ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་སྡེ་དར་སྤེལ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར།
2021.02.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 75

(2021ལོའི་ཟླ་དང་པོའི་ཚེས4ཉིན)

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང2035ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞིའི》ནང་།  འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་ནང་ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། ཞིང་སྡེ་དར་སྤེལ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་སྤྱིའི་བཀོད་སྒྲིག་བྱས་ཏེ། མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་གི“ཞིང་གསུམ་”ལས་དོན་ལེགས་པོ་སྒྲུབ་པར་ཁ་ཕྱོགས་གསལ་བོར་བསྟན་ཡོད།

“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་”དུས་སྐབས་སུ། དེང་རབས་ཞིང་ལས་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཞིང་སྡེ་དར་སྤེལ་གཏོང་བའི་འགོ་ཡག་པོ་ཞིག་བརྩམས་ཡོད། འབྲུ་རིགས་ཀྱི་ལོའི་ཐོན་ཚད་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་ཁྲག་ཁྲིག་གསུམ་ཡན་བསྟུད་མར་རྒྱུན་འཁྱོངས་བྱས་ནས་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ2010ལོ་ལས་ལྡབ་གཅིག་ལྷག་ཙམ་འཕར་ཡོད་པ་རེད། དུས་རབས་གསར་པའི་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་ཚད་ལས་འགན་དུས་བཅད་ལྟར་ཡོངས་འགྲུབ་བྱས་པ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་ཞིང་སྡེའི་མི་གྲངས་དབུལ་པོ་ཚང་མ་དབུལ་ཕོངས་ལས་ཐར་བ་དང་། རྫོང་དབུལ་པོ་ཚང་མས་དབུལ་ཞྭ་ཕུད་པ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་འགན་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱས་ཤིང་།   དབུལ་ནག་དང་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་ཕོངས་སེལ་ནས། མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་ལོ་རྒྱུས་ཐོག་གི་ངོ་མཚར་བསྐྲུན་ཡོད། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་མངོན་གསལ་བྱུང་བ་དང་། ཞིང་སྡེའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཞིང་སྡེའི་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་སྲུང་འཛིན། ཞིང་སྡེར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་དུས་མཉམ་དུ་མངོན་འགྱུར་བྱས་ཡོད། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ནས་ཏང་དང་རྒྱལ་ཁབ་ཀྱིས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་བརྟན་འཇགས་ཡོང་བར་ནུས་པ་ཆེན་པོ་འདོན་སྤེལ་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞིང་ལས་ལ་མཐོང་ཆེན་དང་ཞིང་ལས་ལ་ཤུགས་སྣོན་རྒྱག་པའི་འཐབ་ཇུས་ཇུས་ཆོད་ཡང་དག་ཡིན་པ་དང་། ཏང་གི“ཞིང་གསུམ”སྲིད་ཇུས་ལ་ཞིང་པ་དུང་ཕྱུར་མང་པོའི་སེམས་གཏིང་གི་གོང་བཀུར་ཐོབ་པ་ལག་ལེན་དངོས་ལས་ར་སྤྲོད་བྱུང་ཡོད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”དུས་སྐབས་ནི་བབ་བསྟུན་འཕྲལ་སྒྲུབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་བསྐྱོད་བྱེད་པའི་ལོ་ལྔའི་ཁྲོད་ཀྱི་དང་པོ་ཡིན། མི་རིགས་བསྐྱར་དར་ཡོང་དགོས་ན་ཞིང་སྡེ་ངེས་པར་དུ་དར་སྤེལ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་སྔར་བཞིན་ཞིང་སྡེར་གནས་པ་དང་། ཆེས་རྒྱ་ཆེ་ཤོས་དང་ཆེས་གཏིང་ཟབ་ཤོས་ཀྱི་རྨང་གཞི་སྔར་བཞིན་ཞིང་སྡེར་གནས་ཡོད། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པའི་གཙོ་གནད་དང་དཀའ་གནད་དེ“ཞིང་གསུམ”ལ་ཐུག་ཡོད་པས་ཞིང་ལས་དང་ཞིང་སྡེའི་ཞན་ཆ་གསབ་ནས། གྲོང་ཁྱེར་དང་ཞིང་སྡེ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་སྦས་ཤུགས“ཞིང་གསུམ”ལ་ཕྱོགས་ཡོད་པས་ཞིང་སྡེའི་དགོས་མཁོ་རྒྱ་ཆེར་གཏོང་རྒྱུ་དང་གྲོང་ཁྱེར་དང་ཞིང་སྡེའི་དཔལ་འབྱོར་འཁོར་སྐྱོད་ཆེ་རུ་གཏོང་དགོས་ཤིང་།   རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་རྨང་གཞིའི་འདེགས་སྐྱོར་དེ“ཞིང་གསུམ” ལ་ཕྱོགས་ནས། ཞིང་ལས་ཀྱི་གཞི་རྩའི་རྨང་གཞི་  བརྟན་པོ་བཙུགས་ཏེ“ཞིང་གསུམ”གྱི་རྨང་གཞི་བརྟན་སྲུང་བྱེད་དགོས་པ་བསྟན་ཡོད།    ཏང་ཀྲུང་དབྱང་གིས་བལྟས་ན། འཕེལ་རྒྱས་ཀྱི་དུས་རིམ་གསར་པའི“ཞིང་གསུམ་”ལས་དོན་ནི་སྔར་བཞིན་ཧ་ཅང་གལ་ཆེ་བས། ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་བར་ངེས་པར་དུ་དམ་འཛིན་ཏན་ཏིག་བྱ་དགོས། “ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  ཞིང་སྡེ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བ་ཇེ་མགྱོགས་སུ་བཏང་སྟེ་རྒྱ་ཆེའི་ཞིང་པར་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་དགོས།

གཅིག   སྤྱིའི་བླང་བྱ།

(གཅིག)མཛུབ་སྟོན་བསམ་བློ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་།གསུམ་པ།བཞི་པ།ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། “གནས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་འཆར་འགོད་དང་སྐུལ་འདེད་གཏོང་བ། “ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། ཏང་གིས་“ཞིང་གསུམ་”ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཞིང་ལས་དང་ཞིང་སྡེ་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཞིང་ལས་དེང་རབས་ཅན་དང་ཞིང་སྡེ་དེང་རབས་ཅན་གཞི་གཅིག་ཅན་དུ་ཇུས་འགོད་དང་མཉམ་དུ་སྐུལ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་འཛིན་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་མགྱོགས་མྱུར་ངང་འཛུགས་རྒྱུའི་བླང་བྱ་དོན་འཁྱོལ་བྱེད་པ། ཞིང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། ཞིང་སྡེ་འཛུགས་སྐྲུན་བྱ་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གོ་གནས་གལ་ཆེན་དུ་འཇོག་པ། ཞིང་སྡེའི་ཐོན་ལས་དང་ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས།རྩ་འཛུགས་དར་སྤེལ་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།  ཞིང་ལས་ཐོན་རྫས་མཁོ་སྤྲོད་དང་སྐྱེ་ཁམས་སྲུང་ཡོལ། རིག་གནས་རྒྱུན་འཛིན་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་དར་སྤེལ་གཏོང་བའི་བགྲོད་ལམ་དུ་བསྐྱོད་པ་དང་།ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ།བཟོ་ཞིང་ཕན་ཚུན་སྐུལ་འདེད་དང་།གྲོང་ཁྱེར་དང་ཞིང་སྡེ་ཕན་ཚུན་གསབ་རེས།མཐུན་སྦྱོར་གོང་འཕེལ། མཉམ་དུ་དར་རྒྱས་བཅས་ཀྱི་བཟོ་ཞིང་བར་དང་གྲོང་ཁྱེར་དང་ཞིང་སྡེ་བར་གྱི་འབྲེལ་བ་གསར་པ་མགྱོགས་མྱུར་ངང་ཆགས་པར་བྱེད་པ། ཞིང་ལས་སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བ་དང་།ཞིང་སྡེར་འཚོ་སྡོད་འཚམ་ཞིང་ལས་རིགས་འཚམ་པ། ཞིང་པ་ཕྱུག་འགྱུར་བཅས་ཡོང་བར་སྐུལ་སྤེལ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས།

(གཉིས)དམིགས་འབེན་ལས་འགན། 2021ལོར་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བ་དང་། འབྲུ་རིགས་འདེབས་ཁྱོན་བརྟན་པོ་དང་ཐོན་ཚད་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་ཁྲག་ཁྲིག་གསུམ་ཡན་ཟིན་པ། ཕག་གསོའི་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་ཟས་རིགས་བདེ་འཇགས་ཆུ་ཚད་སྔར་བས་ཇེ་མཐོར་འགྲོ་བ། ཞིང་པའི་ཡོང་འབབ་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ལས་མགྱོགས་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་ཇེ་བརྟན་དུ་གཏོང་བ་བཅས་རེད། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་འཆར་འགོད་ལག་བསྟར་བྱེད་འགོ་བརྩམས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་མ་ལག་དང་ལས་ཀའི་རྐྱེན་སྲོལ་གཉིས་ཞིང་སྡེ་དར་སྤེལ་གཏོང་རྒྱུ་དང་སྦྲེལ་མཐུད་ནུས་ལྡན་དང་། བརྟན་པོའི་ངང་བར་བརྒལ་ཡོང་བ། ཞིང་སྡེ་འཛུགས་སྐྲུན་བྱ་སྤྱོད་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་སྡེ་བཅོས་སྒྱུར་གྱི་གཙོ་གནད་ལས་འགན་སྐུལ་སྤེལ་བྱེད་པ། ཞིང་སྡེའི་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་རྒྱུན་འཁྱོངས་བྱ་དགོས།

2025ལོར་སླེབས་སྐབས། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་འཕེལ་རྒྱས་ཆེན་པོ་འབྱུང་བ་དང་། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་དེང་རབས་ཅན་དུ་འགྱུར་བའི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ། ཞིང་སྡེའི་འཚོ་བའི་སྒྲིག་བཀོད་རིམ་བཞིན་སྟབས་བདེ་ཅན་དུ་མངོན་འགྱུར་འབྱུང་བ། གྲོང་ཁྱེར་དང་ཞིང་སྡེའི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་ཚད་མངོན་གསལ་སྒོས་ཇེ་མཐོར་འགྲོ་བ། ཞིང་ལས་ཀྱི་རྨང་གཞི་སྔར་ལས་བརྟན་པོ་ཡོང་བ་དང་། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་སྲུང་སྔར་ལས་ནུས་ལྡན་ཡིན་པ། ཞིང་ལས་ཐོན་སྐྱེད་ཀྱི་གྲུབ་ཚུལ་དང་ས་ཁོངས་ཀྱི་བཀོད་པ་མངོན་གསལ་སྒོས་ལེགས་བཅོས་འབྱུང་བ། ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས། འགྲན་རྩོད་ནུས་པ་བཅས་མངོན་གསལ་སྒོས་ཇེ་མཐོར་འགྲོ་བ། དེང་རབས་ཀྱི་ཞིང་སྡེའི་ཐོན་ལས་མ་ལག་གཞི་རྩའི་ཆ་ནས་གྲུབ་པ། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་སྔོན་ལ་ཞིང་ལས་དེང་རབས་ཅན་དུ་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བཅས་བྱ་རྒྱུ་རེད།  དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་། གྲོང་ཁྱེར་དང་ཞིང་སྡེའི་སྡོད་དམངས་ཀྱི་ཡོང་འབབ་ཧེ་བག་མུ་མཐུད་དུ་ཇེ་ཆུང་དུ་འགྲོ་བ།  ཞིང་སྡེའི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལྗང་མདོག་ཅན་དུ་བསྒྱུར་བར་དགེ་མཚན་ལྡན་པའི་འཕེལ་རྒྱས་འབྱུང་བ་དང་། རྫས་ལུད་དང་ཞིང་སྨན་སྤྱོད་ཚད་རྒྱུན་མཐུད་ངང་ཇེ་ཉུང་དུ་གཏོང་བ། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་མངོན་གསལ་འབྱུང་བ།  ཞིང་སྡེ་འཛུགས་སྐྲུན་བྱ་སྤྱོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཞིང་སྡེའི་རྣམ་པར་འགྱུར་ལྡོག་ཆེན་པོ་འབྱུང་བ། ཞིང་སྡེ་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་འགྲོ་བ། ཞིང་སྡེའི་དཔལ་ཡོན་ཆུ་ཚད་མཐོ་རུ་ཕྱིན་པ། ཞིང་སྡེ་འཕེལ་རྒྱས་ཀྱི་བདེ་འཇགས་འགན་སྲུང་སྔར་བས་ནུས་ལྡན་དུ་འགྱུར་བ། ཞིང་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་འགྲོ་སྲིད།

གཉིས།དབུལ་ཐར་མཁྲེགས་གཏོར་སྲ་བརྟན་དང་རྒྱ་བསྐྱེད་པ་མངོན་འགྱུར་བྱས་ཏེ། གྲུབ་འབྲས་དེ་ཞིང་སྡེ་དར་སྤེལ་དང་འབྲེལ་མཐུད་ལེགས་པོ་བྱ་དགོས།

