རིམས་ནད་འགོག་བཅོས་ཀྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་བྱས་ནས་དཔའ་ངར་ཆེན་པོས་ལམ་བུ་གསར་བ་གསར་གཏོད་བྱེད་དགོས།
2020.12.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

 —མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་འགོག་བཅོས་ཀྱི་གཟེངས་བསྟོད་ཚོགས་ཆེན་ལ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

“གློ་བུར་དུ་བྱུང་བའི་རིམས་ནད་ཚབས་ཆེན་གྱི་མདུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་སྒྲིག་དང་བཀོད་འདོམས་གནང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་གནམ་ས་གཡོ་བ་ལྟ་བུའི་རིམས་ནད་འགོག་པའི་གཡུལ་འགྱེད་ཆེན་པོ་བཤམས་ནས། འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་བླངས་བ་དང་རིམས་ནད་འགོག་བཅོས་ཀྱི་རླབས་ཆེན་སྙིང་སྟོབས་བསྐྲུན།  མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ།  ཟླ་གཅིག་གི་ནང་ངོས་འཛིན་བྱས་པའི་ནད་པ18ཚང་མ་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་ཏེ་ཟླ་གཉིས་ནང་རྒྱུན་རྣམ་ཅན་དུ་འགྱུར་བ་མངོན་འགྱུར་བྱུང་ཞིང་། སྔོན་ལ་རྒྱལ་ཡོངས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་“གཙང་སེལ་ལྔ་”ཡི་དམིགས་འབེན་མངོན་འགྱུར་བྱས་བ་དང་། རྒྱལ་ཡོངས་སུ་སྔོན་ལ་གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་དང་ལེན་བྱེད་པའི་རིམ་པ་དེ་རིམ་པ་གཅིག་ནས་རིམ་པ་བཞི་བར་ལེགས་སྒྲིག་བྱས་པ་དང་། རྒྱལ་ཡོངས་ནས་སྔོན་ལ་ལས་ཀ་སླར་གསོ་དང་། ཐོན་སྐྱེད་སླར་གསོ། ཁྲོམ་ར་སླར་གསོ། ཚོང་ལས་སླར་གསོ། སློབ་གྲྭ་སླར་གསོ་བཅས་བྱས་ཤིང་། རྒྱལ་ཡོངས་ཀྱིས་མི་དམངས་ཀྱི་དམག་འཐབ་དང་སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ཆེན་པོ་ལེན་པར་མཚོ་སྔོན་གྱི་བྱས་རྗེས་བཞག་ཡོད།

མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་གཟེངས་བསྟོད་ཚོགས་ཆེན་ལ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ།  རིམས་ནད་འགོག་བཅོས་ཀྱི་རླབས་ཆེན་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བྱེད་པ་དང་།  རིམས་ནད་འགོག་བཅོས་ཀྱི་རླབས་ཆེན་སྙིང་སྟོབས་དེ་འབད་འཐབ་ཡར་བརྩོན་གྱི་བྱ་སྤྱོད་དངོས་ལ་བསྒྱུར་བ་དང་། སེམས་ཤུགས་གཅིག་སྒྲིལ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། དཀའ་ཁག་དང་ཉེན་ཁར་མི་སྐྲག་པ། འགག་སྒྲོལ་དཀའ་སེལ། དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལམ་བུ་གསར་བ་བཏོད་ནས་དེ་བས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་པར་སྟོབས་ཤུགས་འབུལ་དགོས།

དུས་རབས་གསར་པའི་དཔའ་བོར་བསྟོད་བསྔགས་བྱས་ཏེ་རིམས་ནད་འགོག་བཅོས་ཀྱི་རླབས་ཆེན་སྙིང་སྟོབས་ཁོང་དུ་ཆུད་པར་བྱ་དགོས།

