དཔའ་བོའི་གྲོང་ཁྱེར།
2021.02.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 63

—བརྒྱད་བདུན་གྲོས་ཚོགས་ཀྱི་ཚོགས་གནས་སུ་ལོ་རྒྱུས་ལ་ཕྱིར་ལྟ་བྱེད་པ།

འདི་ནི་བརྒྱད་བདུན་གྲོས་ཚོགས་ཀྱི་ཚོགས་གནས་ཀྱི་ཕྱི་ལྗོངས་རེད།

ཉིན་དེར། ཧན་ཁུག་གི་གནམ་གཤིས་ཧ་ཅང་ཚ་པོ་འདུག

པོ་དབྱང་སྲང་ལམ་ཨང139པར་ཨུ་རུ་སུའི་རྣམ་པའི་འཛུགས་སྐྲུན་གྱི་ཁང་པ་སེར་པོ་ཞིག་ལས་ཡོད་པ་དང་། དེའི་གཉིས་ཐོག་གི་ཁང་པ་གཅིག་གི་སྒེའུ་ཁུང་ནམ་ཡང་བརྒྱབ་ཡོད།

1927ལོའི་ཟླ་བརྒྱད་པའི་ཚེས་བདུན་ཉིན་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཐོག་བརྐོས་ཡོད་པའི་ཉིན་མོ་གལ་ཆེན་ཞིག་རེད།

1927ལོའི་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན། ཅང་ཅེ་ཧྲི་ཡིས་ཧྲང་ཧའེ་ནས་གསར་བརྗེ་ངོ་རྒོལ་གྱི་སྲིད་འགྱུར་བསླངས། ཟླ་གསུམ་རྗེས་ཀྱི་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། ཝང་ཅིན་ཝེ་ཡིས་བུའུ་ཧན་དུའང་གུང་ཁྲན་ཏང་ལ་ངོ་རྒོལ་གྱི་བཤན་གྲི་འཛེམ་བག་མེད་པར་ཡར་བཀྱགས་པས། གསར་བརྗེ་ཆེན་པོ་ཕྱོགས་ཡོངས་ནས་ཕམ་པར་གྱུར། གསར་བརྗེ་ཆེན་པོའི་ལྟེ་བ་ཁྲི་ཏུའུ་ཝུའུ་ཧན་དུ་མཚན་མོ་གཅིག་ལ་འཇིགས་སྐྲག་གི་ཀློང་དུ་ཚུད་ཅིང་། ཀྲུང་གོའི་ས་གཞི་ཧྲིལ་བོ་ཁྲག་དྲི་བྲོ་བའི་འཇིགས་སྐུལ་དང་འཇིགས་སྣང་གིས་ཁེངས།

ཤི་གསོན་གྱི་ཉམས་སད་དྲག་པོ་འདིའི་མདུན་དུ་ཀྲུང་གོའི་གསར་བརྗེ་གང་དུ་འགྲོ་དགོས་པ་དེ་ཀྲུང་གོའི་གུང་ཁྲན་ཏང་གིས་མྱུར་དུ་ཐག་གཅོད་བྱ་དགོས་པའི་འགག་རྩའི་གནད་དོན་ཞིག་ཏུ་གྱུར་ཡོད། ཀྲུང་གུང་ཀྲུང་དབྱང་གིས་བྲེལ་མྱུར་གྲོས་ཚོགས་ཤིག་བསྡུས་ནས་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བྱ་རྒྱུའི་ཐག་བཅད་པ་རེད།

ཟླ་བདུན་པའི་ཚེས་ཉེར་བརྒྱད་ལ་བསྡུ་རྒྱུ་གཏན་འཁེལ་བྱས་པའི་གྲོས་ཚོགས་དེ་སྐབས་དེའི་དཀར་པོའི་འཇིགས་སྐྲག་ཚབས་ཆེ་ཞིང་འགྲིམ་འགྲུལ་སྟབས་མི་བདེ་བས། ཚོགས་འདུའི་འཐུས་མི་འཛོམས་དཀའ་བར་གྱུར། མཐའ་མཇུག་ཆུས་ཆིག་པའེ་དང་ལི་ཝེ་ཧན། ཀྲང་ཐའེ་ལེ། ཏིན་ཀྲུང་ཞ། རིན་པིས་ཧྲི་སོགས་འཐུས་མི་ཉེར་གཅིག་ཐེངས་དེའི་ཀྲུང་དབྱང་རིམ་པའི་བྲེལ་མྱུར་གྲོས་ཚོགས་སུ་ཞུགས།

