེད་རྒྱུ་ཡིན་ཟེར།

རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་གྱི་སྔོན་ཐོན་བྱས་རྗེས་ཤུགས་ཆེན་པོས་དྲིལ་སྒྲོག་བྱ་ཆེད།  མཚོ་འཁྱིལ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས《ཡུལ་ཚོ་ཡོངས་སུ་སྤེལ་བའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་བློ་མཐུན་ཚེ་བྷོ་ཡི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》དུས་ཐོག་ཏུ་འགྲེམས་སྤེལ་བྱས་ཏེ། ཡུལ་ཚོ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་མཐུན་ཚེ་བྷོ་ཡི་སྔོན་ཐོན་བྱས་རྗེས་ལ་ཧུར་ཐག་སྒོས་སློབ་སྦྱོང་བྱ་རྒྱུའི་སྐོར་གྱི་འབོད་སྐུལ་བཏང་ནས། རང་འགུལ་ངང་ངལ་རྩོལ་དཔེ་ལེགས་ཅན་ལ་ཁ་མིག་ཡར་ལྟ་དང་། དཔེ་མཚོན་ལ་མིག་དཔེར་ལྟ་བར་སྐུལ་སློང་བྱས་པར་མ་ཟད། མཚོ་འཁྱིལ་ཡུལ་ཚོའི2020ལོའི་ཏང་ཡོན་གཅིག་སྡུད་རེས་སྐོར་གསོ་སྦྱོང་བྱ་བར་ཇུས་འགོད་ཧུར་ཐག་བྱས་ཏེ། བློ་མཐུན་ཚེ་བྷོ་གདན་དྲངས་ནས་ངལ་རྩོལ་དཔེ་ལེགས་ཅན་གྱི་གཏམ་རྒྱུད་བརྗོད་པ་བརྒྱུད་ནས་ལས་ཀའི་ཉམས་མྱོང་དང་མྱོང་ཚོར་སྐོར་ནས་རྒྱ་ཆེའི་རོང་འབྲོག་པའི་ཏང་ཡོན་ལས་བྱེད་པར་ཁ་བརྡ་བྱེད་དུ་བཅུག་པར་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ།

                                                                                                       རྩོམ་སྒྲིག་པ།  གཡང་འབུམ་རྒྱལ།