(གསུམ།)འབྲེལ་མཐུད་ཀྱི་བར་བརྒལ་དུས་སྐབས་འཛུགས་དགོས། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་ཚད་ལས་འགན་ཡོངས་འགྲུབ་བྱས་རྗེས། དབུལ་ཕོངས་ལས་ཐར་བའི་ རྫོང་གིས་དབུལ་སྒྲོལ་ཉིན་ནས་བཟུང་ལོ་5ཡི་བར་བརྒལ་དུས་ཡུན་བཀོད་སྒྲིག་བྱས་ནས་ དབུལ་སེལ་ལ་མུ་མཐུད་དུ་རོགས་སྐྱོར་བྱ་དགོས།  བར་བརྒལ་དུས་སྐབས་སུ་ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་པ་མ་ཟད། རེ་རེ་བཞིན་རིགས་དབྱེ་ལེགས་སྒྲིག་དང་། གོམ་སྟབས་དང་།ཤུགས་ཚད། དུས་བཀག་བཅས་ ལུགས་མཐུན་སྒོས་དམ་འཛིན་བྱས་ཏེ། ཐོན་ཁུངས་གཅིག་སྡུད་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་རྒྱབ་སྐྱོར་བྱེད་པ་ནས་ཞིང་སྡེ་དར་སྤེལ་དང་བརྟན་པོའི་ངང་བར་བརྒལ་བྱ་རྒྱུར་རིམ་བཞིན་མངོན་འགྱུར་བྱས་ནས། “ཞིང་གསུམ”ལས་དོན་གྱི་གཙོ་གནད་དེ་ལོ་རྒྱུས་རང་བཞིན་གྱི་སྤོ་བསྒྱུར་ལ་སྐུལ་འདེད་གཏོང་དགོས། སྲིད་ཇུས་ཁག་འཐུས་ཚང་དང་ལེགས་འགྱུར་ཡོང་བའི་བྱེ་བྲག་གི་ལག་བསྟར་བྱེད་ཐབས་འགྲེམ་སྤེལ་བྱེད་པ་དམ་འཛིན་བྱས་ཏེ།  ལས་ཀར་འཐས་ཤོར་དང་་། སྲིད་ཇུས་འཐུས་ཤོར་མི་ཡོང་བར་ཁག་ཐེག་བྱ་དགོས།

(བཞི།)དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་བསྐྱེད་དགོས། ཡང་བསྐྱར་དབུལ་པོར་འགྱུར་བ་བཀག་འགོག་བྱེད་པའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཡང་བསྐྱར་དབུལ་པོར་འགྱུར་སླ་བའི་མི་གྲངས་དུས་ཐོག་ཏུ་ཤེས་རྟོགས་དང་དུས་ཐོག་ཏུ་རོགས་སྐྱོར། གཞི་ཁྱོན་ལྡན་པའི་དབུལ་ཕོངས་བསྐྱར་ལོག་བཀག་འགོག་བྱེད་པའི་གཞི་ཐིག་བརྟན་སྲུང་བཅས་བྱེད་དགོས། གཅིག་སྡུད་བཀོད་སྒྲིག་ཁུལ་ཆེ་འབྲིང་གཙོ་གནད་དུ་བྱས་ཏེ་ཡུལ་གཞན་དུ་གནས་སྤོར་བྱས་པའི་རྗེས་མཐུད་རོགས་སྐྱོར་ལས་དོན་ཏན་ཏིག་ངང་སྤེལ་བ་དང་། ལས་ཞུགས་དང་ཐོན་ལས་རོགས་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ། བཀོད་སྒྲིག་ཁུལ་གྱི་ཆ་ཚང་རྨང་གཞིའི་སྒྲིག་བཀོད་དང་།ཐོན་ལས་གླིང་ཁུལ་གྱི་ཆ་ཚང་སྒྲིག་བཀོད། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་བཅས་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་སྡོད་ཁུལ་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། དབུལ་སྐྱོར་ལས་གཞིའི་རྒྱུ་ནོར་ལ་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།

(ལྔ།)དབུལ་ཐར་ས་ཁུལ་གྱི་ཞིང་སྡེ་དར་སྤེལ་གཏོང་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། དབུལ་ཐར་ས་ཁུལ་གྱི་ཁྱད་ལྡན་འདེབས་གསོའི་ལས་རིགས་ཀྱི་རིམ་སྤོར་བྱ་སྤྱོད་ལག་བསྟར་བྱེད་པ་དང་། ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་བྱ་འགུལ་ཡོངས་ཁྱབ་ཏུ་སྤེལ་བ། འཛད་སྤྱོད་ལ་རོགས་སྐྱོར་བྱེད་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྒྲིག་འཛུགས་ཡོད་པའི་སྒོ་ནས་ངལ་ལས་ཕྱིར་གཏོང་གི་ལས་དོན་རྒྱུན་མཐུད་ངང་ལེགས་པར་བསྒྲུབ་དགོས། སྤྱི་ཕན་ལས་རྐང་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་ཡག་པོ་བྱས་ནས་ཆ་རྐྱེན་འཛོམས་པའི་ལས་ཞུགས་དཀའ་ཁག་མི་སྣར་ལས་ཞུགས་རོགས་སྐྱོར་བྱ་དགོས། ཞིང་ལས་དང་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་སུ་རྒུད་གསབ་ལས་སྤྲོད་བྱེད་སྟངས་ཁྱབ་སྤེལ་བཏང་སྟེ་དབུལ་ཐར་མི་གྲངས་དང་ཡོང་འབབ་དམའ་བའི་མི་གྲངས་སྔར་ལས་མང་པོ་ཞིག་རང་ས་གནས་དང་ཐག་ཉེ་སར་ལས་ཞུགས་བྱེད་པར་བསྡུ་ལེན་བྱ་དགོས། དབུལ་ཐར་ས་ཁུལ་དུ་ས་ཁོངས་རང་བཞིན་དང་ས་ཁོངས་ལས་བརྒལ་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་བཟོ་སྐྲུན་གལ་ཆེན་ཁག་ཅིག་གཙོ་གནད་དུ་བཟུང་ནས་འཛུགས་སྐྲུན་བྱ་དགོས། དབུལ་ཐར་རྫོང་གི་ཞིང་སྡེ་དར་སྤེལ་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ནུབ་རྒྱུད་ས་ཁུལ་གྱི་དབུལ་ཐར་རྫོང་དུ་རྒྱལ་ཁབ་ཀྱི་ཞིང་སྡེ་དར་སྤེལ་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ཁག་ཅིག་གཏན་ཁེལ་བྱས་ནས་གཅིག་བསྡུས་ཀྱིས་རྒྱབ་སྐྱོར་བྱེད་དུ་འཇུག་དགོས། ས་གནས་ཁག་གིས་དབུལ་ཐར་རྫོང་ཁག་ཅིག་རང་མོས་ཀྱིས་བདམས་ནས་ཞིང་སྡེ་དར་སྤེལ་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་དུ་འཇོག་པར་རྒྱབ་སྐྱོར་བྱ་དགོས། ཤར་ནུབ་རོགས་ལས་དང་། ཁ་གཏད་རོགས་སྐྱོར། སྤྱི་ཚོགས་ཀྱི་སྟོབས་ཤུགས་རོགས་སྐྱོར་ལ་ཞུགས་པ་སོགས་ཀྱི་རྐྱེན་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས།

(དྲུག)ཞིང་སྡེའི་ཡོང་འབབ་དམའ་བའི་མི་གྲངས་རྒྱུན་རྣམ་ཅན་དུ་འགྱུར་བའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་སྡེའི་ཡོང་འབབ་དམའ་བའི་མི་གྲངས་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་། རིམ་པ་དང་རིགས་བགོས་ནས་རོགས་སྐྱོར་བྱ་དགོས། ངལ་རྩོལ་ནུས་ཤུགས་ལྡན་པའི་ཞིང་སྡེའི་ཡོང་འབབ་དམའ་བའི་མི་གྲངས་ལ་གསར་སྤེལ་རྣམ་པའི་ཐོག་ནས་རོགས་སྐྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁོ་ཚོའི་ནང་གནས་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་རོགས་དང་། ཐོན་ལས་འཕེལ་རྒྱས་གཏོང་རོགས། ལས་ཞུགས་ལ་རོགས་སྐྱོར།  ལག་ཟུང་ལ་བརྟེན་ནས་ལས་བརྩོན་ཕྱུག་འགྱུར་བཅས་བྱེད་དགོས། དབུལ་ཐར་མི་གྲངས་ཁྲོད་ངལ་རྩོལ་ནུས་པ་མེད་པ་མ་ཟད་ཐོན་ལས་ལས་ཞུགས་ལ་བརྟེན་ནས་ཡོང་འབབ་བརྟན་པོ་ཡོང་ཐབས་མེད་པའི་མི་གྲངས་ལ། ད་ཡོད་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་རྨང་གཞིར་བྱས་ནས་གཏན་འབེབས་ལྟར་ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་དང་ཡང་ན་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་དང་བསྙེན་བཀུར་བྱེད་པའི་ཁྱབ་ཁོངས་ནང་འཇུག་དགོས་པ་མ་ཟད། དཀའ་ངལ་ཡོད་པའི་རིགས་ལ་གཞིགས་ནས་དུས་ཐོག་ཏུ་ཆེད་དོན་རོགས་སྐྱོབ་དང་གནས་སྐབས་རོགས་སྐྱོབ་བྱ་དགོས།

གསུམ། ཞིང་ལས་དེང་རབས་ཅན་དུ་འགྱུར་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས།

(བདུན།)འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་ཏན་ཏིག་གིས་འཁུར་བ་དང་། འབྲུ་རིགས་བདེ་འཇགས་དང་ཏང་སྲིད་འགན་འཁྲི་གཅིག་མཚུངས་ལག་བསྟར་བྱེད་དགོས། ཞིང་ལས་ཐོན་རྫས་གལ་ཆེན་འགན་སྲུང་བྱེད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་།འབྲུ་རིགས་བདེ་འཇགས་ལ་ཧྲིན་ཀྲང་གིས་འགན་འཁུར་བའི་ལམ་ལུགས་དང་“ ཚོད་སླེ”ལ་གྲོང་ཁྱེར་འགོ་གཙོས་འགན་འཁུར་བའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། འབྲུ་རིགས་དང་། སྲིང་བལ། སྣུམ། མངར་ཆ། ཤ་སོགས་མཁོ་སྤྲོད་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”རིང་ལ་ཞིང་ཆེན་(རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་)ཁག་གིས་འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བ་དང་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཐོན་ལས་ཁུལ་འཛུགས་སྐྲུན་བྱ་དགོས། འབྲུ་འདེབས་ཞིང་པའི་ཁ་གསབ་ཇེ་བརྟན་དུ་བཏང་ནས་འབྲུ་འདེབས་ལ་ལུགས་མཐུན་གྱི་ཕན་འབྲས་ཐོན་པར་བྱ་དགོས། འབྲས་དང་གྲོ་ཉོ་སྒྲུབ་བྱེད་པའི་རིན་གོང་དམའ་ཤོས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་བྱེད་མཁན་ལ་ཁ་གསབ་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ས་བོན་གྱི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བ། སྤུས་ཚད་ཇེ་མཐོར་གཏོང་བ། ཚོང་རྟགས་གྲགས་ཅན་གཏོད་པ། ཚད་གཞི་ཅན་དུ་འགྱུར་བའི་ཐོན་སྐྱེད་བཅས་ལ་སྐུལ་འདེད་གཏོང་དགོས།  མ་རྨོས་ལོ་ཏོག་སོགས་སྤུས་ལེགས་གཟན་རྩྭ་དང་གཟན་ཆས་འཕེལ་རྒྱས་གཏོང་བར་བསྔགས་སྐུལ་དང་། སྲན་ཆེན་ཐོན་སྐྱེད་བརྟན་འཇགས་སུ་གཏོང་བ། ཐབས་མང་མཉམ་སྤྱོད་ཀྱིས་ལོག་དཀར་དང་བ་དམ་སོགས་སྣུམ་རིགས་ལོ་ཏོག་འཕེལ་རྒྱས་གཏོང་དགོས། འབྲུ་ཐོན་རྫོང་ཆེན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། འབྲས་དང་། གྲོ །མ་རྨོས་ལོ་ཏོག་བཅས་འབྲུ་རིགས་ལོ་ཏོག་ཆེ་གྲས་གསུམ་གྱི་མ་རྩ་ཆ་ཚང་འགན་བཅོལ་དང་ཡོང་འབབ་འགན་བཅོལ་གྱི་ཚོད་ལྟའི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ་དང་།ཆ་རྐྱེན་འཛོམས་པའི་ཞིང་ཆེན་གྱིས་འབྲུ་རིགས་ཐོན་ཁུལ་རྫོང་ཆེན་གྱི་འབྲུ་རིགས་ལོ་ཏོག་ཆེ་གྲས་གསུམ་གྱི་ཞིང་ལས་འགན་བཅོལ་གྲོན་དངུལ་རྫོང་རིམ་པའི་ཁ་གསབ་བསྡུར་ཚད་ཇེ་དམའ་རུ་གཏོང་བར་རྒྱབ་སྐྱོར་བྱ་དགོས། འབྲུ་རིགས་སྤུས་དག་གི་བཟོ་སྐྲུན་གཏིང་ཟབ་ཏུ་སྐུལ་སྤེལ་བྱེད་དགོས། དེང་རབས་ཀྱི་གསོ་སྤེལ་མ་ལག་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་བ་དང་། ཕག་གསོའི་རྨང་གཞིའི་ཐོན་ནུས་སྲུང་སྐྱོབ་བྱེད་པ། ཕག་གསོའི་ཐོན་ལས་བརྟན་ཞིང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་བའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ནོར་ལུག་ཐོན་ལས་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ། འོ་མའི་ལས་རིགས་དར་སྤེལ་གཏོང་བའི་བྱ་སྤྱོད་མུ་མཐུད་དུ་ལག་བསྟར་བྱེད་པ། ཆུ་ཐོན་དངོས་རྫས་ལྷད་མེད་སྐྱོན་བྲལ་ངང་གསོ་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། ཉ་ལས་གྲུ་ཁ་འཛུགས་སྐྲུན་དང་དོ་དམ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས། ཤིང་རྒྱུད་འབྲུ་སྣུམ་དང་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་དགོས། ཞིང་ལས་ཐོན་རྫས་ཉོ་ཚོང་གི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ནང་འདྲེན་སྣ་མང་ཅན་གྱི་འཐབ་ཇུས་ལག་བསྟར་བྱེད་པ། ཁེ་ལས་གོ་ལ་ཧྲིལ་པོའི་ཞིང་ལས་ཐོན་རྫས་མཁོ་སྤྲོད་འབྲེལ་ཐག་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པ། ཞིང་ལས་ཐོན་རྫས་གལ་ཆེན་ལྐོག་འདྲེན་བྱེད་པར་རྡུང་རྡེག་གཏོང་བའི་བཙན་གནོན་རྣམ་པ་སྲུང་འཛིན་བྱ་དགོས། འགག་སྒོའི་རིམས་ནད་ཞིབ་བཤེར་དང་ཕྱི་ནས་བཙན་འཛུལ་བྱས་པའི་དངོས་རིགས་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲུ་རིགས་གྲོན་ཆུང་གི་བྱ་སྤྱོད་སྤེལ་ནས་ཐོན་སྐྱེད་དང་། ལས་སྣོན། གསོག་འཇོག འཛད་སྤྱོད་བཅས་གོ་རིམ་ཁྲོད་འབྲུ་རིགས་ཟད་གྲོན་དང་འཕྲོ་བརླག་འགྲོ་ཚད་ཇེ་ཉུང་དུ་གཏོང་དགོས།