དུས་རབས་ལ་དཔའ་བོ་མཁོ་བ་དང་དུས་རབས་ཀྱིས་དཔའ་བོ་སྐྱེད་སྲིང་བྱེད་ཀྱིན་ཡོད། ང་ཚོས་དུས་རབས་གསར་པའི་དཔའ་བོ་ལ་བསྔགས་བརྗོད་བྱེད་དགོས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གཏམ་བཤད་གནང་སྐབས་གོས་དཀར་གྱོན་པའི་ཆེས་མཛེས་པའི་ཕོ་ཉ་རྣམས་དང་། མདུན་དུ་མཆོང་བའི་ཏང་ཡོན་ལས་བྱེད་པ། ཕན་ཚུན་རོགས་རེས་བྱེད་པའི་སྡེ་བ་དང་སྡོད་ཁུལ་གྱི་བྱ་བ་སྒྲུབ་མཁན། བདེ་འཇགས་སྲུང་སྐྱོབ་བྱེད་མཁན་གྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ།  དབྱངས་རྟ་གཙོ་བོ་གླུ་རུ་ལེན་ཞིང་དྲང་ཕྱོགས་ནུས་ཚད་བརྒྱུད་སྒྲོག་བྱེད་པའི་གསར་འགྱུར་བྱ་བ་སྒྲུབ་མཁན། ལས་གནས་བརྟན་སྲུང་བྱེད་པའི་མི་དམངས་དགེ་རྒན།  བརྩེ་བ་ཟབ་པའི་མི་དམངས་བུ་སྤུན་དམག ནུས་ཤུགས་ཡོད་རྒུས་ལས་ཀ་སླར་གསོ་བྱེད་པའི་ཐོན་སྐྱེད་གཉེར་སྐྱོང་པ། སྐྱིད་སྡུག་མཉམ་མྱོང་གི་ལས་རིགས་ཁག་གི་མི་སྣ།  ཁག་ཁུར་གྱི་འདུ་ཤེས་ཆེ་བའི་མཚོ་སྔོན་རོགས་སྐྱོར་གྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣ། རང་རྟོགས་རང་གཅུན་གྱི་རིགས་སོ་སོའི་མང་ཚོགས་བཅས་ལ་གཟེངས་བསྟོད་བྱས།

མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་པའི་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་ནན་ཐན་མངགས་གཏོང་ཁང་གི་འགོ་གཙོ་ཝང་ཏུང་ལ་མྱོང་ཚོར་ཟབ་མོ་ཞིག་ཡོད་པ་ནི།    རིམས་ནད་ཀྱི་སྐབས་སུ་ཁོ་དང་ལས་གྲོགས་ཚོས་ཉིན་མཚན་དབྱེར་མེད་དུ་ཁྱིམ་ཚང་རེ་རེར་བསྐྱོད་དེ་ཞིབ་བཤེར་བྱས་པ་དང་། རིམས་འགོག་དངོས་རྫས་དངོས་འབེབས་བྱས་ཏེ་སྡོད་ཁུལ་སྡོད་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་སྲུང་སྐྱོབ་བྱས། ཝང་ཏུང་གིས་བཤད་རྒྱུར། གཟི་བརྗིད་འདི་ངའི་ལས་གྲོགས་ཡོངས་ལ་དབང་བ་ཡིན།   ང་ཚོས་རིམས་ནད་འགོག་པའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བྱས་ནས་མུ་མཐུད་དུ་ལས་གནས་བརྟན་སྲུང་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་ཁོངས་གཏོགས་སྡོད་དམངས་ཀྱི་བདེ་ཐང་སྲུང་སྐྱོབ་བྱ་རྒྱུ་ཡིན་ཟེར།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཀ་ཧེ་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་བཅོས་མི་སྣ་ལིས་ཅན་མེན་གྱིས་སྤོབས་པ་ཆེན་པོས་བཤད་རྒྱུར། རིམས་ནད་བྱུང་བ་ནས་བཟུང་། གོས་དཀར་གྱོན་པའི་འཐབ་མོ་པ་ཚོས་ཚེ་སྲོག་ལ་བརྟེན་ནས་ཚེ་སྲོག་སྲུང་བ་དང་དད་སེམས་ལ་བརྟེན་ནས་ཡིད་ཆེས་བརྒྱུད་སྤྲོད་བྱེད་པ། སྨན་པའི་བྱམས་སེམས་ལ་བརྟེན་ནས་རིམས་ནད་འགོག་པའི་འཛིང་རགས་བསྐྲུན།  སྨན་བཅོས་མི་སྣ་ཕལ་བ་ཞིག་ཡིན་པའི་ཆ་ནས། ཐེངས་འདིར་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་དཔེ་མཚོན་མིག་དཔེར་བཟུང་ནས་ལས་གནས་དཀྱུས་མའི་ཐོག་རང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རིན་ཝང་ཙུའོ་ལིན་གྱིས་བཤད་རྒྱུར། རླབས་ཆེན་གྱི་དུས་རབས་ཀྱིས་རླབས་ཆེན་གྱི་སྙིང་སྟོབས་ལ་འབོད་སྐུལ་བྱེད་པ་དང་བླ་ན་མེད་པའི་ལས་དོན་ལ་མིག་དཔེའི་ཁྲིད་སྟོན་བྱ་དགོས། ཐེངས་འདིའི་གཟེངས་བསྟོད་ཚོགས་ཆེན་དེ་འགོ་ཚུགས་ས་གསར་པ་དང་སྒུལ་ཤུགས་གསར་པར་བརྩིས་ཏེ། གནས་བབ་གསར་པའི་འོག་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལེགས་པོར་བསྒྲུབས་ནས།  སེམས་ཤུགས་ཡོད་རྒུས་མང་ཚོགས་ལ་མུ་མཐུད་དུ་ཞབས་འདེགས་ཞུ་བ་དང་། ཐོབ་དཀའ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བར་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་ཟེར།

