དམིགས་འབེན་གཏན་འཁེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མགོ་ཡག་པོ་རྩོམ་པར་ཁག་ཐེག་བྱེད་དགོས།
2020.12.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

—ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལ་རང་ཞིང་གི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

གྲོལ་མ་ཐག་པའི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་ཚོགས་འདུ་ཐེངས་དགུ་པར་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་འཛོམས་གྲོས་ཚོགས་ནི“བརྒྱ་ལོ་གཉིས”ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་འགྲེང་པ་དང་། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུའི་ལོ་རྒྱུས་ཀྱི་གནད་གལ་ཆེན་ཞིག་ཡིན་ལ། གལ་འགངས་ཤིན་ཏུ་ཆེ་བའི་གྲོས་ཚོགས་ཤིག་ཡིན་པས། བརྗོད་བྱ་གལ་ཆེ་ཞིང་དོན་སྙིང་གཏིང་ཟབ་ལྡན་པ་ཞིག་རེད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ནས། ཡིད་ཆེས་སྔར་བས་བརྟན་པོ་དང་འབད་བརྩོན་སྔར་བས་ཏན་ཏིག་བྱས་ཏེ་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྟེང་དོན་འཁྱོལ་བྱེད་པ་དང་། དམིགས་འབེན་གཏན་འཁེལ་བྱེད་པ་དང་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མགོ་ཡག་པོ་ཞིག་འཛུགས་རྒྱུ་ཁག་ཐེག་བཅས་བྱས་ནས། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ཧུར་ཐག་བསྐྲུན་དགོས་ཞེས་བཏོན་ཡོད།

བརྗིད་ཆེའི་འཆར་གཞི་བཀོད་ནས་མཚོ་སྔོན་གྱི་མི་རིགས་སོ་སོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྒུག་བྱེད།

ཚང་འཛོམས་གྲོས་ཚོགས་ཐོག《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཅན་བཅུ་བཞི་པའི་འཆར་འགོད་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་གི་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་འགོ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། འཆར་འགོད་གཅིག་དུས་ནམ་ཡང་ལག་བསྟར་བྱ་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་བློ་གྲོས་ཉིང་བཅུད་བེད་སྤྱོད་ཡག་པོ་བྱ་དགོས་ཤིང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ལ་བཅོལ་བའི་རེ་བར་ཁ་གཏད་ཡག་པོ་འཇལ་དགོས།

“ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། དམིགས་འབེན་གསལ་བ། བཀོད་སྒྲིག་ཞིབ་ཕྲ་ཡིན་པ། ཡིད་ཆེས་འཕེལ་བ། ཆོད་སེམས་བརྒྱུད་སྤྲོད་བྱེད་པ། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ལོ་རྒྱུས་ཀྱི་དུས་རིམ་གསར་པར་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་རེད”ཅེས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་སྲིད་ཇུས་ཁྲིམས་སྲོལ་ཞིབ་འཇུག་ཁང་གི་ཀྲུའུ་རིན་ལིག་ཧྲིན་ཞན་གྱིས་དེ་ལྟར་བཤད་པ་དང་། བསམ་བློ་རིག་གནས་དྲིལ་བསྒྲགས་ལས་རྐང་གི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་ལག་བསྟར་ཡག་པོ། དྲིལ་བསྒྲགས་ཡག་པོ་བཅས་བྱས་ནས“དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་ཏུ་བསྡུ་བ། མི་སྣ་གསར་པ་སྐྱེད་སྲིང་བྱེད་པ། རིག་གནས་དར་སྤེལ་གཏོང་བ། གཟུགས་བརྙན་ཡག་པོ་གཏོད་པ”བཅས་ཀྱི་ལས་འགན་རང་རྟོགས་ངང་ལག་བསྟར་ཡག་པོ་བྱེད་པ་དང་། དྲང་བདེན་གསར་གཏོད་ལ་བརྟེན་ནས་རིག་གནས་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་གཏོང་བ་དང་། སྤུས་ཚད་མཐོ་བའི་རིག་གནས་ཞབས་ཞུ་ཧུར་ཐག་གིས་བསྒྲུབས་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སེམས་ནུས་གཅིག་སྒྲིལ་དང་ངར་ཤུགས་གཅིག་སྒྲིལ་བྱེད་དགོས་ཟེར།

“ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《གྲོས་གཞི》དེ་ནི་དུས་རབས་གསར་པར་སྔར་ལས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་བསྐྲུན་རྒྱུར་ཁྲིད་སྟོན་བྱེད་པའི་ཕྱོགས་སྟོན་གསར་བ་ཞིག་ཡིན་པ་དང་། མཚོ་སྔོན་གྱི་མི་རིགས་སོ་སོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་གཅིག་ཏུ་བསྒྲིལ་ཡོད”ཅེས་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་ལས་ཁུངས་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཆན་ཡིན་གྱིས་དེ་ལྟར་བཤད་པ་དང་། ཏང་ཡོན་ལས་བྱེད་པས་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་སློབ་སྦྱོང་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། སློབ་སྦྱོང་གཏིང་ཟབ་དང་གོ་དོན་མཐིལ་རྟོགས་བྱེད་པ། སྦྱངས་པ་གོ་ཆོད་བཅས་དངོས་འབྲེལ་ཐུབ་པ་བྱས་ཏེ་ལས་འགན་གསར་པར་དམིགས་པ་དང་བླང་བྱ་གསར་པ་ཁོང་དུ་ཆུད་པ། ལས་འགན་གསར་པ་ཕྲག་ཏུ་འཁུར་བ། ལེགས་སྐྱེས་གསར་པ་འབུལ་བ་བཅས་བྱས་ནས་བྱས་རྗེས་གསར་པ་འཇོག་དགོས་ཞེས་བཤད།

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཧྥིན་གྱིས་བལྟས་ན། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《གྲོས་གཞི》དེས་མིག་སྔར་ལ་རྐང་འཛུགས་པ་དང་རྒྱང་རིང་ལ་དམིགས་ཡོད་པས། ཚན་རིག་དང་མཐུན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས2035ལོའི་མཚོ་སྔོན་འཕེལ་རྒྱས་ཀྱི་རྒྱང་རིང་འཆར་གཞི་བཀོད་ཡོད་པ་མ་ཟད་རང་ཞིང་གི་རྗེས་ཕྱོགས་ཀྱི་ལོ་ལྔའི་བྱ་བར་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཡོད། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། བྱ་བའི་དོན་དངོས་ལ་ཟུང་འབྲེལ་དང་མི་རིགས་སོ་སོས་ཐུན་མོང་གིས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་གིས་དར་རྒྱས་གོང་འཕེལ་གཏོང་བའི་གཏམ་རྒྱུད་ཡག་པོ་བསྐྲུན་ནས། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཆེད་འཐབ་ཕྱོགས་གཅིག་གྱུར་གྱི་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བཤད།

“ད་ལོ་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་ཀྱི་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་པ་དང་། ཚང་འཛོམས་གྲོས་ཚོགས་ཐོག་མཚོ་སྔོན་ཞིང་ཆེན་གྱི་ལོ་གཅིག་རིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པར་ཁས་ལེན་གང་ལེགས་བྱས་པས་གྲུབ་འབྲས་དེ་ཐོབ་སླ་བ་ཞིག་མ་རེད”ཅེས་ཞིང་ཆེན་སྤྱི་པའི་ཡིད་རྟོན་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཝུང་ཝེ་ཡིས་དེ་ལྟར་བཤད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱིས་སང་ལོའི་བྱ་བ་ཡག་པོ་བསྒྲུབ་ཆེད་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ལ། ང་ཚོས་མི་དམངས་ལྟེ་བར་འཛིན་པ་དང་དམངས་ལ་ཞབས་འདེགས་ཞུ་བའི་དཀའ་གནད་ཁྲོད་ཐོག་མའི་བསམ་འདུན་དང་ལས་འགན་ལག་བསྟར་བྱས་ནས།“ཡིད་རྟོན་བདེ་ཐང་ཨང་རྟགས”དང་ཡིད་རྟོན་འཛད་སྤྱོད། ཁེ་ལས་ཆུང་གྲས་ཀྱི་ཡིད་རྟོན་མ་དངུལ་གྲབས་གསོག་བྱེད་པ་སོགས་ཡིད་རྟོན་ཞབས་ཞུ་དང་གསར་སྐྲུན་བཀོལ་སྤྱོད་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས།“ཡིད་རྟོན་མཚོ་སྔོན”གྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཟེར།