(བརྒྱད།  )འདེབས་འཛུགས་ལས་རིགས་གོང་དུ་སྤེལ་བར་སྐུལ་འདེད་གཏོང་དགོས།   ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་ས་བོན་ནི་རྨང་གཞི་ཡིན།   ཞིང་ལས་ཀྱི་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།   ཐེངས་གསུམ་པའི་ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་དང་།   ཕྱུགས་རིགས་དང་བྱ་རིགས་ཀྱི་སོན་རྒྱུའི་ཐོན་ཁུངས་བརྟག་དཔྱད་དང་བསྡུ་རུབ་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ།   རྒྱལ་ཁབ་ཀྱི་སྐྱེ་དངོས་དང་སྒོ་ཕྱུགས་དང་ཁྱིམ་བྱ།   རྒྱ་མཚོའི་ཉ་ལས་བཅས་ཀྱི་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།   འདེབས་གསོའི་རྨང་གཞིའི་རང་བཞིན་གྱི་ཞིབ་འཇུག་དང་དེ་མིན་གཙོ་གནད་འདེབས་གསོའི་རྣམ་གྲངས་ལ་ཡུན་རིང་རྒྱབ་སྐྱོར་བརྟན་པོ་བྱ་དགོས།   ཞིང་ལས་ཀྱི་སྐྱེ་དངོས་འདེབས་གསོ་བྱེད་པའི་ཚན་རྩལ་རྣམ་གྲངས་གལ་ཆེན་ལག་བསྟར་གང་མགྱོགས་བྱ་དགོས།   ཞིང་ལས་སྐྱེ་དངོས་དང་ཕྱུགས་བྱའི་སོན་བཟང་མཉམ་འབྲེལ་མཁྲེགས་གཏོར་གཏིང་ཟབ་བྱ་དགོས།   སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ལེགས་སྒྱུར་འཆར་གཞི་དང་དེང་རབས་ས་བོན་ལས་རིགས་མཐོར་འདེགས་ལས་གཞི་གསར་པ་ལག་བསྟར་བྱེད་དགོས།   ཚན་རིག་ལ་བརྩི་འཇོག་དང་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ།   སྐྱེ་དངོས་འདེབས་གསོ་ཐོན་ལས་ཅན་དུ་འགྱུར་བར་གོ་རིམ་ལྡན་པའི་སྒོ་ནས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱ་དགོས།   འདེབས་གསོའི་ཁྱབ་ཁོངས་ཀྱི་ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།   འདེབས་འཛུགས་ལས་རིགས་ཀྱི་ཁེ་ལས་གཙོ་བོས་ཚོང་ལས་ཅན་གྱི་འདེབས་གསོའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས།   ནན་ཧྥན་ཀུའེ་ཀུའུ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་དང་།   འདེབས་གསོའི་རྟེན་གཞི་དང་སོན་བཟང་གསོ་སྤེལ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ།   གལ་ཆེའི་སོན་སྣ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བཏང་རྗེས་ཀྱི་ཁ་གསབ་སྲིད་ཇུས་ཞིབ་འཇུག་བཅས་བྱས་ཏེ་གསོ་སྤེལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

(དགུ།  )རྨོ་ཞིང་མུའུ་དུང་ཕྱུར་བཅོ་བརྒྱད་ཀྱི་དམར་ཐིག་བརྟན་སྲུང་མཐའ་གཅིག་ཏུ་བྱ་དགོས།   སྐྱེ་ཁམས་དང་ཞིང་ལས།   མཁར་གྲོང་སོགས་ཀྱི་བྱེད་ནུས་ལྡན་པའི་བར་སྟོང་གཅིག་གྱུར་གྱིས་བཀོད་སྒྲིག་དང་།   ཚན་རིག་དང་མཐུན་པར་བར་སྟོང་སྣ་ཚོགས་ཀྱི་དོ་དམ་དང་ཚོད་འཛིན་མཐའ་མཚམས་དབྱེ་འབྱེད་བྱས་ཏེ།   ས་ཞིང་སྤྱོད་སྒོ་རྩིས་སྤྲོད་དོ་དམ་ལག་བསྟར་ནན་མོ་བྱ་དགོས། བྱེད་ཐབས་ནན་མོ་སྤྱད་དེ་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་བྱ་དགོས། སྒྲིག་འགལ་ངང་རྨོ་ཞིང་བདག་འཛིན་དང་རང་བྱུང་གི་ཆོས་ཉིད་དང་འགལ་ནས་ལྗང་བསྒྱུར་ནགས་བསྐྲུན་དང་མཚེའུ་སྔོག་ལྗོངས་སྐྲུན་རིགས་གཏན་འགོག་བྱེད་དགོས་པ་དང་། ཞིང་ལས་མ་ཡིན་པའི་འཛུགས་སྐྲུན་གྱིས་རྨོ་ཞིང་བདག་བཟུང་བྱེད་པའི་རིགས་ལ་ཚོད་འཛིན་ནན་མོ་བྱེད་དགོས་ལ། ཞིང་སྡེ་རུ་རྨོ་ཞིང་གང་བྱུང་དུ་བདག་བཟུང་བྱས་ནས་སྡོད་ཁང་འཛུགས་སྐྲུན་གྱི་ཆེད་དོན་བཅོས་སྐྱོང་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས། རྨོ་ཞིང“ཞིང་ལས་ཐད་བཀོལ་སྤྱོད་མི་བྱེད་པ”བཀག་སྡོམ་དང“འབྲུ་རིགས་མི་འདེབས་པར”མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། རྨོ་ཞིང་བེད་སྤྱོད་བྱེད་པའི་དམིགས་བསལ་གྱི་གོ་རིམ་གསལ་བོ་བྱས་ཏེ་གཏན་འཇགས་གཞི་རྩའི་ཞིང་ས་གཙོ་བོ་འབྲུ་རིགས་དང་ལྷག་པར་དུ་བཟའ་འབྲུ་ཐོན་སྐྱེད་ཐད་སྤྱོད་པ་དང་། སྤྱིར་བཏང་གི་རྨོ་ཞིང་དག་གཙོ་བོ་འབྲུ་རིགས་དང་སྲིང་བལ། སྣུམ། ཀ་ར། སྔོ་ཚོད་སོགས་ཞིང་ལས་ཐོན་རྫས་དང་གཟན་རྩྭ་གཟན་ཆས་ཐོན་སྐྱེད་བྱེད་པའི་ཐད་སྤྱོད་དགོས། རྨོ་ཞིང་དང་གཏན་འཇགས་གཞི་རྩའི་ཞིང་སའི་དོ་དམ་དམིགས་ཚད་དང་བཀག་སྡོམ་བྱེད་ཚད་མི་འདྲ་བ་ཁ་གསལ་བཟོ་བ་དང་། རྨོ་ཞིང་ནགས་ས་དང་ལྡུམ་རར་བསྒྱུར་བ་སོགས་ཀྱི་གཞན་པའི་བེད་སྤྱོད་ལ་ཚོད་འཛིན་ནན་མོ་བྱེད་པ། ས་ཞིང་འཁོར་རྒྱུག་གི་སྤྱོད་སྒོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྨོ་ཞིང་གི་གྲངས་འབོར་ཇེ་ཉུང་དུ་མི་འགྲོ་བ་དང་སྤུས་ཀ་ཇེ་ལེགས་སུ་འགྲོ་བར་ཁག་ཐེག་བྱ་དགོས། རེས་སྐོར་གསར་པའི་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་འཆར་འགོད་ལག་བསྟར་བྱེད་པ་དང་། འཛུགས་སྐྲུན་གྱི་ཚད་གཞི་དང་སྤུས་ཀ་ཇེ་ལེགས་སུ་གཏོང་བ། དོ་དམ་སྲུང་སྐྱོབ་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཐབས་ལམ་མང་པོར་བརྟེན་ནས་འཛུགས་སྐྲུན་གྱི་མ་དངུལ་གྲབས་གསོག་བཅས་བྱས་ཏེ་ཀྲུང་དབྱང་དང་ས་གནས་ཀྱིས་ཐུན་མོང་ཐོག་འབྲུ་རིགས་གཙོ་ཐོན་ས་ཁུལ་གྱི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་པར་མ་དངུལ་འཇོག་གྲངས་ཇེ་མང་དུ་གཏོང་རྒྱུ་དང་།  2021ལོར་ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཁག་ཐེག་དང་ཐོན་ཚད་མཐོ་ཞིང་བརྟན་ལ་ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར་གཅིག་འཛུགས་སྐྲུན་བྱ་རྒྱུ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ཁྲོད་ཁ་སྣོན་བྱས་པའི་རྨོ་ཞིང་དེ་བཟུང་གསབ་དོ་སྙོམས་དང་རྨོ་ཞིང་ཁ་གསབ་ཀྱི་དམིགས་ཚད་དུ་བརྩིས་ནས་ཞིང་ཆེན་ནང་ཁུལ་དུ་སྙོམ་སྒྲིག་བྱས་ཏེ། དེའི་ཡོང་འབབ་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་ཐད་སྤྱོད་དགོས། འཛུགས་སྐྲུན་བདག་བཟུང་གི་རྨོ་ཞིང་བཟུང་གསབ་དོ་མཉམ་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་བཅོས་བྱེད་དགོས་ལ། གསར་བསྣན་རྨོ་ཞིང་གི་ཞིབ་དཔྱད་གཏན་འཁེལ་དང་ལྟ་སྐུལ་དོ་དམ་ལ་གཟབ་ནན་བྱེད་དགོས། རྨོ་ཞིང་གི་གྲངས་འབོར་དང་སྤུས་ཚད་ལ་ལྟ་ཞིབ་དང་དོ་དམ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོབ་ཀྱི་ལྟ་ཞིབ་དང་ཁྲིམས་བསྟར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།  “ལོ་ལྔའི་འཆར་འགོད་བཅུ་གསུམ་པ”རིང་གི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོབ་འགན་འཁྲིའི་དམིགས་ཚད་ལ་ཞིབ་དཔྱད་བྱེད་དགོས།

(བཅུ)དེང་རབས་ཞིང་ལས་ཚན་རྩལ་དང་དངོས་པོའི་སྒྲིག་ཆས་ཀྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་དགོས། ཆུ་འདྲེན་ཞིང་ས་ཆེ་འབྲིང་ས་ཁུལ་དུ་མུ་མཐུད་དུ་སྒྲིག་ཆས་དང་དེང་རབས་ཅན་གྱི་བསྒྱུར་བཀོད་ལག་བསྟར་བྱེད་དགོས།  2025ལོར་བསླེབ་དུས་ད་ཡོད་ཀྱི་ཉེན་ཡོད་ཆུ་མཛོད་ཚང་མའི་ཉེན་སེལ་བརྟན་བཟོ་ལེགས་འགྲུབ་བྱེད་དགོས། ཞིང་ལས་ཚན་རྩལ་རང་སྟོབས་རང་སྤེལ་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ལས་ཚན་རྩལ་ཁྱབ་ཁོངས་ཀྱི་རྨང་གཞི་ཞིབ་འཇུག་རྒྱབ་སྐྱོར་ནང་རྐྱེན་བརྟན་བརླིང་གིས་འཐུས་ཚང་དུ་གཏོང་བ། ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། གསར་གཏོད་རྟེན་གཞིའི་སྟེགས་བུ་འཛུགས་སྐྲུན་ལ་བཀོད་སྒྲིག་བྱེད་དགོས། ཞིང་སྡེ་དར་སྤེལ་གྱི་ཚན་རྩལ་འདེགས་སྐྱོར་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་དགོས། མཐོ་རིམ་སློབ་གྲྭས་ཞིང་སྡེ་དར་སྤེལ་ལ་བློ་གྲོས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཚན་རྩལ་གྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུ་མ་ལག་འཛུགས་པར་ཤུགས་སྣོན་པ་དང་། ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། རྒྱལ་ཁབ་ཀྱི་གནས་བརྡ་དྲོད་པའི་ས་ཁུལ་གྱི་ཞིང་ལས་ལྟེ་གནས་འཛུགས་སྐྲུན་བྱེད་དགོས། ཞིང་ལས་འཕྲུལ་ཆས་རང་བདག་གསར་བཟོ་ནུས་པ་མཐོར་འདེགས་སུ་བཏང་ནས། ཚད་མཐོའི་རིག་ནུས་ལ་རྒྱབ་སྐྱོར་དང་། རི་ཁུལ་གྱི་ཞིང་ལས་འཕྲུལ་ཆས་ཞིབ་འཇུག་གསར་གཏོད་གསར་བཟོ་ལ་རྒྱབ་སྐྱོར་བྱེད་དགོས་ཤིང་། མངགས་ཉོ་ཁ་གསབ་བྱེད་ཤུགས་ཆེར་བསྐྱེད་དེ། ཞིང་ལས་འཕྲུལ་ཆས་ལས་སྒྲུབ་ཁ་གསབ་བྱེད་དགོས། སྲོག་ཆགས་རིམས་འགོག་དང་ཞིང་ལས་སྐྱེ་དངོས་ནད་འབུའི་གནོད་འཚེ་འགོག་བཅོས་མ་ལག་འཛུགས་སྐྲུན་ཤུགས་དྲག་ཏུ་བཏང་ནས་སྔོན་འགོག་ཚོད་འཛིན་ནུས་པ་མཐོར་འདེགས་སུ་གཏོང་དགོས།