གང་དུ་རིམས་ནད་ཡོད་ན། དེ་རུ་ཏང་གི་དར་ཆ་དམར་པོ་ཡོད་ཅེས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁྱོན་རྒྱས་ཡུལ་ཚོ་ཉིན་ཞ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་བྷོ་ཡིས་སེམས་འགུལ་ཐེབས་པའི་ངང་དེ་ལྟར་བཤད་ལ། “གཞི་རིམ་གྱི་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས་མང་ཚོགས་དང་དཔུང་པ་མཉམ་གཤིབ་ཀྱིས་རིམས་ནད་ལ་འགོག་རྒོལ་བྱས་པས་རང་ཉིད་ཀྱི་འགན་འཁྲི་དང་ཁག་ཁུར་དེ་དངོས་གནས་ཚོར་བྱུང་། ཕྱིན་ཆད་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཏང་ཡོན་གྱི་དཔེ་མཚོན་མིག་དཔེར་བཟུང་སྟེ་གཞི་རིམ་དུ་རྩ་བ་ཚུགས་པ་དང་། ལས་གནས་ཕལ་བ་བརྟན་སྲུང་བྱས་ཏེ། སེམས་ཤུགས་ཡོད་རྒུས་མང་ཚོགས་ལ་དོན་དངོས་དང་དོན་བཟང་མང་ཙམ་སྒྲུབ་རྒྱུ་ཡིན།

རིམས་ནད་འགོག་པའི་སྙིང་སྟོབས་ཤེས་སུ་བཅུག་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།

རིམས་ནད་འགོག་པའི་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ‘འདུ་ཤེས་བཞི” ཇེ་དྲག་ཏུ་གཏོང་བ་དང་། ‘ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། ‘སྲུང་སྐྱོང་གཉིས” སྒྲུབ་ཐུབ་པ་བཅས་བྱས་ནས།  ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་མཚོ་སྔོན་དུ་རྩ་བ་ཚུགས་པ་དང་གྲུབ་འབྲས་བཟང་པོ་ཐོབ་པར་འགན་ལེན་བྱ་དགོས”

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནད་རིགས་ཚོད་འཛིན་ཅུས་ཀྱི་ལས་བྱེད་མི་སྣ་ཀྲང་ཁྲིན་ལུང་ལ་མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་པས།  ཁོ་ལ་སེམས་འགུལ་ཆེན་པོ་ཐེབས།  ཁོས་བཤད་རྒྱུར། “ཐེངས་དེའི་རིམས་ནད་འགོག་པའི་དམག་འཁྲུག་ཆེན་པོ་ལས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མི་རྩ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ཨང་དང་པོར་འཇོག་པའི་དམངས་ཕན་བརྩེ་སེམས་དེ་དངོས་གནས་ཚོར་བྱུང་། ངས་རང་འཁྲིའི་ལས་དོན་ལ་གཞི་ཚུགས་པ་དང་མུ་མཐུད་དུ་རིམས་ནད་འགོག་པའི་སྙིང་སྟོབས་དར་སྤེལ་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་པ་བྱ་རྒྱུ་ཡིན་ཟེར།