ཏིན་ཞའོ་ཕིང་དང་ལི་ཝེ་ཧན་སོགས་ཀྱིས་ཕྱིར་དྲན་བྱས་པ་ལྟར་ན། སྐབས་དེའི་ཚོགས་འདུ་ཉིས་ཐོག་ཏུ་འཚོག་རྒྱུ་གཏན་འཁེལ་བྱས་ཡོད་མོད། འོན་ཀྱང་དོན་དངོས་སུ་ཁང་པ་གང་གི་ནང་ཡིན་པ་ཡུན་རིང་དུ་དོགས་གཞི་རུ་གྱུར། 1980ལོར། ཏིན་ཞའོ་ཕིང་ཡང་བསྐྱར་ཚོགས་གནས་སུ་ལོག་སྐབས། གྲོས་ཚོགས་འཚོགས་སར་ལངས་ནས་ཡང་ཡང་ཕྱིར་དྲན་བྱས་ཏེ། ཁོང་གིས་གྲོས་ཚོགས་ནི་རྒྱབ་ཀྱི་ཁང་པའི་ནང་འཚོགས་པ་ཡིན་སྙམ་ཞེས་གསུང་།

“སྐབས་དུས་གནས་བབ་ཛ་དྲག་ཆེ་བ་དང་འགྲིམ་འགྲུལ་སྟབས་མི་བདེ་བར་བརྟེན་ཚོགས་འདུའི་འཐུས་མི་ལ་ལ་ཞིང་པར་བརྫུས་པ་དང་། ལ་ལ་ཚོང་པར་བརྫུས་ཏེ་འགྲིམ་འགྲུལ་པ་ཁག་བགོས་ཀྱིས་གསང་བའི་སྒོ་ནས་ཚོགས་རར་ཁྲིད་པ་རེད།” བརྒྱད་བདུན་གྲོས་ཚོགས་ཚོགས་གནས་དྲན་གསོ་ཁང་གི་དྲིལ་བསྒྲགས་སློབ་གསོ་པུའུ་ཡི་འགྲེལ་བཤད་པ་ལི་ལན་གྱིས་ཉི་ཁྱམས་ཀྱི་སྒེའུ་ཁུང་ལ་མཛུབ་མོ་སྟོན་ཞོར་བཤད་རྒྱུར། སྐབས་དེའི་གནམ་གཤིས་ཚ་བ་ཆེ་མོད། འོན་ཀྱང་ཚོགས་འདུའི་བདེ་འཇགས་ཀྱི་ཆེད་དུ་སྒོ་དང་སྒེའུ་ཁུང་ཚང་མ་དམ་པོར་བརྒྱབ་ཡོད། ཉིན་གུང་འཐུས་མི་ཚོས་ལམ་བྲོ་ཟ་བ་དང་ཆུ་ཁོལ་འཐུང་བཞིན་ ཁོར་ཡུག་དེ་འདྲའི་འོག་ཉིན་གང་ལ་ཚོགས་འདུ་འཚོགས།

ཚོགས་འདུ་ལ་ཆུས་ཆིག་པའེ་དང་ལི་ཝེ་ཧན་གཉིས་ཀྱིས་མགོ་འཛིན་བྱས། ཚོགས་འདུའི་སྟེང“གསར་བརྗེ་ཆེན་པོ”ཕམ་པའི་བསླབ་བྱ་སྤྱི་བསྡོམས་དང་། ཏང་གི་བྱ་བའི་ལས་འགན་ལ་གྲོས་བསྡུར། ས་ཞིང་གསར་བརྗེ་དང་དྲག་པོའི་འོས་ལངས་ལག་བསྟར་བྱེད་པའི་བྱེད་ཕྱོགས་གཏན་ལ་ཕབ། མའོ་ཙེ་ཏུང་གིས་གཏམ་བཤད་གནང་སྐབས་ཆོད་གཏམ་གྲགས་ཅན“རྗེས་ཕྱོགས་དམག་དོན་ལ་དོ་སྣང་ཧ་ཅང་ཆེན་པོ་བྱེད་དགོས་པ་དང་། སྲིད་དབང་ནི་མེ་མདའི་ཁྲོད་ནས་ཐོབ་པ་ཞིག་ཡིན་པ་ངེས་པར་དུ་ཤེས་དགོས”ཞེས་གསུངས་པ་རེད།

གསར་བརྗེའི་མདུན་ལམ་ཧ་ཅང་མུན་ནག་གི་དུས་སྐབས་སུ་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ལ་འཇིགས་སྣང་མེད་པ་དང་དབང་དུ་བསྡུ་མ་ཐུབ་པར། ཁོ་ཚོས་མུན་ནག་གི་དུས་སུ་རེ་བ་མཐོང་སྟེ་ལུས་སྟེང་གི་ཁྲག་རྗེས་ཕྱིས་ནས་མུ་མཐུད་དུ་འཐབ་འཛིང་བྱེད་བཞིན་ཡོད།