(བཅུ་གཅིག)དེང་རབས་ཞིང་སྡེའི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་དགོས། ཞིང་སྡེའི་ཁྱད་ཆོས་ཀྱི་ཐོན་ཁུངས་ཁྱད་སྟོབས་ལ་བརྟེན་ནས། ཞིང་ལས་ཀྱི་ཁྱོན་ཡོངས་ཐོན་ལས་འབྲེལ་ཐག་སྐྲུན་པ་དང་། ཐོན་ལས་འབྲེལ་ཐག་གི་གཙོ་གཞི་རྫོང་མཁར་དུ་བཞག་ནས། ཞིང་བ་སྔར་ལས་མང་པོར་ཐོན་ལས་ཡོང་སྒོ་འཕར་བའི་རིན་ཐང་མཉམ་སྤྱོད་བྱེད་དུ་འཇུག་དགོས། དེང་རབས་ཞིང་ལས་ཀྱི་ཁྱོན་ཡོངས་ཐོན་ལས་འབྲེལ་ཐག་ཚད་གཞི་མ་ལག་མྱུར་ཏུ་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་། རྣམ་པ་གསར་པའི་ཞིང་ལས་གཉེར་སྐྱོང་གཙོ་གཞིས་ཚད་གཞི་ལྟར་ཐོན་སྐྱེད་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་ལས་སྣེ་འདྲེན་ཁེ་ལས་ཀྱི་ཚད་ལྡན“སྣེ་ཁྲིད་པ”གསོ་སྐྱོང་བྱེད་དགོས། རྫོང་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཐོན་ཁུལ་ནས་ཐོག་མའི་ལས་སྣོན་དང་སྤུས་ལེགས་ལས་སྣོན་བཀོད་སྒྲིག་ལ་རྐང་བཙུགས་ཏེ། དེང་རབས་ཞིང་ལས་ཐོན་ལས་གླིང་དང་ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ། ཁྱད་ལྡན་ཁྱད་སྟོབས་ཐོན་ལས་ཚོགས་པ་བཅས་འཛུགས་སྐྲུན་བྱེད་དགོས། སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཐོན་རྫས་ཁྲོམ་ར་དང་ཞིང་ལས་ཐོན་རྫས་འཁོར་རྒྱུག་རྐང་འཛིན་དྲ་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།  ཁམས་གསེང་ཞིང་ལས་དང་ཞིང་སྡེའི་ཡུལ་སྐོར་སྤུས་ལེགས་ཐོན་རྫས་ལམ་ཐིག་གསར་སྤེལ་བྱས་ཏེ་སྒྲིག་ཆས་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་དང་ཚན་རྩལ་དཔེ་སྟོན་གླིང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་དེང་རབས་ཅན་དཔེ་སྟོན་ས་ཁུལ་དེ་ཞིང་ལས་དེང་རབས་ཅན་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བཟུང་སྟེ། ཞིང་ལས་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག ཚོང་གཉེར་མ་ལག་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་བཅས་ལ་དམིགས་ནས། དམིགས་ཚད་མ་ལག་འཛུགས་སྐྲུན་བྱེད་པ་དང་། ཐོན་ཁུངས་ཧྲིལ་བསྡུས་དང་སྲིད་ཇུས་ཕྱོགས་བསྡུས་ལ་ཤུགས་བསྣན་ནས་རྫོང་རེ་སྡེ་ཚན་རེ་བྱས་ཏེ་གསར་སྐྲུན་བྱེད་དགོས་པ་དང་།  2025ལོར་བསླེབ་དུས་དཔེ་སྟོན་ས་ཁུལ་ལྔ་བརྒྱ་ཡས་མས་ཤིག་འཛུགས་སྐྲུན་བྱས་ཏེ་སྐས་རིམ་ལྡན་པའི་ཞིང་ལས་དེང་རབས་ཅན་གྱི་གནས་སྟངས་ཆགས་པར་སྐུལ་འདེད་གཏོང་དགོས། དེང་རབས་ཀྱི་ནགས་ལས་ཐོན་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་དགོས།  “ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་རྒྱས་སུ་གཏོང་བའི”འགུལ་སྐྱོད་སྤེལ་བར་རྩ་འཛུགས་བྱེད་དགོས། ཁྱོན་ཡོངས་ནས་ཐོན་ལས་འབྲེལ་ཐག་གི་རིན་ཐང་མཚོན་པའི་ཞིང་ལས་དང་འབྲེལ་ཡོད་ཐོན་ལས་ཀྱི་བསྡོམས་རྩིས་དང་ཞིབ་རྩིས་ལ་བརྟན་བརླིང་གིས་སྐུལ་འདེད་གཏོང་དགོས།

(བཅུ་གཉིས)ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་ས་ནག་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་དང་། སྲུང་སྐྱོབ་རང་བཞིན་གྱི་རྨོ་འདེབས་རྣམ་པ་ཁྱབ་སྤེལ་གཏོང་དགོས། རྨོ་ཞིང་རེས་འཁོར་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ལུད་རྫས་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེ་བར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ཞིང་ལས་སྐྱེ་དངོས་ཀྱི་ནད་འབུས་གནོད་འཚེ་ལ་བཀག་སྡོམ་བྱས་ཏེ་ཐོན་རྫས་དང་ལག་རྩལ་རྒྱ་ཁྱབ་ཏུ་སྤེལ་དགོས། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་ཀྱི་ལུད་རྫས་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལ་ཤུགས་སྣོན་བྱེད་དགོས། ཕྱོགས་ཡོངས་ནས་སོག་མའི་ཕྱོགས་བསྡུས་བེད་སྤྱོད་དང་ཞིང་སྤྱོད་འགྱིག་ཤོག ཞིང་སྨན་ཐུམ་རྒྱག་དངོས་པོ་བཅས་ཀྱི་ཕྱིར་སྡུད་འགུལ་སྐྱོད་སྤེལ་ནས། གནོད་མེད་ཞིང་སྤྱོད་འགྱིག་ཤོག་ཞིབ་འཇུག་གསར་སྤེལ་རྒྱ་ཁྱབ་ཏུ་སྤེལ་བར་ཤུགས་སྣོན་དགོས། འབྲི་ཆུའི་དཔལ་འབྱོར་རྒྱུད་དང་རྨ་ཆུའི་འབབ་རྒྱུད་དུ་ཞིང་ལས་ས་ཁོངས་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་དཔེ་སྟོན་རྫོང་སྐོར་ཞིག་འཛུགས་སྐྲུན་བྱེད་དགོས། རྒྱལ་ཁབ་ཀྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་སྐྱོད་ས་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་ཟས་རིགས་བདེ་འཇགས་ལྟ་སྐུལ་ལ་ཤུགས་བསྣན་ཏེ། ལྗང་མདོག་ཞིང་ལས་ཐོན་རྫས་དང་སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་ཁམས་རྟགས་མཚན་གྱི་ཞིང་ལས་ཐོན་རྫས་བཅས་འཕེལ་རྒྱས་སུ་གཏོང་དགོས།  ཟས་སྤྱོད་ཞིང་ལས་ཐོན་རྫས་ཚད་ལོན་དཔང་རྟགས་ཀྱི་ཚོད་ལྟའི་ལམ་ལུགས་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་རྫོང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།  ཆུ་གནས་སྐྱེ་དངོས་ཐོན་ཁུངས་བདག་སྐྱོང་ལ་ཤུགས་སྣོན་པ་དང་། འབྲི་ཆུ་གཙོ་གནད་ཡིན་པའི་ཉ་རིགས་འཛིན་པའི་སྲིད་ཇུས་ཁྲིམས་བསྟར་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་དང་། ལོ་བཅུའི་ཀླུང་རྒྱ་བསྡམས་པའི་བཀའ་རྒྱ་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས་པ་དང་། ཉ་པ་རྣམས་བཀོད་སྒྲིག་བྱེད་པའི་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་དགོས། ཆུ་གྲོན་ཆུང་གི་ཞིང་ལས་དང་སྐྱ་འདེབས་ཞིང་ལས་གཉིས་འཕེལ་རྒྱས་གཏོང་དགོས། བྱེ་ཐང་ཅན་དང་རྡོ་སེག་ཅན། རི་ཞིང་གི་ས་གཤིས་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་དང་། གཤིན་ས་སྦགས་བཙོག་འགོག་བཅོས། གཙོ་གནད་ས་ཁུལ་གྱི་ས་འོག་ཆུ་སྲུང་སྐྱོབ་དང་ཚད་བརྒལ་སྔོག་འདོན་བཅོས་སྐྱོང་བཅས་ལ་སྐུལ་འདེད་གཏོང་དགོས། ཆུའི་མ་ལག་འབྲེལ་མཐུད་དང་ཞིང་སྡེའི་ཆུ་ལག་ཕྱོགས་བསྡུས་བཅོས་སྒྲིག་ལག་བསྟར་བྱས་ནས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལ་ཤུགས་སྣོན་དགོས། རྨོ་བསྐྱུར་ནགས་སྐྲུན་དང་རྩྭ་འདེབས་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། སྲིད་ཇུས་འཐུས་ཚང་དང་གོ་རིམ་ལྡན་པར་སྐུལ་འདེད་གཏོང་དགོས། ནགས་དཔོན་ལམ་ལུགས་ལག་བསྟར་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་གཞི་རྒྱ་ཆེ་བའི་ས་ཁོངས་ལྗང་སྒྱུར་འགུལ་སྐྱོད་སྤེལ་དགོས། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། རྩྭ་ཐང་དུ་ཕྱུགས་འགོག་དང་འཚོ་རེས། རྩྭ་བསྙལ་བཅས་ཁྱོན་ཡོངས་ནས་སྤེལ་བ་དང་། རྩྭ་ཐང་གི་ཨ་བྲའི་གནོད་འཚེ་འགོག་བཅོས་ལ་ཤུགས་བསྣན་ནས། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་བརྟན་བརླིང་ངང་སླར་གསོ་བྱེད་དགོས།

(བཅུ་གསུམ)དེང་རབས་ཞིང་ལས་ཀྱི་ཚོང་གཉེར་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཁྱིམ་ཚང་ཞིང་ར་དང་ཞིང་བའི་མཉམ་ལས་ཁང་གཉེར་སྐྱོང་གཙོ་གཞི་རིགས་གཉིས་དམིགས་སུ་བཀར་ནས་དམ་འཛིན་བཟང་པོ་བྱས་ཏེ།   རྣམ་པ་སྣ་མང་ཅན་དང་གཞི་ཁྱོན་འོས་འཚམ་སྒོས་གཉེར་སྐྱོང་འཕེལ་རྒྱས་ལ་སྐུལ་ལྕག་གནང་དགོས། ཁྱིམ་ཚང་གི་ཞིང་ར་གསོ་སྤེལ་འཆར་གཞི་ལག་བསྟར་བྱས་ནས་ཞིང་ལས་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་ཁྱིམ་ཚང་རྣམས་ཀྱིས་གསོན་ཤུགས་ལྡན་པའི་ཁྱིམ་ཚང་གི་ཞིང་ར་གསོ་སྐྱོང་བྱེད་དགོས། ཞིང་བའི་མཉམ་ལས་ཁང་གི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། འཁོར་རྒྱུག་ཚད་ལྡན་ཡིན་པའི་ཞིང་བའི་མཉམ་ལས་ཁང་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ཆེད་ལས་ཅན་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་རྩ་འཛུགས་འཕེལ་རྒྱས་དང་རྒྱ་བསྐྱེད་ནས་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཐོན་རྫས་དང་རྒྱུ་ཆ། ལག་རྩལ། སྒྲིག་ཆས་བཅས་ཞིང་བ་ཁྱིམ་ཚང་དུ་སྐྱེལ་དགོས། ཚོང་རའི་གྲུབ་ཆ་གཙོ་བོ་ཡིས་ས་ཁོངས་རང་བཞིན་གྱི་ཞིང་ལས་ཐོན་ལས་འབྲེལ་ཐག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དག་གསར་གཏོད་འཕེལ་རྒྱས་དང་རྒྱ་ཆེ་ཞིང་སྟོབས་ལྡན་དུ་འགྱུར་བར་རྒྱབ་སྐྱོར་བྱེད་དགོས། མཁོ་འཚོང་མཉམ་ལས་ཁང་ཕྱོགས་བསྡུས་ཀྱིས་བཅོས་བསྒྱུར་གཏིང་ཟབ་དུ་བཏང་ནས། ཐོན་སྐྱེད་དང་མཁོ་ཚོང། ཡིད་རྟོན་བཅས“ཕྱོགས་གསུམ་གཞི་གཅིག”གི་ཕྱོགས་བསྡུས་མཉམ་ལས་ཚོད་ལྟ་བྱས་ཏེ། ཞིང་བའི་ཐོན་སྐྱེད་དང་འཚོ་བར་ཞབས་འདེགས་ཞུ་བའི་ཕྱོགས་བསྡུས་ལས་སྟེགས་འཐུས་ཚང་དུ་གཏོང་དགོས། བྱང་ཚད་མཐོ་བའི་ཞིང་བ་གསོ་སྐྱོང་བྱེད་པ་དང་། ནུས་རྩལ་དཔྱད་འཇོག་དང་སློབ་གཉེར་སློབ་གསོར་ཞུགས་རྒྱུར་རྩ་འཛུགས་བྱས་ཏེ། ཞིང་བར་ཆེད་དམིགས་ཀྱི་ནུས་རྩལ་འགྲན་བསྡུར་སྤེལ་དགོས། གྲོང་ཁྱེར་གྱི་ཕྱོགས་སོ་སོའི་ཤེས་ལྡན་མི་སྣ་ཞིང་སྡེ་རུ་ལས་སྐྲུན་གསར་གཏོད་ལ་ཚུར་འགུག་བྱས་ཏེ་ཞིང་སྡེ་དར་སྤེལ་དང་ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་དུ་འཇུག་དགོས།