“བརྙན་འཕྲིན་ལས་གཟེངས་བསྟོད་ཚོགས་ཆེན་གྱི་གནས་ཚུལ་སྤེལ་བར་བལྟས་རྗེས་ ངས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ལ་གོ་བ་ཟབ་མོ་ལོན་བྱུང་ཅེས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁང་དབྱང་གྲོང་རྡལ་ཡ་བན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧྲ་ཨར་ཏུང་གིས་དེ་ལྟར་བཤད། རིམས་ནད་འགོག་པའི་དུས་འགོར། རང་སྡེ་བའི་མི་གྲངས་ཕྱེད་ཀ་ཙམ་གྱིས་ས་ཆ་གཞན་དུ་འཐེན་ཐུག་དཔལ་འབྱོར་གྱི་ལས་ཀ་བྱེད་ཀྱི་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་བཅས་ཀྱི་ཡང་དག་པའི་འགོ་ཁྲིད་འོག སྡེ་བ་ཡོངས་ཀྱི་གོང་འོག་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་འགོག་ལས་དོན་ཡག་པོ་བསྒྲུབས་ནས་མཉམ་དུ་བདེ་ཐང་བདེ་འཇགས་སྲུང་སྐྱོབ་བྱས་པ་ཡིན།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཧུའུ་ཡན་ལ་མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་སྔོན་ཐོན་མི་སྒེར་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། ཁོས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། རིམས་ནད་འགོག་པའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པའི་འགག་རྩ་ནི་ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱ་རྒྱུར་ཐུག་ཡོད་ལ་སླད་ཕྱིན་མདུན་སྐྱོད་ཀྱི་ཁ་ཕྱོགས་ཀྱང་གསལ་བོར་བསྟན་ཡོད་པ་དེ་རང་ཉིད་ཀྱིས་དངོས་སུ་ཚོར་བྱུང་།  ངས་མུ་མཐུད་དུ་བསམ་ཕྱོགས་གསར་སྐྲུན་བྱས་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་ཁུ་ནུ་སྲང་ལམ་དོན་གཅོད་ཁྲུའུ་ཡི་ཏང་ཨུའི་ཧྲུའུ་ཅིའམ་ཀྲུའུ་རིན་ཧན་ཡུས་ཀྱིས་བཤད་རྒྱུར། སྤྱིར་བཏང་མིན་པའི་རིམས་ནད་འགོག་པའི་བརྒྱུད་རིམ་ལ་ཕྱིར་མིག་བལྟས་ཚེ།  “ རིམས་ནད་འགོག་པའི་རླབས་ཆེན་འཐབ་རྩོད་ཁྲོད་ནས་ང་ཚོས་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ཁྱད་འཕགས་རང་བཞིན་ཡོངས་སུ་ཚོར་ཐུབ་ལ།  རིམས་ནད་སྔོན་འགོག་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དེ་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་བཏོན་པའི་ནུས་པ་གལ་ཆེན་དང་ཁ་འབྲལ་ཐབས་མེད། སླད་ཕྱིན་མུ་མཐུད་དུ་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་ཐོག་མཐའ་བར་གསུམ་དུ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུ་ཡིན་ཟེར།

སྔོན་ཐོན་དཔེ་མཚོན་མིག་དཔེར་བྱས་ཏེ་དཔའ་ངར་ཆེར་སྐྱེད་ཀྱིས་ལམ་བུ་གསར་བ་བསྐྲུན་དགོས།

ཐོབ་དཀའ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། བརྟན་བརླིང་དྲུག’དངའགན་སྲུང་དྲུགགི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་བྱས་ཏེ། རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ངར་ཤུགས་ལ་བརྟེན་ནས་མཇུག་བསྡུའི་དམག་འཐབ་ཡག་པོ་རྒྱག་པ་དང་། དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཐབས་ལམ་གསར་པ་བསྐྲུན་ཏེ།    སྔར་བས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས།

མཚོ་སྔོན་ཞིང་ཆེན་གཙང་གསུམ་སྡེ་ཚོགས་ཚོང་ཟོག་གྲབས་གསོག་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཨུའི་ཧྲུའུ་ཅིའམ་སྤྱི་གཉེར་བ་ཝང་གོ་ཕེན་གྱིས་བཤད་རྒྱུར། “མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་པ་ནི་གཟི་བརྗིད་ལྡན་པ་ཞིག་རེད། ངས་གཟི་བརྗིད་ལ་ལྡབ་འགྱུར་གྱིས་གཅེས་སྤྲས་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མངག་བཅོལ་ཡིད་ལ་དམ་པོར་བཅངས་ནས་གཟི་བརྗིད་མཚན་སྙན་དེ་མུ་མཐུད་དུ་མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་བསྒྱུར་བ་དང་། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་པར་རོགས་རམ་བྱས་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་སྟོབས་ཤུགས་འབུལ་རྒྱུ་ཡིནཟེར།