བརྒྱད་བདུན་གྲོས་ཚོགས་ཀྱི་རྗེས་སུ། ཀྲུང་གོ་གུང་ཁྲན་ཏང་མིས་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་བྱེད་ཕྱོགས་ལྟར། མུན་ནག་གི་ཁྲོད་དུ་གསར་བརྗེའི་དར་ཆ་མཐོན་པོར་བསྒྲེངས་ཤིང་། སྔ་གཞུག་ཏུ་སྟོན་བསྡུའི་འོས་ལངས་དང་ཧོང་མ་འོས་ལངས། ཀོང་ཀྲིག་འོས་ལངས་སོགས་དྲག་པོའི་འོས་ལངས་རབ་དང་རིམ་པ་ལ་འགོ་ཁྲིད་བྱས་ཏེ། ཀྲུང་གོའི་ས་གཞི་ཆེན་པོའི་ག་ས་གང་དུ་དྲག་པོའི་འཐབ་རྩོད་ཀྱི་མེ་སྟག་གིས་ཁེངས་པར་བྱས། མའོ་ཙེ་ཏུང་གིས་འཐུས་ཚབ་གཙོ་བོ་བྱས་པའི་གུང་ཁྲན་ཏང་མི་འབོར་ཆེན་ཞིག་གིས་དམར་དམག་དང་ཞིང་སྡེའི་གསར་བརྗེའི་གནས་གཞིའི་ས་ཁུལ་གསར་འཛུགས་དང་འཕེལ་རྒྱས་གཏོང་བའི་ལག་ལེན་བརྒྱུད་ནས། ཀྲུང་གོའི་གསར་བརྗེ་བསྐྱར་དར་དང་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་བའི་ལམ་བུ་ཞིག་རིམ་བཞིན་རྙེད།

ད་ལྟ་ལོ་བརྒྱའི་ལོ་རྒྱུས་ལྡན་པའི་གསར་བརྗེའི་ལོ་རྒྱུས་ཀྱི་རྗེས་ཤུལ་དེ་སྔའི་གནས་ཡུལ་ནས་དེ་སྔའི་རྣམ་པ་ལྟར་མངོན་པ་དང་། རིག་དངོས་དང་འདྲ་པར། རྩ་ཆེའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་བརྒྱ་ལྷག་ཙམ་འགྲེམས་སྟོན་བྱས་ཡོད།

འདས་པའི་དུས་དང་ད་ལྟའི་དུས་གང་ཡིན་རུང་། བུའུ་ཧན་ནི་གནའ་ནས་ད་བར་དཔའ་བོའི་གྲོང་ཁྱེར་ཞིག་ཡིན་པ་དང་། དཔའ་བོའི་ལོ་རྒྱུས་སྙན་ངག་གྲངས་མེད་བཞག་ཡོད།

ལོ་རྒྱུས་ཀྱི་འཁོར་ལོ2020ལོར་སླེབས་སྐབས། རིམས་ནད་ཀྱི“རླུང་འཚུབ་ཆེན་མོ”བུའུ་ཧན་དུ་ལྡང་ཞིང་། གནམ་གཤིས་གྲང་ལ་བརླན་བཤེར་ཆེ། དེ་གར་ཧ་ལས་ཤིང་ཧང་སངས་ པའི་ནད་ཡམས་འགོག་པའི་འཐབ་རྩོད་བྱེད་བཞིན་ཡོད་པ་དང་། “དཔའ་བོའི་གྲོང་ཁྱེར”དེར་དཀའ་སྤྱད་ཚད་མེད་ཀྱི་ལོ་རྒྱུས་ཀྱི་ཉམས་སད་ཆེན་པོ་ཞིག་བྱེད་བཞིན་ཡོད། ནད་ཡམས་ཀྱི་གནོད་འཚེ་ཕོག་པ་དང་གྲོང་ཁྱེར་ཡོངས་ལ་ཁྱབ་པའི་མུན་ནག་ཁྲོད“མི་ཡུལ་གྱི་དཔའ་རྒོད”ཁག་ཅིག་དཔའ་ངར་ཆེར་བསྐྱེད་ཀྱིས་ཐོན་ནས། དཀའ་ཉེན་ལ་མི་སྐྲག་པར་དཔའ་ངར་ཞུམ་མེད་ཀྱིས་བྱ་སྤྱོད་དེ་དུས་རབས་ཀྱི་བློ་ལ་བརྟན་པོར་ངེས་ཡོད།