བཞི།   ནུས་ཤུགས་ཡོད་དགུས་ཞིང་སྡེའི་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་བྱེད་དགོས།

(བཅུ་བཞི)སྡེ་བའི་འཆར་འགོད་ལས་དོན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས།  2021ལོར་རྫོང་རིམ་པའི་རྒྱལ་ཁབ་ས་ཁོངས་འཆར་འགོད་སྒྲིག་གཞི་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱས་ནས་སྡེ་བར་ཁྱབ་ཚུལ་རིགས་དབྱེ་ཡང་དག་བྱེད་དགོས།  ཧུར་ཐག་གིས“འཆར་མང་གཅིག་སྒྲིལ”གྱི་བེད་སྤྱོད་རང་བཞིན་གྱི་སྡེ་བའི་འཆར་འགོད་སྒྲིག་གཞི་ལ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བྱས་ནས།  ཆ་རྐྱེན་ལྡན་པ་དང་དགོས་མཁོ་ཡོད་པའི་ཞིང་སྡེའི་འཆར་འགོད་གང་མགྱོགས་སྒོས་ཡོངས་སུ་ཁྱབ་པར་བྱེད་དགོས།  གནས་སྐབས་སུ་སྒྲིག་གཞིའི་འཆར་འགོད་བཟོས་མེད་པའི་སྡེ་བ་དེ་རྫོང་དང་ཡུལ་ཚོ་རིམ་པའི་རྒྱལ་ཁབ་ས་ཁོངས་འཆར་འགོད་ཁྲོད་གཏན་འཁེལ་བྱས་པའི་སྤྱོད་སྒོ་དོ་དམ་དང་འཛུགས་སྐྲུན་དོ་དམ་གྱི་བླང་བྱ་ལྟར་འཛུགས་སྐྲུན་བྱེད་དགོས།  ཞིང་སྡེའི་སྒྲིག་གཞིའི་འཆར་འགོད་བཟོ་སྐབས་ད་ཡོད་ཀྱི་རྨང་གཞིར་རྐང་བཙུགས་ཏེ་ཞིང་སྡེའི་ཁྱད་ལྡན་རྣམ་པ་སོར་འཇོག་བྱེད་དགོས་པ་ལས་བཤིག་སྐྲུན་ཆེན་པོ་བྱེད་མི་རུང་།  འཆར་འགོད་ལྟར་འཛུགས་སྐྲུན་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྤེལ་དགོས་པ་དང་།  སྒྲིག་འགལ་ངང་གང་བྱུང་དུ་འཛུགས་སྐྲུན་བྱེད་པའི་རིགས་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས།  ཞིང་བའི་སྡོད་ཁང་འཛུགས་སྐྲུན་གྱི་སྤུས་ཚད་བདེ་འཇགས་དང་།  བཅའ་ཁྲིམས་ཁྲིམས་སྲོལ།  ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།  ལོ་གསུམ་གྱི་ནང་བདེ་འཇགས་མིན་པའི་མངོན་མེད་རྐྱེན་ངན་གཙང་བཤེར་དང་བཅོས་སྐྱོང་ལེགས་འགྲུབ་བྱེད་དགོས།  འཛུགས་སྐྲུན་གྱི་ཚད་གཞི་ཚད་ལྡན་དང་འཐུས་ཚང་དུ་གཏོང་བ་དང་།  ཞིང་བའི་སྡོད་ཁང་གི་ཇུས་འགོད་ཆུ་ཚད་དང་འཛུགས་སྐྲུན་སྤུས་ཚད་མཐོ་རུ་གཏོང་དགོས།  ཞིང་སྡེའི་ཉེན་ཡོད་སྡོད་ཁང་བསྒྱུར་བཀོད་དང་ས་ཡོམ་རིམ་པ་མཐོ་བའི་ས་ཁུལ་གྱི་ཞིང་བའི་སྡོད་ཁང་གི་ཡོམ་འགོག་བསྒྱུར་བཀོད་མུ་མཐུད་ལག་བསྟར་བྱེད་དགོས།  སྡེ་བའི་རྣམ་པ་ཁྲིད་སྟོན་བྱེད་པར་ཤུགས་བསྣན་ཏེ།  སྲོལ་རྒྱུན་གྱི་ཞིང་སྡེ་དང་ཡུལ་མིའི་སྡོད་གནས།  སྲོལ་རྒྱུན་གྱི་ཡུལ་མི་དང་ལོ་རྒྱུས་རིག་གནས་ལྡན་པའི་སྡེ་བ་གྲགས་ཅན་དང་གྲོང་རྡལ་གྲགས་ཅན་བཅས་སྲུང་སྐྱོབ་བྱེད་དགོས།  ཞིང་སྡེ་ས་ཁུལ་གྱི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།  ཞིང་སྡེའི་འཛུགས་སྐྲུན་ནི་ཞིང་བའི་ཆེད་དུ་ཡིན་པས།  ཡུལ་བབ་དང་བསྟུན་པ་དང་ཏན་ཏན་ཏིག་ཏིག་གིས་ལས་དོན་བསྒྲུབ་དགོས་པ་ལས་ཧོལ་རྒྱུག་གིས་ལས་འགུལ་སྤེལ་མི་རུང་།  ལུགས་མཐུན་སྒོས་ཞིང་སྡེ་ཕྱིར་འཐེན་དང་ཟླ་སྒྲིལ་བྱེད་དགོས་པ་ལས།  ཞིང་པའི་འདོད་མོས་དང་འགལ་ཏེ་བཙན་ཤེད་ཀྱིས་ཐོག་ཁང་དུ་སྤོ་རུ་མི་འཇུག་པར་བྱ་བ་ལེགས་པོར་བསྒྲུབ་པ་དང་།  དོན་དངོས་ལྟར་དངོས་སྒྲུབ་ལ་གཞོལ་དགོས།

(བཅོ་ལྔ།)ཞིང་སྡེའི་སྤྱི་པའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་པའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་གཙོ་གནད་མུ་མཐུད་དུ་ཞིང་སྡེ་རུ་བཞག་ནས།སྡེ་བར་ཁྱབ་པ་དང་ཁྱིམ་ཚང་ལ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།ཞིང་སྡེའི་གཞུང་ལམ་ཤར་བགྲོད་ལས་གཞི་ལག་བསྟར་བྱེད་དགོས།མི་འབོར་ཅུང་མང་ལ་གཞི་ཁྱོན་ཆེ་བའི་རང་བྱུང་སྡེ་བར(ཚོ་ཆུང)གོ་རིམ་ལྡན་པའི་སྒོ་ནས་ཨར་འདམ་གཞུང་ལམ་བསྐྲུན་དགོས།ཞིང་སྡེའི་ཐོན་ཁུངས་ལམ་དང་ཐོན་ལས་ལམ།ཡུལ་སྐོར་ལམ།སྡེ་བའི་ནང་གི་ལམ་ཆེན་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལས་གཞི་ཞིང་སྡེ་དང་ཁྱིམ་ཚང་ལ་ཕྱོགས་པར་སྐུལ་འདེད་གཏོང་དགོས།མུ་མཐུད་དུ་ཀྲུང་དབྱང་གི་རླངས་འཁོར་ཉོ་དཔྱ་ཁྲལ་གྱིས་ས་གནས་ཀྱི་མ་དངུལ་ལ་ཁ་གསབ་བྱེད་པ་དང་།སྣུམ་ཁྲལ་བཅོས་བསྒྱུར་གྱི་སྤོ་སྒྱུར་དངུལ་སྤྲོད།ས་གནས་སྲིད་གཞུང་གི་བུན་འཛིན་སོགས་ཀྱི་ཐབས་ལམ་བརྒྱུད་དེ།གཏན་འབེབས་ལྟར་ཞིང་སྡེའི་བགྲོད་ལམ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས།མུ་མཐུད་དུ“བཞི་ལེགས་ཞིང་སྡེའི་གཞུང་ལམ”དཔེ་སྟོན་འཛུགས་སྐྲུན་བྱེད་དགོས།ཁྱོན་ཡོངས་ནས་བགྲོད་ལམ་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་དགོས།གྲོང་ཁྱེར་དང་ཞིང་སྡེའི་འགྲིམ་འགྲུལ་གཅིག་གྱུར་ཅན་གྱི་དཔེ་སྟོན་གསར་འཛུགས་ཀྱི་བྱ་བ་སྤེལ་དགོས།ཞིང་སྡེའི་བགྲོད་ལམ་དང་ཟམ་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།དོ་དམ་དང་གསོ་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་དགོས།ཞིང་སྡེའི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།ཞིང་སྡེའི་ཆུ་འདོན་འགན་སྲུང་བཟོ་སྐྲུན་ལག་བསྟར་བྱེད་དགོས།ཆུ་མཛོད་ཆུང་འབྲིང་སོགས་ཀྱི་ཆུ་ཁུངས་གཏན་འཇགས་བཟོ་སྐྲུན་འཛུགས་སྐྲུན་དང་ཆུ་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་པ་དང་།གཞི་ཁྱོན་ཅན་གྱི་ཆུ་འདོན་ལས་གཞི་འཛུགས་སྐྲུན་དང་བཟོ་སྐྲུན་ཆུང་གྲས་ཚད་གཞི་ཅན་གྱི་བསྒྱུར་བཀོད་ལག་བསྟར་བྱེད་དགོས་ལ།ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་གྲོང་ཁྱེར་དང་ཞིང་སྡེའི་ཆུ་འདོན་གཅིག་གྱུར་ཅན་ལ་སྐུལ་འདེད་བཏང་སྟེ།2025ལོར་བསླེབ་དུས་ཞིང་སྡེ་རུ་རང་འབབ་ཆུ་ཁྱབ་གདལ་གཏོང་ཚད88%ལ་བསླེབ་པར་བྱེད་དགོས།ཞིང་སྡེའི་ཆུ་རིན་དང་ཆུ་རིན་ལམ་སྲོལ་དང་ལས་གཞིའི་ཡུན་ཕན་གཉེར་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།ཞིང་སྡེའི་ནུས་ཁུངས་གཙང་མའི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་དགོས།ཞིང་སྡེའི་གློག་དྲ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་སྡེའི་གློག་ཤུགས་འགན་སྲུང་ཆུ་ཚད་ཁྱོན་ཡོངས་ནས་སྲ་བརྟན་དང་མཐོ་རུ་གཏོང་དགོས།སོལ་རླངས་ཞིང་སྡེ་རུ་སྐྱེལ་བར་སྐུལ་འདེད་བཏང་ནས་བདེ་འཇགས་དང་བློས་འགེལ་ཆོག་པའི་ཞིང་སྡེའི་སོལ་གསོག་དོང་ལམ་ས་ཚིགས་དང་དོང་ལམ་དྲ་བ་ཆུང་གྲས་ཀྱི་རང་བྱུང་སོལ་རླངས་མཁོ་འདོན་མ་ལག་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས།ཞིང་སྡེའི་སྐྱེ་དངོས་ནུས་པའི་འབྱུང་ཁུངས་འཕེལ་རྒྱས་སུ་གཏོང་དགོས།རྡོ་སོལ་བཙོག་མེད་ཅན་དུ་བེད་སྤྱོད་པར་ཤུགས་སྣོན་དགོས།གྲངས་གཞིའི་ཞིང་སྡེ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་ལས་གཞི་ལག་བསྟར་བྱེད་དགོས།ཞིང་སྡེའི་ཀྲའོ་ཝ་སྟོང་ཅན་གྱི་འོད་དྲ་དང་སྤོ་སྒུལ་འཕྲིན་གཏོང་རབས་ལྔ་པ(5G)།སྤོ་སྒུལ་དངོས་འབྲེལ་དྲ་རྒྱ་བཅས་གྲོང་ཁྱེར་དང་མཉམ་དུ་འཆར་འགོད་བྱེད་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།གློག་འཕྲིན་གྱི་ཡོངས་ཁྱབ་ཞབས་ཞུའི་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།ཞིང་སྡེ་དང་མཐའ་ཁུལ་གྱི་ཆ་འཕྲིན་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས།ཞིང་ལས་དང་ཞིང་སྡེའི་རྒྱང་བསྟེན་འཁོར་སྐར་སོགས་མཁའ་དབྱིངས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།རིག་ནུས་ཞིང་ལས་འཕེལ་རྒྱས་གཏོང་བ་དང་།ཞིང་ལས་དང་ཞིང་སྡེའི་གཞི་གྲངས་ཆེན་མོའི་མ་ལག་འཛུགས་སྐྲུན།ཆ་འཕྲིན་ལག་རྩལ་རབས་གསར་བ་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས།ཞིང་ལས་ཀྱི་གནམ་གཤིས་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དྲ་བ་འཐུས་ཚང་དུ་གཏོང་བ་དང་།ཞིང་ལས་ཀྱི་གནམ་གཤིས་གནོད་འཚེ་འགོག་ཟོན་བྱེད་ནུས་ཆེ་རུ་གཏོང་དགོས།ཞིང་སྡེའི་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་བཅོས་སྐྱོང་སོགས་གྲངས་འཛིན་ཅན་དང་རིག་ནུས་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་ཆས་རིམ་སྤོར་ལས་གཞི་ལག་བསྟར་བྱེད་དགོས།སྡེ་བ་རིམ་པའི་འགྲུལ་སྐྱེལ་ས་ཚིགས་དང་རིག་གནས་ལུས་རྩལ།སྤྱི་སྤྱོད་གློག་སྒྲོན་སོགས་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