“པྲོག་གསར་གློ་ཚད་རིམས་ནད་དེ་གཞི་རིམ་བཅོས་སྐྱོང་ལ་མཚོན་ན་ཉམས་སད་ཆེན་པོ་ཞིག་རེད། རིམས་ནད་འགོག་པའི་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་ཆབས་ཅིག ང་ཚོས་སླད་ཕྱིན་གྱི་ལས་འགན་ལྕི་ལ་རྒྱང་ཐག་རིང་བ་མཐོང་བྱུངཅེས་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་བྱེད་མི་སྣ་ཏའེ་ཕིན་ཧྲིན་གྱིས་དེ་ལྟར་བཤད་ལ།  དགུན་ཁ་ནི་དབུགས་ལམ་གྱི་ནད་རིགས་འབྱུང་ཚད་མཐོ་བའི་དུས་སྐབས་ཤིག་ཡིན་པས། ང་ཚོས་སྔོན་ཐོན་དཔེ་མཚོན་གྱི་འགན་འཁྲི་ཕྲག་ཏུ་ལེན་ཕོད་པའི་སྙིང་སྟོབས་ལ་སློབ་སྦྱོང་དང་དར་སྤེལ་བྱས་ཏེ།  འགན་ནུས་འདོན་སྤེལ་དང་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱས་ཏེ་མི་དམངས་མང་ཚོགས་ཡིད་ཚིམ་པའི་བདེ་ཐང་སྲུང་དམག་བྱ་རྒྱུ་ཡིན་ཟེར།

“ཞང་གྲོང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་སླད་ཕྱིན་གྱི་བྱ་བའི་ཁྲོད་ང་ཚོས་རང་འགུལ་ངང་གནས་བབ་གསར་པ་དང་འཚམ་པ་དང་། ལས་འགན་གསར་པ་ཁ་གསལ་བཟོ་བ། རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་རིམས་ནད་འགོག་པའི་རླབས་ཆེན་གྱི་སྙིང་སྟོབས་དེ་ཐུན་མོང་གིས་འབད་འཐབ་བྱེད་པའི་བསམ་པའི་སྒུལ་ཤུགས་སུ་བསྒྱུར་བ་དང་། ཞན་ཆ་ཁ་གསབ་དང་རྨང་གཞི་ཇེ་བརྟན་དུ་གཏོང་བ། ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་གཞི་རིམ་གྱི་རིམས་འགོག་འཛིང་རགས་སྔར་ལས་སྲ་བརྟན་དུ་གཏོང་རྒྱུ་ཡིནཞེས་མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུས་ཕེན་ཨན་གྲོང་རྡལ་གྱི་འགོ་གཙོ་ཝང་ཀྲི་ཅན་གྱིས་དེ་ལྟར་བཤད་བྱུང་།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆོས་སྐྱོང་ཚེ་རིང་གིས་བཤད་རྒྱུར། ང་ཚོས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། སྟོན་དགུན་དུས་ཚིགས་ཀྱི་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དམ་འཛིན་བྱེད་པ་དང་། ཕྱི་ནས་ནང་དུ་མཆེད་པ་སྔོན་འགོག་དང་ནང་ནས་ཡང་བསྐྱར་འབྱུང་བ་སྔོན་འགོག་བྱེད་པའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས། ས་ཁོངས་གཙོ་བོ་དང་། གནས་ས་གཙོ་བོ། མི་ཚོགས་གཙོ་བོ་བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། དམངས་ཡོངས་ཀྱི་འགོག་ཟོན་ནུས་པ་ཆེ་རུ་བཏང་ནས། ཧུར་ཐག་གིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱལ་ཁ་གཉིས་བརྩོན་ལེན་བྱ་དགོས་ཟེར།

ལོ་ཙཱ།སྒྲོལ་མ་སྐྱིད།