མི་རིགས་ས་ཁུལ་གྱི་མང་ཚོགས་ལ་རྒྱུན་ཆད་མེད་པར་ཕན་པ་དངོས་ཐོབ་ཏུ་འཇུག་དགོས།
2021.01.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 27

འཆམ་མཐུན་བྱུང་ན་བྱ་བ་འགྲུབ་ཅིང་། མཐུན་སྒྲིལ་ཡོད་ན་སྟོབས་ཤུགས་འབྱུང་། སྤྱི་ལེ་གྲུ་བཞི་མ་འབུམ་བདུན་དང་ཁྲི་གཉིས་ཡོད་པའི་མཚོ་སྔོན་གྱི་ཡུལ་གྲུ་ཆེན་མོའི་སྟེང་བསྐྱོད་དུས། ག་ས་གང་དུ་མི་རིགས་སོ་སོ་འབྲེལ་འདྲིས་དང་བརྗེ་རེས་མཉམ་འདྲེས་བྱེད་ཀྱིན་པའི་སྣང་ཚུལ་མཐོང་ཐུབ། ང་ཚོས་རྒྱུན་ཆད་མེད་པར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་ཏེ། མི་རིགས་སོ་སོའི་འབྲེལ་འདྲིས་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་བྱེད་པར་དམིགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོར་གཏོང་བ་དང་། མཉམ་གཅིག་ཏུ་མཐུན་སྒྲིལ་འབད་འཐབ་དང་མཉམ་གཅིག་ཏུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་སྟེ། རིམ་པ་སྔར་ལས་མཐོ་བའི་སྟེང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བར་གཅིག་གྱུར་འཆར་འགོད་སྒོས་སྐུལ་སྤེལ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“མཚོ་སྔོན་དཔེ་དབྱིབས”བསྐྲུན་དགོས། གནས་འདིར་འཚོ་བ་རོལ་བཞིན་པའི་རྒྱ་རིགས་དང་བོད་རིགས། ཧུའེ་རིགས། ཧོར་རིགས། སོག་རིགས། ཟ་ལར་རིགས་སོགས་རིགས་སོ་སོའི་མང་ཚོགས་ཀྱིས་ལག་རྡང་དཔུང་རྡང་སྦྲེལ་ཞིང་སེ་འབྲུའི་ཚི་གུ་བཞིན་དུ་ཕན་ཚུན་དམ་པོར་འཐམས་ཏེ། བདེ་ཞིང་སྐྱིད་པའི་ཁྱིམ་གཞིས་དང་མཛེས་ཤིང་སྡུག་པའི་མ་འོངས་པ་མཉམ་སྐྲུན་བྱེད་པ་དང་། དུས་རབས་གསར་པར་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཡོངས་དང་མཉམ་གཅིག་ཏུ་ཁྱོན་ཡོངས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པའི་མི་རིགས་མཐུན་སྒྲིལ་གྱི་རི་མོ་གསར་པ་འབྲི་བཞེངས་བྱེད་དགོས།

ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་འདུན་མ་ནི་མི་རིགས56འདུས་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་གཅིག་མཐུན་གྱི་རེ་སྒུག་ཡིན་ལ། མི་རབས་ནས་མི་རབས་བརྒྱུད་པའི་ཀྲུང་གོ་གུང་ཁྲན་ཏང་མིས་འདིའི་དོན་དུ་དཀའ་སྡུག་དང་རྔུལ་ཆུ། མཐའ་ན་ཚེ་སྲོག་ཀྱང་བློས་བཏང་མྱོང་བའི་བྱ་གཞག་རླབས་ཆེན་ཞིག་ཡིན། གཟི་བརྗིད་ལྡན་ཞིང་དཀའ་ཚེགས་ཆེ་བའི་བྱ་གཞག་རླབས་པོ་ཆེ་འདི་སྐུལ་སྤེལ་བྱེད་དགོས་ན་རྒྱལ་ཁབ་གཅིག་གྱུར་དང་མི་དམངས་མཐུན་སྒྲིལ། མི་རིགས་སོ་སོ་མཐུན་སྒྲིལ་བཅས་ཡོང་བ་ནི་སྔོན་འགྲོ་དང་རྨང་གཞི་ཡིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཕྱེས་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་ལ་ཕར་རྒོལ་བྱེད་པའི་དུང་བརྡ་བརྒྱབ་པས། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། མི་རིགས་མཐུན་སྒྲིལ་ཡོང་བར་སྔར་ལས་ཤུགས་སྣོན་པའི་ལས་འགན་ལྕི་མོ་དངོས་གནས་ཕྲག་ཏུ་འཁུར་དགོས། གཙོ་གནད་དམ་པོར་བཟུང་སྟེ། རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་གཅིག་མཐུན་གྱི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། དྲང་འཛིན་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། བྱ་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད་ཤུགས་འདོན་པ་དང་། མི་རིགས་སོ་སོ་མཉམ་གཅིག་ཏུ་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས།

མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་ཐུན་མོང་གི་འབད་བརྩོན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུའི་སྟེང་བཞད་དུ་འཇུག་དགོས། ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་གཙོ་གནད་དུ་བཟུང་སྟེ། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བྱ་བའི་ཁྲོད་རིགས་སོ་སོའི་མང་ཚོགས་ཀྱི་བརྩོན་སེམས་སྐུལ་སྤེལ་བྱེད་པ་གཙིགས་སུ་འཛིན་དགོས་ལ། མང་ཚོགས་ཀྱི་བྱེད་པོའི་གོ་གནས་མངོན་པར་མཚོན་ཏེ། རིགས་སོ་སོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་དེ་འབད་འཐབ་དམིགས་འབེན་དུ་བཟུང་ཞིང་། དམངས་འཚོའི་བྱ་བ་སོ་སོ་ཏན་ཏིག་གིས་ལེགས་སྒྲུབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་རོལ་བྱེད་པའི་ཐད་འབད་པ་བྱེད་དགོས།

མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བས་སྐྱོང་དགོས། ང་ཚོས་གསར་སྐྲུན་བྱ་བར་ཧུར་ཐག་གིས་སྣེ་ཁྲིད་བྱེད་དགོས་ལ། ཏང་གི་སྐད་ཆར་ཉན་པ་དང་ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས་ཏེ། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་ཇེ་བརྟན་དུ་གཏོང་བ་དང་། “ཁས་ལེན་པ་ལྔ”དངོས་གནས་ཇེ་དྲག་ཏུ་བཏང་སྟེ། མི་རིགས་སོ་སོ་སེ་འབྲུའི་ཚི་གུ་བཞིན་དུ་དམ་པོར་འཐམས་པར་སྐུལ་འདེད་བྱེད་དགོས། ཞིང་ཆེན་གྱི་གནས་ཚུལ་ལ་རྐང་འཛུགས་པ་དང་། མི་རིགས་སོ་སོས“མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ”གྱི་བརྗོད་དོན་ལ་དམིགས་ཏེ། བོད་འབྲེལ་ཁུལ་དྲུག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བདེ་འཇགས་དང་དར་སྤེལ་བཟོ་འགོད་ལ་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་བྱེད་དགོས་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། མི་རིགས་སོ་སོ་འབྲེལ་འདྲིས་དང་བརྗེ་རེས་མཉམ་འདྲེས་ཡོང་བར་ཤུགས་སྣོན་དགོས། མཚོ་སྔོན་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གསར་སྐྲུན་རང་བཞིན་གྱི་བསྒྱུར་བཅོས་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། ཀྲུང་ཧྭ་མི་རིགས་ནི་རིགས་སོ་སོའི་རིག་གནས་ཀྱི་འདུས་གྲུབ་ཆེན་མོ་ཡིན་པ་སེམས་ལ་བརྟན་པོར་བཅངས་ཏེ། མི་རིགས་སོ་སོས་ཕན་ཚུན་ལ་བརྩི་བཀུར་དང་ཕན་ཚུན་ལ་མྱོང་རོལ། ཕན་ཚུན་ལ་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་དགོས། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་དུས་མཉམ་དུ་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱས་ནས། རིགས་སོ་སོའི་མང་ཚོགས་ཧུར་ཐག་གིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་བྱ་འགུལ་སྣ་ཚོགས་ཁྲོད་ཞུགས་པར་སློབ་གསོས་སྣེ་ཁྲིད་བྱས་ནས། ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོར་འདེགས་གཏོང་བ་དང་། བདེ་ཐང་དཔལ་ཡོན་གྱི་འཚོ་བ་རོལ་སྟངས་ལ་བརྩོན་དགོས།

                                                                                རྩོམ་སྒྲིག་པ། གཡང་འབུམ་རྒྱལ།