(བཅུ་དྲུག) ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་ཚད་མཐོ་རུ་གཏོང་བའི་ལོ་ལྔའི་འགུལ་སྐྱོད་ལག་བསྟར་བྱེད་པ། རིགས་དབྱེ་དང་གོ་རིམ་ལྡན་པའི་སྒོ་ནས་ཞིང་སྡེའི་གསང་སྤྱོད་གསར་བརྗེར་སྐུལ་འདེད་གཏོང་བ་དང་།ཐན་པ་དང་གྲང་ངར་ཆེ་བའི་ས་ཁུལ་གྱི་འཕྲོད་བསྟེན་གསང་སྤྱོད་བེད་སྤྱོད་བྱེད་པའི་ལག་རྩལ་དང་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས།དབུས་ནུབ་རྒྱུད་ས་ཁུལ་གྱི་ཞིང་སྡེའི་ཁྱིམ་ཚང་གི་གསང་སྤྱོད་བསྒྱུར་བཀོད་ལ་ཤུགས་སྣོན་དགོས།ཞིང་སྡེའི་གསང་སྤྱོད་བསྒྱུར་བཀོད་དང་བཙོག་ཆུ།དྲི་ངན་བཙོག་ཆུ་བཅོས་སྒྲིག་བྱེད་པ་བཅས་སྤྱི་འདོམས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་བཙོག་ཆུ་གཙང་སེལ་གྱི་སྒྲིག་ཆས་འཛུགས་སྐྲུན་བྱེད་དགོས།ཞིང་སྡེའི་འཚོ་བའི་གད་སྙིགས་བསྡུ་སྐྱེལ་དང་གཙང་སེལ་མ་ལག་འཐུས་ཚང་དང་།འབྱུང་རྩ་ནས་རིགས་དབྱེ་ཉུང་གཏོང་དང་ཐོན་ཁུངས་ཅན་གཙང་སེལ་དང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ།སྐྱེ་ལྡན་གད་སྙིགས་ཕྱོགས་བསྡུས་གཙང་བཅོས་དང་བེད་སྤྱོད་སྒྲིག་བཀོད་ཁག་ཅིག་འཛུགས་སྐྲུན་བྱེད་དགོས།ཞིང་སྡེའི་འཚོ་སྡོད་ཁོར་ཡུག་སྒྲིག་ཆས་ལ་དོ་དམ་སྲུང་སྐྱོང་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་གྲོང་ཁྱེར་དང་ཞིང་སྡེའི་ཁོར་ཡུག་འཕྲོད་བསྟེན་གཅིག་གྱུར་ཅན་གྱི་ཕྱོགས་གསུམ་པའི་བཅོས་སྐྱོང་ཁྱབ་གདལ་དུ་གཏོང་དགོས།ཞིང་སྡེའི་གཙང་སྤྲ་དང་སྔོ་ལྗང་འགུལ་སྐྱོད་ལ་སྐུལ་འདེད་ཟབ་མོ་བཏང་ནས།ལྟ་ན་སྡུག་པའི་བདེ་སྡོད་སྡེ་བ་དང་མཛེས་སྡུག་ལྡན་པའི་སྒོ་རའི་དཔེ་སྟོན་གསར་སྐྲུན་གྱི་བྱེད་སྒོ་སྤེལ་དགོས།

(བཅུ་བདུན) ཞིང་སྡེའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ།གྲོང་ཁྱེར་དང་ཞིང་སྡེའི་སྤྱི་པའི་ཐོན་ཁུངས་དོ་མཉམ་བཀོད་སྒྲིག་རྐྱེན་སྲོལ་འཛུགས་པ་དང་ཞིང་སྡེའི་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་སྤྲོད་རྫོང་དང་།ཡུལ་ཚོ།སྡེ་བ་བཅས་ལ་སྤྱི་འདོམས་བྱེད་པར་ཤུགས་བསྣན་ཏེ། རིམ་བཞིན་ཚད་གཞི་གཅིག་གྱུར་དང་ལམ་ལུགས་ཟླ་སྒྲིལ་གཏོང་ཐུབ་པ་བྱེད་དགོས།ཞིང་སྡེའི་སློབ་གསོའི་སྤུས་ཚད་མཐོ་རུ་བཏང་ནས་ཐབས་ལམ་མང་པོར་བརྟེན་ནས་ཞིང་སྡེའི་ཀུན་ཕན་རང་བཞིན་གྱི་སློབ་ཞུགས་སྔོན་གྱི་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བྱེད་ཤུགས་ཇེ་མང་དུ་གཏོང་དགོས་པ་དང་།མུ་མཐུད་དུ་ཞིང་སྡེའི་བཅའ་སྡོད་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱེད་དགོས་ཤིང་། ཞིང་སྡེའི་དགོས་ངེས་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་སོར་འཇོག་དང་བཟང་པོར་སྒྲུབ་དགོས་པ་དང་། རྫོང་མཁར་དང་ལྟེ་བའི་གྲོང་རྡལ་དུ་མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭ་ཁག་གཅིག་གསར་སྐྲུན་དང་རྒྱས་སྐྲུན་བྱེད་དགོས།ཞིང་སྡེའི་དམིགས་བསལ་སློབ་གསོའི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།རྫོང་ཁོངས་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་སློབ་གཙོ་དང་དགེ་རྒན་གྱི་ལས་གནས་བརྗེ་རེས་བྱེད་པར་སྐུལ་འདེད་གཏོང་བ་དང་།གྲོང་ཁྱེར་དང་ཞིང་སྡེའི་སློབ་གྲྭའི་ཐུན་མོང་སྒྲིག་གཞི་འཛུགས་པར་རྒྱབ་སྐྱོར་བྱེད་དགོས།ཞིང་བའི་ལས་ཞུགས་ལས་སྐྲུན་གྱི་དགོས་མཁོར་དམིགས་ནས་ལས་རིགས་ལག་རྩལ་སློབ་གསོ་དང་ནུས་རྩལ་གསོ་སྦྱོང་འཕེལ་རྒྱས་བཏང་ནས་ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཀྱི་རྟེན་གཞི་ཁག་གཅིག་འཛུགས་སྐྲུན་བྱེད་དགོས།ཞིང་ཕྱུགས་ལས་ཐོན་སྐྱེད་སློབ་གསོ་སྤེལ་དགོས།ཞིང་སྡེ་ལ་ཁ་ཕྱོགས་པའི་དྲ་རྒྱའི་སློབ་གསོ་མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་དགོས།ཞིང་འབྲེལ་མཐོ་རིམ་སློབ་གྲྭ་དང་།ཞིང་འབྲེལ་ལས་རིགས་སློབ་ཆེན།ཞིང་འབྲེལ་རིག་གཞུང་ཚན་ཁག་གི་ཆེད་ལས་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།བདེ་ཐང་ཞིང་སྡེའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཞིང་སྡེའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་འཛུགས་སྐྲུན་དང་བདེ་ཐང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་།ཞིང་སྡེའི་སྨན་པ་ལས་གཉེར(ལས་རོགས)སྨན་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ནས།བཅའ་སྡོད་དང་སྐོར་སྐྱོད་སྨན་བཅོས་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཞི་རིམ་གྱི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས།ཞང་གྲོང་འཕྲོད་བསྟེན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་ལྟེ་བའི་འཕྲོད་བསྟེན་ཁང་ཁག་གཅིག་འདེམ་སྐྲུན་བྱེད་དགོས།རྫོང་རིམ་པའི་སྨན་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས།རྫོང་རིམ་པའི་ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་རིམས་ནད་ཚབས་ཆེན་དང་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་པའི་ནུས་པ་མུ་མཐུད་ཆེ་རུ་གཏོང་དགོས།རྫོང་ཁོངས་ཀྱི་ཚགས་དམ་ཅན་གྱི་སྨན་བཅོས་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས།སྨན་བཅོས་ཉེན་སྲུང་བསྡོམས་འབོར་གྱི་སྔོན་རྩིས་དོ་དམ་ལག་བསྟར་བྱེད་དགོས།བུད་མེད་དང་བྱིས་པ།རྒན་པ།དབང་བོ་སྐྱོན་ཅན་སོགས་མི་ཚོགས་གཙོ་བོའི་བདེ་ཐང་གི་ཞབས་ཞུར་ཤུགས་སྣོན་དགོས།མཁར་གྲོང་གཅིག་གྱུར་འཆར་འགོད་བྱེད་པའི་ལས་ཞུགས་སྲིད་ཇུས་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞི་ཞིང་སྡེར་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ་དང་།རབས་གསར་བའི་ཞིང་པ་ཞོར་ལས་པའི་ལས་རིགས་རྩལ་ནུས་མཐོ་རུ་གཏོང་བའི་འཆར་གཞི་ལག་བསྟར་གཏིང་ཟབ་ཏུ་གཏོང་དགོས།མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་སྲུང་ལམ་ལུགས་གཅིག་གྱུར་འཐུས་ཚང་དུ་གཏོང་བ་དང་།སྲིད་གཞུང་གི་ཁ་གསབ་ཚད་གཞི་དང་མི་སྒེར་གྱི་དངུལ་སྤྲོད་ཚད་གཞི་ལུགས་མཐུན་ངང་མཐོ་རུ་བཏང་ནས།ནད་གཞི་ཚབས་ཆེན་གྱི་སྨན་བཅོས་ཉེན་སྲུང་དང་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་ཉེན་ཚབ་ཐོབ་ཐང་གཏན་འཁེལ་དང་རྒྱུན་ལྡན་ལེགས་སྒྲིག་བྱེད་པའི་རྐྱེན་སྲོལ་དོན་འཁྱོལ་བྱེད་པ།མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་སྤྱི་འདོམས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བདག་སྐྱོང་ཞབས་ཞུའི་སྤུས་ཚད་རིམ་བཞིན་མཐོ་རུ་གཏོང་དགོས།ཞིང་སྡེའི་གཞིས་སྲུང་བྱིས་པ་དང་།བུད་མེད།རྒན་པ་བཅས་དང་དེ་བཞིན་དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་དང་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་གཏོང་དགོས།རྫོང་དང་།ཡུལ་ཚོ།སྡེ་བ་བཅས་འབྲེལ་མཐུད་བྱེད་པའི་རིམ་པ་གསུམ་པའི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་བཏང་ནས་ཞིང་སྡེ་རིམ་པའི་བདེ་སྐྱིད་ཁང་དང་ཉིན་མོའི་བདག་སྐྱོང་ལྟེ་གནས་སོགས་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།ཞིང་སྡེའི་ཀུན་ཕན་རྣམ་པའི་རྒན་གསོའི་ཞབས་ཞུ་དང་རོགས་རེས་རང་བཞིན་གྱི་རྒན་གསོ་འཕེལ་རྒྱས་སུ་གཏོང་དགོས།ཞིང་སྡེའི་སྤྱི་ཕན་རང་བཞིན་གྱི་དུར་འཇུག་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།མཁར་གྲོང་གི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གཅིག་གྱུར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས།རིག་གནས་དམངས་ཕན་ལས་གཞི་གསར་གཏོད་དང་ལག་བསྟར་བྱེད་དགོས།

