མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱི་འགན་འཁྲི་དང་དུ་ལེན་དགོས།
2021.01.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

—ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།

མཚོ་སྔོན་ནི“རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ”དང་།“ཀྲུང་ཧྭའི་ཆུ་མཛོད།”“སའི་གོ་ལའི་མཐའ་སྣེ་གསུམ་པ”བཅས་ཡིན་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་འཐབ་ཇུས་ཀྱི་གོ་གནས་ལྡན་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་།“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་མཚོ་སྔོན་གྱི་དོར་ཐབས་མེད་པའི་འགན་འཁྲི་གལ་ཆེན་ཞིག་རེད། དངོས་གནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཡིན་ལ།“སའི་གོ་ལའི་མཐའ་སྣེ་གསུམ་པ”སྲུང་སྐྱོབ་བྱ་རྒྱུ་དང་། མདོ་དབུས་མཐོ་སྒང་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུར་དོན་སྙིང་གལ་ཆེན་ལྡན། ང་ཚོས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་བྱེད་པ། སྤྱི་ཡོངས་དང་ཆ་ཤས་བར་གྱི་འབྲེལ་བ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་ཧུར་ཐག་གིས་ཞུགས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱི་འགན་འཁྲི་འཁུར་དགོས།

སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་དང་གྲུབ་ཆ་གལ་ཆེན་ཞིག་ཡིན། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སྣེ་ཁྲིད་དུ་བྱས་ནས་རྒྱལ་ཁབ་ཀྱི་དོན་ཆེན་མཐོ་ཚད་སྟེང་ནས“འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་དང་བྱ་སྤྱོད་ཀྱི་རང་རྟོགས་དངོས་གནས་ཆེ་རུ་བཏང་སྟེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།

སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་བྱ་རྒྱུ་ནི་མཚོ་སྔོན་གྱིས་ཞིང་ཆེན་འཛུགས་པའི་གཞི་རྩ་ཡིན། མཚོ་སྔོན་ནི་མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་སུ་གནས་པ་དང་གལ་ཆེའི་སྐྱེ་ཁམས་གནས་བབ་ཀྱིས་མཚོ་སྔོན་ལ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་གལ་ཆེན་བསྩལ་བ་དང་། དེ་དང་ཆབས་ཅིག མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། དེར་བརྟེན་སྤྱི་ཡོངས་དང་ཆ་ཤས་བར་གྱི་འབྲེལ་བ་གཅིག་གྱུར་གྱིས་མཐུན་སྦྱོར་ཡག་པོ་བྱེད་དགོས་ན། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་ལྗང་མདོག་འཕེལ་རྒྱས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན། མི་དང་རང་བྱུང་ཚེ་སྲོག་ཐུན་མོང་གཅིག་མཐུན། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་གཏོད། རི་ཆུ་ནགས་དང་ཞིང་ལས། མཚེའུ། རྩྭ་ས་བཅས་ཕྱོགས་བསྡུས་བཅོས་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་མཐོ་ས་བཅས་གསར་སྐྲུན་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དེང་རབས་ཅན་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་མངོན་དགོས།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་གོ་ལ་ཧྲིལ་པོར་འཕྲད་པའི་ཐུན་མོང་གི་འགྲན་སློང་དང་ཐུན་མོང་གི་འགན་འཁྲི་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“ཧུར་ཐག་གིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་བྱས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དང་། དྲང་གཞག་ལུགས་མཐུན་དང་མཉམ་ལས་མཉམ་རྒྱལ་གྱི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་དང་ཁྲིད་སྟོན་བྱས་ཏེ། རང་རྒྱལ་གྱི་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་གསལ་པོར་མཚོན་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་དགོས།”

ང་ཚོ་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་ཧུར་ཐག་གིས་ཞུགས་ཏེ། མཚོ་སྔོན་ལས་ཕྱིར་མཆོངས་ཏེ་མཚོ་སྔོན་ལ་བལྟ་བ་དང་། ཧུར་ཐག་གིས་མདོ་དབུས་མཐོ་སྒང་གི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ནང་ཞུགས་ནས། མདོ་དབུས་མཐོ་སྒང་ས་ཁུལ་གྱི་ཞིང་ཆེན་དང་མཉམ་ལས་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་དམིགས་ཏེ། རྒྱལ་སྤྱིའི་སྲུང་སྐྱོབ་བྱ་སྤྱོད་གཏིང་ཟབ་ཏུ་གཏོང་བ། གོ་ལ་ཧྲིལ་པོའི་བསམ་བློ་བརྗེ་རེས་ལས་སྟེགས་བསྐྲུན་ནས། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་ཆེད་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་བ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་མཚོ་སྔོན་གྱི་འགན་འཁྲི་འཁུར་དགོས།

སྐྱེ་ཁམས་དར་ན་དཔལ་ཡོན་དར། སྐྱེ་ཁམས་ཉམས་ན་དཔལ་ཡོན་ཉམས། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པར་འགྲེང་ནས། ང་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས། འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཕོད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ།“སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་པ།“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་ཏན་ཏིག་གཏོང་བའི”བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་གིས་བཏོན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐབས་ཇུས་བཀོད་སྒྲིག་དངོས་འབེབ་བཅས་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་ནི་གོ་ལ་ཧྲིལ་པོར་འཕྲད་པའི་ཐུན་མོང་གི་འགྲན་སློང་དང་ཐུན་མོང་གི་འགན་འཁྲི་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དང་། དྲང་གཞག་ལུགས་མཐུན་དང་མཉམ་ལས་མཉམ་རྒྱལ་གྱི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་དང་ཁྲིད་སྟོན་བྱས་ཏེ། རང་རྒྱལ་གྱི་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་སྣང་བརྙན་གསལ་པོར་མཚོན་དགོས་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པར་སྐུལ་འདེད་གཏོང་དགོས”ཞེས་གསུངས་པ་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།