འགན་འཁྲི་དང་ལས་འགན་ཕྲག་ཏུ་འཁུར་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ཞིབ་ཕྲའི་བྱེད་ཐབས་དང་ཕན་འབྲས་དངོས་སུ་འགྱུར་བར་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། དམིགས་འབེན་ལ་དམ་འཛིན་ལྷོད་མེད་དང་ངར་ཤུགས་གཅིག་སྒྲིམ་གྱིས་ཡང་རྩེ་ལྷུར་ལེན་བྱེད་པ། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ། ངར་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་ལས་སྒྲུབ་ལས་སྐྲུན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།

ཀོས་ནན་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བཀྲ་ཤིས་རབ་བརྟན་དང་ལས་བྱེད་པ་རྣམས་ཀྱིས་ཐོག་མའི་དུས་ཚོད་ནང་སེམས་ཤུགས་གཅིག་སྒྲིལ་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་གསར་འགྱུར་སྒྲོག་སྤེལ་ལ་བལྟས་པ་རེད། བཀྲ་ཤིས་རབ་བརྟན་གྱིས་བཤད་རྒྱུར། “ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་མཐོ་རུ་བཏང་ནས། འགན་འཁྲི་འཁུར་ཕོད་པ་དང་དོན་འཁྱོལ་ལ་དམ་འཛིན། གསར་གཏོད་ཤུགས་ཆེན་བཅས་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ཞིབ་ཕྲའི་བྱེད་ཐབས་དང་ཕན་འབྲས་དངོས་སུ་འགྱུར་བར་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་དེ་རང་རེའི་རྫོང་གི་རྒྱལ་ཡོངས་ཀྱི་ཞིང་སྡེ་བཅོས་སྐྱོང་ཚོད་ལྟའི་བྱ་བར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱེད་པ། འགལ་ཟླ་སྣ་ཚོགས་སེལ་རྒྱུ་སོགས་ཀྱི་བྱ་བ་སོ་སོའི་སྤེལ་ཤུགས་ཆེ་རུ་བཏང་ནས། རྫོང་ཡོངས་ཀྱི་འཆམ་མཐུན་བརྟན་བརླིང་དང་ཡུན་རིང་བདེ་འགོད་ལ་ནུས་ཤུགས་ཡོད་རྒུས་རྒྱུན་འཁྱོངས་བྱ་རྒྱུ་ཡིན”ཞེས་བཤད།

“ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དང་ཞིང་སྡེ་དར་སྤེལ་གཏོང་བ་ནུས་ལྡན་ངང་འབྲེལ་མཐུད་བྱ་རྒྱུ་སོགས་ཀྱི་ལས་འགན་མངོན་འགྱུར་ཡོང་བ་བྱས་ནས། ང་ཚོའི་གོ་རིམ་རྗེས་མའི་བྱ་བའི་དམིགས་ཚད་གསལ་བོ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས”ཞེས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝའེ་ཡོན་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཧོང་ཀྲི་ཞང་གིས་དེ་ལྟར་བཤད་པ་དང་། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་དགུས་སྡེ་བའི་ཐུན་མོང་དཔལ་འབྱོར་དང་ཞིང་སྡེའི་གནས་སྐོར། གོམས་སྲོལ་བསྒྱུར་བ། ཞིང་སྡེའི་དཔལ་ཡོན་བཅས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། ཧུར་ཐག་གིས་བྱས་རྗེས་འཇོག་པ་དང་དངོས་སྒྲུབ་དངོས་གཉེར། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བཅས་བྱས་ནས་ཕྱུག་འགྱུར་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་དང་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་དགོས་ཞེས་བཤད།