(བཅོ་བརྒྱད) ཞིང་སྡེའི་འཛད་སྤྱོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།རྫོང་དང་ཡུལ་ཚོ།སྡེ་བ་བཅས་རིམ་པ་གསུམ་གྱི་ཞིང་སྡེའི་ཟོག་འགྲེམ་མ་ལག་མགྱོགས་མྱུར་གྱིས་འཐུས་ཚང་དུ་བཏང་ནས་ཞིང་སྡེའི་སྦྲག་བསྐུར་ཟོག་འགྲེམ་བསྒྱུར་བཀོད་རིམ་སྤོར་དང་།གློག་རྡུལ་ཚོང་དོན་ཞིང་སྡེར་བསྐྱོད་པ་དང་ཞིང་ལས་ཐོན་རྫས་ཞིང་སྡེ་ནས་གྲོང་ཁྱེར་ལ་འདྲེན་པར་གཏིང་ཟབ་སྒོས་སྐུལ་འདེད་དང་།མཁར་གྲོང་གི་ཐོན་སྐྱེད་དང་འཛད་སྤྱོད་ནུས་ལྡན་སྒོས་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་དགོས།ཞིང་སྡེའི་སྡོད་དམངས་ཀྱི་སྤྱོད་ཡུན་རིང་བའི་འཛད་སྤྱོད་དངོས་རྫས་གསར་པར་བརྗེ་བར་སྐུལ་འདེད་གཏོང་དགོས།ཞིང་ལས་ཐོན་རྫས་འཁྱགས་ཉར་ཟོག་འགྲེམ་སྒྲིག་ཆས་ཀྱི་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་དང་།འཁྱགས་ཉར་སྒྲིག་ཆས་ཆུང་གྲས་དང་།ཐོན་ཡུལ་གྱི་དྲོད་ཚད་དམའ་བའི་ཐད་ཚོང་སྡེབ་སྐྱེལ་ལྟེ་གནས།རྒྱལ་ཁབ་ཀྱི་རྐང་འཛིན་འཁྱགས་ཉར་ཟོག་འགྲེམ་རྟེན་གཞི་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།ཞིང་སྡེའི་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་།དྲ་སྟེང་དང་དྲ་ཕྱི་ཟུང་འབྲེལ་བྱེད་པའི་ཞབས་ཞུའི་དྲ་ཚིགས་འཕེལ་རྒྱས་སུ་བཏང་ནས།སྟབས་བདེ་ཅན་དང་ཞིབ་ཚགས་ཅན།སྤུས་ལེགས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།ཞིང་སྡེའི་སྡོད་དམངས་ཀྱི་འཛད་སྤྱོད་རིམ་པ་སྤོར་བའི་དགོས་མཁོ་སྐོང་བ་བཅས་བྱས་ནས་གྲོང་ཁྱེར་གྱི་སྡོད་དམངས་གཞི་རིམ་དུ་འཛད་སྤྱོད་བྱེད་པར་འགུག་དགོས།

(བཅུ་དགུ)རྫོང་ཁོངས་ནང་ཁུལ་གྱི་མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས།མི་གཙོ་བོར་འཛིན་པའི་གྲོང་རྡལ་ཅན་གསར་བར་སྐུལ་འདེད་བཏང་སྟེ།གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་རྡལ་ཆུང་ངུའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།རྫོང་ཁོངས་དེ་མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་བའི་མགོ་རྩོམ་ས་གལ་ཆེན་དུ་བརྩིས་ནས།སྤྱི་འདོམས་འཆར་འགོད་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བྱེད་པ་དང་།མཁར་གྲོང་ཁ་བྲལ་ལམ་ལུགས་མེད་པར་བཟོས་ཏེ།མཁར་གྲོང་གི་རྒྱུ་རྐྱེན་འདྲ་མཉམ་ངང་བརྗེ་རེས་བྱེད་པ་དང་ཕྱོགས་གཉིས་འཁོར་རྒྱུག་གི་ལམ་ལུགས་རང་བཞིན་གྱི་བགྲོད་ལམ་ཤར་གཏོང་ཇེ་མགྱོགས་སུ་གཏོང་དགོས།རྫོང་ཁོངས་ཐོན་ལས་དང་རྨང་གཞི་སྒྲིག་ཆས།སྤྱི་པའི་ཞབས་ཞུ།གཞི་རྩིའི་ཞིང་ས།སྐྱེ་ཁམས་སྲུང་སྐྱོང་།མཁར་གྲོང་གསར་སྤེལ།ཞིང་སྡེ་ཁྱབ་ཚུལ་སོགས་ཀྱི་བར་སྟོང་གི་སྒྲིག་བཀོད་སྤྱི་འདོམས་བྱས་ཏེ།རྫོང་ཁོངས་ཀྱི་ཕྱོགས་བསྡུས་ཞབས་ཞུ་ནུས་ཤུགས་ལ་ཤུགས་སྣོན་དང་།མཁར་གྲོང་དེ་ཞིང་བར་ཞབས་ཞུ་སྒྲུབ་པའི་ས་ཁོངས་ཀྱི་ལྟེ་གནས་སུ་འཛུགས་སྐྲུན་བྱ་རྒྱུ་དང་།རྫོང་དང་ཡུལ་ཚོ།སྡེ་བ་བཅས་ཀྱི་བྱེད་ནུས་འབྲེལ་མཐུད་དང་ཕན་ཚུན་ཁ་གསབ་མངོན་འགྱུར་བྱ་དགོས།རྫོང་ཁོངས་ཀྱི་དཔལ་འབྱོར་ཆེ་རུ་བཏང་ནས།འཕྲོད་བསྟུན་ཐོན་ལས་ཀྱི་སྤོ་སྒྱུར་དང་ལེན་བྱེད་པ་དང་།སྲོག་ཤིང་ཐོན་ལས་གསོ་སྐྱོང་བྱེད་དགོས།གྲོང་རྡལ་ཆུང་ངུའི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ།རྨང་གཞི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ་དང་།གྲོང་རྡལ་ཆུང་ངུ་གྲོང་ཁྱེར་ལ་འབྲེལ་མཐུད་དང་ཞིང་སྡེར་ཞབས་ཞུ་སྒྲུབ་པའི་ཕན་ནུས་འདོན་སྤེལ་བྱེད་དགོས།རྫོང་མཁར་གཙོ་བྱས་པའི་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ།ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་གྲོང་ཁྱེར་ཆུང་ངུའི་ཚད་གཞི་ལྟར་རྫོང་མཁར་འཛུགས་སྐྲུན་བྱེད་དགོས།དབང་ཆ་རྒྱ་བསྐྱེད་པའི་གྲོང་རྡལ་སྟོབས་ཆེན་ལ་བསྒྱུར་བར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ།གྲོང་རྡལ་གཙོ་བོ་སྐོར་ཞིག་འཆར་འགོད་འཛུགས་སྐྲུན་བྱེད་དགོས།ཞིང་སྡེའི་ས་ཁོངས་ཡོངས་ཀྱི་ས་གཞི་ཕྱོགས་བསྡུས་ལེགས་སྒྲིག་གི་ཚོད་ལྟའི་བྱ་བ་སྤེལ་དགོས།རྫོང་ཁོངས་སུ་ལས་ཞུགས་བྱས་པའི་ཞོར་ལས་པ་ས་གནས་དེའི་གྲོང་མིར་བསྒྱུར་སྟེ།གྲོང་ཁྱེར་དུ་ཡོང་བའི་ཞིང་བའི་དགོས་ངེས་ཀྱི་སྡོད་ཁང་མཁོ་འདོན་ཇེ་མང་དུ་གཏོང་དགོས།ས་གནས་ཀྱིས་ཕྱིར་རང་ཡུལ་དུ་ལོག་པའི་ལས་སྐྲུན་གླིང་དང་གསོ་སྐྱོང་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་སློང་བྱེད་དགོས།

(ཉི་ཤུ)ཞིང་ལས་དང་ཞིང་སྡེ་དམིགས་བསལ་འཕེལ་རྒྱས་སུ་གཏོང་བའི་དངུལ་གཏོང་འགན་སྲུང་ལ་ཤུགས་སྣོན་དགོས།ཞིང་ལས་ཞིང་སྡེ་དེ་སྤྱིར་བཏང་སྔོན་རྩིས་དམིགས་བསལ་དུ་འགན་སྲུང་བྱེད་པའི་ཁྱབ་ཁོངས་སུ་མུ་མཐུད་དུ་བཞག་སྟེ།ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་དངུལ་གཏོང་སྔར་ལས་ལྷག་པར་ཞིང་ལས་དང་ཞིང་སྡེར་ཁ་ཕྱོགས་དགོས།ས་ཞིང་ནང་བཤུག་གཏོང་བའི་ཡོང་སྒོ་ཇེ་མཐོར་བཏང་སྟེ་ཞིང་ལས་དང་ཞིང་སྡེའི་བསྡུར་ཚད་ཀྱི་དཔྱད་ཞིབ་བྱེད་ཐབས་བཟོ་བ་དང་དངོས་འབེབས་བྱས་ཏེ།གཏན་ཁེལ་ལྟར་ཞིང་ལས་དང་ཞིང་སྡེ་ཐད་སྤྱོད་པའི་བསྡུར་ཚད་ཇེ་མཐོར་གཏོང་བར་ཁག་ཐེག་བྱེད་དགོས།ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཞིང་འབྲེལ་མ་དངུལ་གྱི་གཅིག་གྱུར་གྲབས་གསོག་ཡུན་ཕན་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་སྟེ།ས་གནས་སྲིད་གཞུང་གིས་སྤྱིར་བཏང་གི་བུན་འཛིན་དང་ཆེད་དོན་བུན་འཛིན་འགྲེམ་སྤེལ་བྱས་ཏེ་དེང་རབས་ཞིང་ལས་སྒྲིག་ཆས་འཛུགས་སྐྲུན་དང་ཞིང་སྡེ་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་།བཀོལ་སྤྱོད་མཛུབ་སྟོན་གཏན་འབེབས་བྱས་ཏེ།སྤུས་ཚད་མཐོ་བའི་ལས་གཞི་གསོག་ཉར་ལས་དོན་ལེགས་པོར་སྒྲུབ་དགོས།ནོར་སྲིད་དངུལ་གཏོང་གི་སྣེ་ཁྲིད་ནུས་ཤུགས་འདོན་སྤེལ་བྱས་ཏེ།ཚོང་ར་ཅན་གྱི་རྣམ་པས་ཞིང་སྡེ་དར་སྤེལ་ཐེབས་རྩ་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་།དངུལ་རྩའི་མ་རྩ་དང་སྤྱི་ཚོགས་ནུས་ཤུགས་དེའི་ཁྲོད་ཞུགས་པར་སྐུལ་འདེད་བཏང་སྟེ།ཞིང་སྡེའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱེད་དགོས།ཞིང་བར་ཞབས་ཞུ་སྒྲུབ་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཞིང་སྡེའི་དངུལ་རྩའི་བཅོས་བསྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས།ཞིང་ལས་དང་ཁེ་ལས་ཆུང་ངུར་རྒྱབ་སྐྱོར་བྱེད་པར་ཡང་བསྐྱར་དངུལ་བུན་གཏོང་བ་དང་མ་དངུལ་ཁ་གསབ་བྱེད་པའི་སྲིད་ཇུས་སྤྱད་དེ་གཟིགས་སྐྱོང་ཆེ་ཤོས་ཀྱི་གསོག་དངུལ་གྲ་སྒྲིག་སྐྱེད་ཚད་ལག་བསྟར་བྱས་པར་བརྟེན་ནས།ལས་ཁུངས་ཀྱི་ཁྲིམས་བཀོད་མི་སྣ་རྫོང་ཁོངས་སུ་ཡོད་པ་དང་ལས་སྒོ་རྫོང་ཁོངས་སུ་ཡོད་པའི་དངུལ་རྩའི་ལས་ཁུངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ།ཞིང་སྡེའི་དངུལ་རྩའི་ལས་ཁུངས་སྔར་གནས་སུ་ཕྱིར་ལོག་པར་སྐུལ་འདེད་གཏོང་དགོས།དངུལ་ཁང་ལས་རིགས་དང་དངུལ་རྩའི་ལས་ཁུངས་ཀྱིས་ཞིང་སྡེ་དར་སྤེལ་ལ་ཞབས་ཞུ་སྒྲུབ་པའི་ནང་སྐྲུན་ལས་ཁུངས་འཛུགས་སྐྲུན་བྱེད་པར་སྐུལ་མ་གཏོང་དགོས།ས་གནས་སྲིད་གཞུང་གི་ལྟ་སྐུལ་དོ་དམ་དང་ཉེན་ཁའི་ཐག་གཅོད་འགན་འཁྲི་ཇེ་གསལ་དུ་བཏང་ནས།ཞིང་བའི་མཉམ་ལས་ཁང་གི་ནང་ཁུལ་གྱི་ཡིད་རྟོན་མཉམ་ལས་ཚོད་ལྟའི་བྱ་བ་བརྟན་བརླིང་ཚད་ལྡན་དུ་སྤེལ་དགོས།ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་སོགས་རྫོང་ཁོངས་ཞིང་སྡེའི་དངུལ་རྩའི་ལས་ཁུངས་ཀྱི་ཁྲིམས་བཀོད་མི་སྣའི་གོ་གནས་དང་གྲངས་ཚད་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་རྒྱུན་འཁྱོངས་བྱས་ཏེ།ལྟ་སྐུལ་དོ་དམ་དང་ཉེན་ཁ་སེལ་བ།བཅོས་བསྒྱུར་གཏིང་ཟབ་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས།ཞིང་འབྲེལ་དངུལ་རྩའི་ལས་ཁུངས་ཀྱི་བཅོས་སྐྱོང་སྒྲིག་གཞི་དང་ནང་ཁུལ་ཚོད་འཛིན་ལམ་ལུགས་འཐུས་ཚང་དུ་བཏང་ནས་དངུལ་རྩའི་ལྟ་སྐུལ་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་ལ་ཤུགས་སྣོན་དགོས།གྲོང་ཁྱེར་དང་རྫོང་གིས་མངའ་ཁོངས་ནང་མཉམ་སྤྱོད་བྱེད་པའི་ཞིང་འབྲེལ་ཡིད་རྟོན་ཆ་འཕྲིན་གཞི་གྲངས་མཛོད་འཛུགས་པར་རྒྱབ་སྐྱོར་བྱས་པ་བརྒྱུད།ལོ་གསུམ་གྱི་དུས་ཡུན་བེད་སྤྱད་དེ་ཅུང་ཆ་ཚང་བའི་ཞིང་ལས་ཚོང་གཉེར་གཙོ་གཞིའི་ཡིད་རྟོན་མ་ལག་ཕལ་ཆེར་འཛུགས་སྐྲུན་ལེགས་འགྲུབ་བྱེད་དགོས།ཞིང་སྡེའི་གྲངས་འབོར་ཀུན་ཕན་དངུལ་རྩ་འཕེལ་རྒྱས་སུ་གཏོང་དགོས།ནུས་ཤུགས་ཡོད་རྒུས་ཞིང་ཁྱིམ་གྱི་གྲངས་འབོར་ཆུང་བའི་ཡིད་རྟོན་དངུལ་བུན་དང་།དངུལ་འཛིན་གཏའ་འཇོག་དངུལ་བུན།ཞིང་ལས་འཕྲུལ་ཆས་དང་དྲོད་ཁང་གི་སྒྲིག་ཆས་གཏའ་འཇོག་དངུལ་བུན་གྱི་ལས་སྒོ་སྤེལ་དགོས།ཆེད་གཏོགས་དངུལ་རྩའི་ཐོན་རྫས་གསར་སྤེལ་བྱས་ཏེ་ཞིང་ལས་ཚོང་གཉེར་གཙོ་གཞི་གསར་བ་དང་།ཞིང་སྡེའི་ཐོན་ལས་གསར་བ་དང་ལས་རྣམ་གསར་བར་རྒྱབ་སྐྱོར་བྱེད་པར་སྐུལ་མ་བཏང་ནས།ཐོག་མའི་དངུལ་བུན་དང་ཡིད་རྟོན་དངུལ་བུན་ཇེ་མང་དུ་གཏོང་དགོས།ཞིང་ལས་ཞིང་སྡེའི་རྨང་གཞི་སྒྲིག་ཆས་དང་དངུལ་གཏོང་གི་དུས་ཡུན་འབྲིང་རིང་གི་ཡིད་རྟོན་རྒྱབ་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།ཞིང་ལས་ཡིད་རྟོན་དངུལ་བུན་གྱི་འགན་ལེན་ལྡབ་གྲངས་ཇེ་མང་དུ་གཏོང་བའི་ཚད་ཀྱི་དཔྱད་འཇོག་ལ་ཤུགས་བསྣན་ཏེ།ཞིང་ལས་ཡིད་རྟོན་དངུལ་བུན་གྱི་འགན་ལེན་གཞི་ཁྱོན་ཇེ་ཆེར་གཏོང་དགོས།ས་གནས་ཀྱི་ལེགས་ཆ་ལྡན་པའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཉེན་སྲུང་ལ་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པའི་བྱེད་ཐབས་རིམ་བཞིན་རྒྱལ་ཡོངས་སུ་ཁྱབ་གདལ་དུ་གཏོང་དགོས།ཞིང་ལས་ལ་ཡང་བསྐྱར་འགན་སྲུང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས།འགན་སྲུང་དང་། དུས་བཅད་ཚོང་ཟོག་གིས་ཞིང་སྡེའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་གོ་རིམ་ཁྲོད་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས།