“མི་དམངས་ཀྱི་དཔའ་བོ”ཀྲང་ཏིན་ཡུས་ཀྱིས་བཤད་རྒྱུར། “ང་ངེས་པར་དུ་མགྱོགས་པོ་རྒྱུག་དགོས། དེ་ལྟར་བྱས་ཚེ་གཞི་ནས་ནད་དུག་གི་ལག་ནས་ནད་པ་སྔར་ལས་མང་བ་ཞིག་ཚུར་འཕྲོག་ཐུབ”ཟེར།

ཝུའུ་ཧན་དུ་རིམས་ནད་འགོག་བཅོས་བྱེད་པའི་ལས་ཡུལ་དང་པོ་རུ། ཁོས“རིམ་གྱིས་འཁྱག་ཏུ་འགྲོ་བའི”ལུས་ཕུང་དང་མཐོ་དམའ་མི་མཉམ་པའི་གོམ་སྟབས་ལ་བརྟེན་ནས་ནད་དུག་དང་འཐབ་རྩོད་དྲག་པོ་བྱས་པ་དང་། འཆི་བདག་དང་འགྲན་བསྡུར་བྱེད་པ། དུས་ཚོད་དང་འགྲན་བསྡུར་བྱེད་པ་བཅས་ཀྱི་ཐོག་ནས་ཅིན་ཡུན་ཐན་སྨན་ཁང་གི་ལས་བྱེད་མི་སྣ་སྟོང་གཉིས་དང་བརྒྱད་བརྒྱ་ལྷག་ཙམ་ཁྲིད་དེ། ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལས་རྣམ་པར་རྒྱལ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་རེད།

ཀྲང་ཏིན་ཡུས་ཀྱི་གཟུགས་བརྙན་དེ་ནི་རིམས་ནད་འགོག་བཅོས་ཀྱི་ལས་ཡུལ་དང་པོར་འབད་འཐབ་བྱེད་པའི་སྨན་དོན་ལས་དོན་པ་དང་། སྤྱི་བདེ་མི་དམངས་ཉེན་རྟོག་པ། སྡེ་ཁུལ་གྱི་ལས་བྱེད་པ། དང་བླངས་པ་བཅས་ཚང་མའི་ཐུན་མོང་གི་མཚོན་ཚུལ་ཞིག་ཀྱང་རེད། ཆར་རླུང་འགོག་མེད་ཀྱི་དམག་འཐབ་ནང་ཁོ་ཚོས་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་གནད་འཁེལ་སྔོན་འགོག་ཚོད་འཛིན་བྱས་ཏེ། རྒྱལ་ཁ་བརྩོན་ལེན་བྱེད་པར་བྱ་སྤྱོད་དངོས་ཀྱི་ཐོག་ནས“མི་དམངས་བླ་ན་མེད་པ་དང་ཚེ་སྲོག་མཆོག་ཏུ་བརྩི་བའི”འདུ་ཤེས་གསལ་སྟོན་བྱས།

ད་ལྟ། བརྒྱད་བདུན་གྲོས་ཚོགས་ཚོགས་ཡུལ་དྲན་གསོ་ཁང་དེ་ཝུའུ་ཧན་གྱི་གསར་བརྗེའི་སློབ་གསོའི་རྟེན་གཞི་གྲགས་ཅན་ཞིག་ཏུ་གྱུར་ཡོད། ལོ་ཉེར་དྲུག་ལ་སླེབས་པའི་ཀྲའོ་ཁའེ་ཡུས་ནི་སྡོད་ཁུལ་གྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་ཞིང་། དཔྱིད་གསར་དུས་ཆེན་ཐོན་ལ་ཉེ་བའི་ངལ་གསོའི་ཉིན་ཞིག་ཁོ་མོས་ཕ་མ་ཁྲིད་ནས་གནས་དེར་ལྟ་སྐོར་དུ་ཡོང་བ་རེད། ཀྲའོ་ཁའེ་ཡུས་ཀྱིས་བཤད་རྒྱུར། “ངའི་ཨ་ཕ་ནི་ཏང་ཡོན་རྒན་པ་ཞིག་ཡིན། དེ་རིང་ཆེད་དུ་གནས་འདིར་ཡོང་ནས་ལོ་བརྒྱ་ཙམ་གྱི་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། སྤྱིར་བཏང་མིན་པའི2020ལོར། ང་རང་ལ་མཚོན་ན་རྒྱལ་ཁབ་ཀྱིས་མྱངས་པའི་བརྙས་བཅོས་དང་འཐབ་རྩོད། སྡུག་བསྔལ་དང་འོད་སྟོང་བཅས་མྱོང་ཚོར་ཟབ་མོ་བྱུང”ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།