“ཚང་འཛོམས་གྲོས་ཚོགས་འཚོགས་པ་དེས་ཚང་མས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་སང་ཉིན་ལ་སྔར་ལས་ཡིད་སྨོན་བྱེད་ཀྱིན་ཡོད།”གཅིག་སྒྲིལ་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཧི་ཝུན་ཧའེ་ཡིས་བཤད་རྒྱུར། ང་ཚོས་རང་འགུལ་ངང་བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་གཅིག་གྱུར་ཡོང་བ་བྱས་ནས། སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ཏེ། རྫོང་ཡོངས་སུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་ངང་འཕྱུར་བར་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སེམས་ལ་ཟུག་རྒྱུར་སྐུལ་འདེད་བཏང་སྟེ། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་བརྗིད་ཆེའི་འཆར་གཞི་དང་བསྒྲགས་པའི་བཀའ་རྒྱ་གསར་ཤོས་དེ་མཚོ་སྔོན་གྱི་ས་གཞི་ཆེན་མོ་རུ་རྩ་བ་བརྟན་པོ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་ཐོན་ཐུབ་པ་བྱེད་དགོས་ཟེར།

ཟི་ལིང་གྲོང་ཁྱེར་ཞིན་ཧེ་ལམ་སྲང་ལམ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཚེ་ཆིན་ཝུན་གྱིས་བལྟས་ན། ཚང་འཛོམས་གྲོས་ཚོགས་ཐོག་གཞི་རིམ་ཏང་འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་བྱ་བ་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས་ཞེས་བཏོན་པ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་ཆེད་སྐར་མ་གཏན་འཁེལ་བྱས་ནས། ལམ་སྟོན་སྒྲོན་མེ་གསལ་བའི་བླང་བྱ་བཏོན་པ་དང་འབྲེལ་སེམས་འཇགས་རིལ་བུ་སྤྱོད་དགོས་པའི་ངོས་འཛིན་བྱས་པ་རེད། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་སྟེ།“དཔེ་སྟོན་ལྔ”ལེགས་བཟོ་བྱས་ནས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།

ཏན་ཏན་ཏིག་ཏིག་ངང་འབད་འབུངས་ཡར་བརྩོན་གྱིས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་རྩོམ་དགོས།

“བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་ངེས་པ་དང་། དངོས་སྒྲུབ་དངོས་གཉེར་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཞིག་ཧུར་ཐག་གིས་བརྩམས་ནས། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་བསུ་བ་ཞུ་རྒྱུ་ཡིན།”ཚང་འཛོམས་གྲོས་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་འབོད་སྐུལ་བཏང་།

ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་པར་བརྟེན། མཚོ་སྔོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལི་ཁྲེན་ལིན་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོ་མོས་ཚང་འཛོམས་གྲོས་ཚོགས་ཐོག་གྲུབ་འབྲས་གསར་པ་ཕྱོགས་སྡོམ་དང་གནས་བབ་གསར་པ་ཁོང་དུ་ཆུད་པ། མ་འོངས་པ་ཇུས་འགོད་བཅས་བྱས་ནས་བྱ་ཐབས་གསར་པ་བཏོན་པ་དང་། བདེ་སྐྱིད་གསར་པ་ཐོབ་པ། མི་རྣམས་ལ་ཁ་ཕྱོགས་ཀྱི་བསམ་པ་དང་དུས་རབས་ཀྱི་འདུ་ཤེས། འབོད་སྐུལ་བྱེད་ནུས། གོང་བུ་འགྲིལ་ཤུགས་བཅས་ཆེན་པོ་ལྡན་ཡོད་ཅེས་བཤད། གོ་རིམ་རྗེས་མར་མུ་མཐུད་དུ་རང་ཉིད་ཀྱི་བྱ་བའི་ཁྲོད་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་གཞི་བརྟན་པོ་བཙུགས་ཏེ། སློབ་མ་འཚར་ལོངས་དང་ཤེས་ལྡན་མི་སྣར་འགྱུར་རྒྱུར་ལས་སྟེགས་བསྐྲུན་པ་དང་ལམ་སྣེ་འཁྲིད་མཁན་ཡག་པོ་བྱས་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

“ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་འཚོགས་པ་ལས་ང་ཚོའི་གཞི་རིམ་གྱི་ལས་ཡུལ་དང་པོའི་ལས་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ལ་སྐུལ་མ་ཐེབས་ཡོད” ཅེས་ཧེ་ཡན་རྫོང་གསེར་ཐང་ཞང་སྟོང་མདའ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཉིག་ཧྲིན་ཡུག་གིས་བཤད་རྒྱུར། གོ་རིམ་རྗེས་མར་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མང་ཚོགས་ཀྱི་ཁྱིམ་དུ་སྐྱེལ་བ་དང་། མང་ཚོགས་ཀྱི་སེམས་སུ་འཇོག་པ། ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྡེ་བ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཏན་ཏན་ཏིག་ཏིག་དང་གོམ་པ་རེ་ལ་རྐང་རྗེས་རེ་འཇོག་པ། འཕེལ་རྒྱས་ཀྱི་ལམ་བུ་རྒྱ་ཆེར་གཏོང་བ། གཅིག་བསྡུས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྡེ་བའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བ། ཞིང་སྡེ་དར་རྒྱས་གཏོང་ཆེད་ནུས་ཤུགས་འདོན་པ་བཅས་བྱ་རྒྱུ་ཡིན་ཟེར།

“ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། མཐོ་སྒང་གི་སྲོག་ཆགས་དང་རྩི་ཤིང་། རི་ཆུ་ཁྲི་སྟོང་ལ་སྲུང་སྐྱོབ་ཡག་པོ་བྱས་ནས་རང་ཉིད་ལ་མྱོང་ཚོར་ཟབ་མོ་ཡོང་བ་བྱེད་དགོས” ཞེས་ཨ་ཆེན་གངས་རྒྱབ་དོ་དམ་ཅུའུ་གཙོད་གནས་མཚོ་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་གཙོ་ཆོས་འཕེལ་བཀྲ་ཤིས་ཀྱིས་བཤད་རྒྱུར། ལོ་མང་པོའི་རིང་སྲུང་སྐྱོབ་བྱས་པ་བརྒྱུད་གཙོད་ཀྱི་གྲངས་ཀ་དེ1997ལོར་ཁྲི་གཉིས་ཙམ་མེད་པ་ནས་ད་ལྟ་ཁྲི་བདུན་ལྷག་ཙམ་བར་ཇེ་མང་དུ་ཕྱིན་ཡོད་ཟེར། གཞི་རིམ་གྱི་ལས་ཡུལ་དང་པོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱེད་པ་དང་། ལས་གནས་ཐོག་གཞི་ཚུགས་ཏེ་རང་ཉིད་ཀྱི་རང་འཁྲིའི་ལས་ཀ་ཏན་ཏིག་དང་ཞིབ་ཚགས་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་མདོ་དབུས་མཐོ་སྒང་མུ་མཐུད་སྲུང་སྐྱོབ་དང་ཨ་ཆེན་གངས་རྒྱབ་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

གྲོང་མི་དཀྱུས་མ་ཞིག་ཡིན་པའི་ཆ་ནས། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཐའོ་ལི་ལམ་སྡོད་ཁུལ་དུ་སྡོད་པའི་ལི་ནན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དམངས་ཚིས་སྐོར་གྱི་ནང་དོན་ལ་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པ་སྟེ།“ཚང་འཛོམས་གྲོས་ཚོགས་ཐོག་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས་པ་དང་། ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་བརྟན་པོ་དང་རྒྱ་ཆེར་གཏོང་དགོས་པ། སློབ་གསོའི་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་བཏོན་པ་དེ་ནི་དངོས་འབྲེལ་ཞིག་རེད། སྲིད་ཇུས་བཟང་པོས་མང་ཚོགས་ལ་ཕན་པ་དངོས་ཐོབ་ནས‘ལོ་ལྔའི་འཆར་འགོད་བཅུ་བཞི་པའི’ཕྱོགས་སུ་བསྐྱོད་དེ། སྔར་ལས་སྐྱིད་པའི་འཚོ་བ་རྗེས་སུ་ཡོད”ཅེས་བཤད།

ལོ་ཙཱ་བ། ཤ་བོ་རིན་མཚོ།