ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།
2021.01.21 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 15

ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་་དང་དེར་ཤུགས་སྣོན་བྱེད་རྒྱུ་ནི་དེང་རབས་ཅན་མངོན་འགྱུར་བྱེད་པའི་གཞི་རྩའི་འགན་ལེན་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཕེལ་རིམ་ཁྲོད་ཁ་ཕྱོགས་བསྒྱུར་མཁན་དང་སྲོག་ཤིང་གི་འགན་འཁྲི་ཁུར་ནས། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་གདོང་ལེན་པ་དང་མི་རིགས་ཀྱི་རྐང་འཛིན་པར་འགྱུར་བ་དང་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཞིག་ཏུ་འགྱུར་བར་ངེས་པར་དུ་རང་སྟེང་ནས་ཉམས་སད་ཐེག་ཐུབ་པ་བྱེད་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་ཚུན་དུ། ང་ཚོའི་ཏང་གིས་རླབས་ཆེ་བའི་རང་ཉིད་ཀྱི་གསར་བརྗེ་ཡིས་རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་ཏང་གི་མགོ་ཁྲིད་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ། ཏང་གི་འཛུགས་སྐྲུན་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་བྱེད་པ།   ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ལམ་ལུགས་འཐུས་ཚང་དུ་བཏང་པས།  ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་རྣམ་པ་གསར་པ་བྱུང་བ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་མངོན་གསལ་སྒོས་ཇེ་ལེགས་སུ་སོང་བ།  ཏང་དང་མང་ཚོགས་བར་གྱི་འབྲེལ་བ་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ཞིང་། ཏང་གི་གསར་གཏོད་ནུས་པ་དང་གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་མངོན་གསལ་སྒོས་ཆེ་རུ་སོང་བ་བཅས་ཀྱིས་དུས་རབས་གསར་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་གི་སྣང་བརྙན་འཛམ་གླིང་སྐྱེ་བོ་ཀུན་གྱི་མདུན་དུ་མངོན་ཡོད།

གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པ་དང་ཉམས་མྱོང་ནི་ཧ་ཅང་རྩ་ཆེན་ཡིན།  ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཁས་ལེན་གང་ལེགས་བྱེད་པའི་དུས་མཚུངས་སུ། ང་ཚོས་ཀྱང་ཏང་ནང་ཁུལ་དུ་རྩ་བའི་ཆ་ནས་ཐག་གཅོད་བྱེད་ཐུབ་མེད་པའི་གནད་དོན་ཁག་གཅིག་གནས་ཡོད་པ་དང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུ་ནམ་ཡང་ལམ་དུ་ཡོད་པ་མཐོང་ཐུབ།  དུས་རབས་གསར་པར་སླེབས་པའི་སྐབས་འདིར། འཛམ་གླིང་སྟེང་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་ཁ་གཏོད་པའི་དུས་མཉམ་དུ།  མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་དང་།  ཏང་གི་རིམ་པ་ཁག་གི་རྩ་འཛུགས་དང་མགོ་ཁྲིད་ལས་བྱེད་པས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་རྒྱུར་ཚད་མཐོན་པོས་མཐོང་ཆེན་བྱས་ནས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་“རང་རྟོན་བཞི་”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོབ་གཉིས”ལེགས་པོར་སྒྲུབ་པ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་གཏིང་ཟབ་ཏུ་གཏོང་བ། རྩ་འཛུགས་ཀྱི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། སྤྱོད་ཚུལ་ལེགས་པོ་དང་སྒྲིག་ཁྲིམས་ནན་སྲུང་གིས་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུར་སྣེ་ཁྲིད་བྱེད་པ། ཏང་འཛུགས་སྐྲུན་གྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྣེ་ཁྲིད་བྱེད་པ། ཏང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས།  ཏང་འཛུགས་སྐྲུན་བྱེད་པ་དེ་སྔར་ལས་སྟོབས་དང་ལྡན་པ་བྱེད་དགོས།

ཤུགས་ཆེན་པོས་ཏང་གིས་དཔལ་འབྱོར་བྱ་བར་མགོ་ཁྲིད་བྱེད་པའི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས། ཏང་གིས་དཔལ་འབྱོར་བྱ་བར་མགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་འགྱུར་བར་བྱེད་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ནན་ཏན་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་མགོ་ཁྲིད་ནུས་པ་དང་བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་ཀྱི་རྩ་འཛུགས། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། བློ་དཀར་སེམས་དཀར་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱས་ཏེ།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཆེད་རྩ་འཛུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།  ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་ཏན་དུ་གཏོང་རྒྱུ་དེ་གནས་བབ་ཨང་དང་པོར་འཇོག་པ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་བྱེད་རྒྱུ་དེ་འདེགས་སྐྱོར་གལ་ཆེན་དུ་བྱེད་པ། དོ་དམ་ནན་མོ་བྱ་རྒྱུ་དེ་བྱ་ཐབས་གལ་ཆེན་དུ་བརྩི་བ་བཅས་བྱས་ནས།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་སྒྲིག་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། སྤྱོད་ཚུལ་ལེགས་བཅོས་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་ “ནན་གསུམ་དྲང་གསུམ་”གྱི་བླང་བྱ་ལག་བསྟར་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ།  མཐའ་གཅིག་ཏུ་“སྤྱོད་ཚུལ་བཞི་”ལ་ངོ་རྒོལ་བྱེད་པ་བཅས་བྱས་ནས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ཡུན་རིང་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”འཆར་འགོད་དོན་འཁྱོལ་ཡོང་བར་སྤྱོད་ཚུལ་གྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།

མཚོ་སྔོན་གྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པ་ཞིག་ཏུ་སླེབས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱ་བར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་བསུ་བ་བྱེད་དགོས།

                                                                                           ལོ་ཙཱ་བ། གཡང་འབུམ་རྒྱལ།