(ཉེར་གཅིག)ཞིང་སྡེ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་དགོས།  ཞིང་སྡེའི་ཐོན་དབང་ལམ་ལུགས་དང་རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་བགོ་སྒྲིག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།ཞིང་སྡེ་འཕེལ་རྒྱས་གཏོང་བའི་ནང་གནས་སྒུལ་ཤུགས་འདོན་སྤེལ་གང་ལེགས་བྱ་དགོས།ཞིང་སྡེའི་ས་ཞིང་དང་ཞིང་པ་ཐུན་མོང་ལ་དབང་བའི་ལམ་ལུགས་ལ་གཡོ་འགུལ་མི་འབྱུང་བ་རྒྱུན་འཁྱོངས་བྱེད་པ་དང་ཁྱིམ་ཚང་གིས་འགན་གཙང་ལེན་བྱས་པའི་རྨང་གཞིའི་རང་བཞིན་གྱི་གནས་བབ་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱེད་པ།  རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཚོད་ལོངས་རྗེས་སུ་སླར་ཡང་ལོ་ངོ30རྒྱུན་སྲིང་བྱ་རྒྱུའི་ཚོད་ལྟའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ། ཞིང་སྡེའི་ས་ཞིང་འགན་གཙང་ལེན་འབྲེལ་བ་བརྟན་པོ་དང་ཡུན་རིང་མི་འགྱུར་བ་རྒྱུན་འཁྱོངས་བཅས་བྱས་ནས་ས་ཞིང་བདག་གཉེར་དབང་ཆ་གཞན་སྒྱུར་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་ཐུན་མོང་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་ཚོང་རར་འདོན་པའི་ལམ་ལུགས་འཚོལ་ཞིབ་དང་ལག་བསྟར་ནན་མོ་བྱ་དགོས།  ཞིང་སྡེའི་བསགས་འབོར་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་གང་འགབ་ཅི་སྤྱོད་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་།ལྡོག་ཕྱོགས་ཀྱི་རྩིས་ཁྲར་དོ་དམ་བྱས་ནས་ཞིང་སྡེའི་ཐོན་ལས་འཕེལ་རྒྱས་དང་ཞིང་སྡེའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་སྔོན་ལ་འགན་སྲུང་བྱ་དགོས། ཞིང་སྡེའི་སྤྲོ་གསེང་ལྟ་སྐོར་ལ་སོགས་པའི་ཐོན་ལས་ཁ་ཐོར་རིགས་བཀོད་སྒྲིག་བྱེད་པའི་དོན་དངོས་ཀྱི་དགོས་མཁོར་གཞིགས་ནས་སྟབས་བསྟུན་སྣ་མང་གི་ས་ཆ་འདོན་སྤྲོད་བྱེད་སྟངས་གསར་པ་འཚོལ་ཞིབ་བྱ་དགོས། ཁང་སའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཞིང་སྡེའི་ཁང་སའི་ལམ་ལུགས་བཅོས་བསྒྱུར་ཚོད་ལྟའི་ལས་དོན་བརྟན་པོ་དང་གཟབ་ནན་ངང་སྤེལ་ནས། ཁང་སའི་བདག་དབང་དང་ཐོབ་ཐང་དབང་ཆ།བཀོལ་སྤྱོད་དབང་ཆ་བཅས་ཁག་བགོས་ནུས་ལྡན་ངང་མངོན་འགྱུར་བྱེད་སྟངས་འཚོལ་ཞིབ་བྱེད་དགོས། སྡོད་ཁང་དང་ས་ཞིང་གཞི་གཅིག་ཅན་གྱི་ཁང་ས་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་ཀ་ཚད་ལྡན་དུ་གཏོང་དགོས། གྲོང་ཁྱེར་དང་ཞིང་སྡེའི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་སྣོན་འཕྲི་ཟུང་འབྲེལ་བྱེད་སྟངས་ཚད་ལྡན་དུ་གཏོང་བ་དང་ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་དང་།བསྲི་ཚགས་ཀྱི་དམིགས་ཚད་སྙོམ་སྒྲིག་དང་ཕན་ཆ་བགོ་འགྲེམས་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། 2021ལོར་ཞིང་སྡེའི་ཐུན་མོང་རྒྱུ་ནོར་བདག་དབང་ལམ་ལུགས་བཅོས་བསྒྱུར་གྱི་དུས་མཚམས་རང་བཞིན་གྱི་ལས་འགན་གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱས་ནས་ཞིང་སྡེའི་ཐུན་མོང་དཔལ་འབྱོར་གསར་པ་འཕེལ་རྒྱས་དང་རྒྱ་ཆེ་རུ་གཏོང་རྒྱུ་རེད། གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་པའི་ས་ཞིང་འགན་གཙང་ལེན་གྱི་དབང་ཆ་དང་ཁང་ས་བཀོལ་སྤྱོད་བྱེད་དབང་།ཐུན་མོང་གི་ཁེ་ཕན་བགོ་བཤའ་རྒྱག་དབང་བཅས་འགན་སྲུང་བྱེད་པ་དང་། ཁྲིམས་ལྟར་རང་མོས་དང་རིན་དོད་ཡོད་པའི་སྒོ་ནས་བཤུག་སྤྲོད་བྱེད་པའི་བྱེད་ཐབས་ཞིབ་ཕྲ་ཞིབ་འཇུག་དང་གཏན་འབེབས་བྱ་དགོས། ཞིང་སྡེའི་ཐོན་དབང་འཁོར་རྒྱུག་ཉོ་ཚོང་དང་དོ་དམ་ཆ་འཕྲིན་དྲ་རྒྱའི་སྟེགས་བུ་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཕྱོགས་བསྡུས་རང་བཞིན་གྱི་ཉོ་ཚོང་ཞབས་ཞུ་མཁོ་འདོན་བྱེད་དགོས། ཞིང་ལས་ཀྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་བྱེད་དགོས། ཞིང་སྡེའི་ཐུན་མོང་ནགས་ཚལ་བདག་དབང་ལམ་ལུགས་མུ་མཐུད་དུ་བཅོས་བསྒྱུར་གཏིང་ཟབ་བྱ་དགོས།

ལྔ། ཏང་གིས“ཞིང་གསུམ་”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས།

(ཉེར་གཉིས།)རིམ་པ་ལྔ་པའི་ཧྲུའུ་ཅིས་ཞིང་སྡེ་དར་རྒྱས་གཏོང་རྒྱུ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་ཤུགས་ཆེར་གཏོང་དགོས། ཞིང་སྡེ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཟབ་ཚད་དང་རྒྱ་ཆེ་ཚད།དཀའ་གནད་བཅས་ཚང་མ་དབུལ་ཐར་མཁྲེགས་གཏོར་ལས་མི་ཆུང་བས་ངེས་པར་དུ་བྱེད་ཐབས་སྔར་ལས་ནུས་ལྡན་སྤྱད་དེ་སྟོབས་ཤུགས་སྔར་ལས་ཆེ་བ་གཅིག་ཏུ་བསྡུ་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེ་ལས་དོན་སྲོལ་ཡིག་》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་དང་ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་དང་ཡུལ་ཚོ་བཅས་ཀྱིས་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱི་ཞིང་སྡེ་ལས་དོན་གྱི་འགོ་ཁྲིད་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་ལས་དོན་ཁྲོད་གནས་པའི་རྩ་འཛུགས་ལ་སྐུལ་འདེད་དང་། རྒྱུ་རྐྱེན་གཙོ་བོའི་འགན་ལེན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར།མཉམ་ལས་རོགས་སྐྱོར།དཔྱད་ཞིབ་ལྟ་སྐུལ་མཛུབ་ཁྲིད་སོགས་ཀྱི་ལས་ཀའི་ལམ་ལུགས་ཀྱི་དོན་དངོས་དགོས་མཁོར་གཞིགས་ནས། ཞིང་སྡེ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་གོང་འོག་སྦྲེལ་མཐུད་དང་། གནད་འཁེལ་ཇུས་འདོན་བྱེད་པ། དམ་འཛིན་མཐར་ཕྱིན་བཅས་ཀྱི་ཞིང་སྡེ་དར་རྒྱས་གཏོང་བའི་ལས་ཀའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཞིང་ཆེན་དང་གྲོང་ཁྱེར།རྫོང་བཅས་རིམ་པའི་ཏང་ཨུ་ཡིས་དུས་ལྟར་ཞིང་སྡེ་དར་རྒྱས་གཏོང་བའི་ལས་དོན་ལ་ཞིབ་འཇུག་བྱ་དགོས། རྫོང་ཨུའི་ཧྲུའུ་ཅིས་སེམས་ནུས་གཙོ་བོ་“ཞིང་གསུམ་”ལས་དོན་སྟེང་འདོན་དགོས། ཞིང་སྡེ་དར་རྒྱས་གཏོང་བའི་འབྲེལ་གཏུག་བྱེད་གནས་ལམ་ལུགས་བཙུགས་ཏེ། ཞིང་ཆེན་དང་གྲོང་ཁྱེར།རྫོང་བཅས་རིམ་པའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་ཚང་མས་འབྲེལ་གཏུག་བྱེད་གནས་གཏན་འཁེལ་བྱ་དགོས། རྫོང་དང་ཡུལ་ཚོ།སྡེ་བ་བཅས་རིམ་པ་གསུམ་གྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཡུལ་ཚོ་དང་སྡེ་བ་དར་རྒྱས་སུ་གཏོང་བ་དང་།  ཏང་གིས་ཞིང་སྡེའི་ཤེས་ལྡན་མི་སྣའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བྱས་ཏེ་ཞིང་སྡེའི་ཤེས་ལྡན་མི་སྣ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཏང་ཨུའི་ཤེས་ལྡན་མི་སྣའི་ལས་དོན་གྱི་སྤྱིའི་བཀོད་སྒྲིག་ནང་འཇོག་པ་དང་། ཞིང་སྡེའི་ཁྱད་ཆོས་དང་འཚམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཤེས་ལྡན་མི་སྣས་ཞིང་སྡེ་ལ་ཞབས་འདེགས་ཞུ་བའི་སྐུལ་ལྕག་དང་གཅུན་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཆབ་སྲིད་ཐོག་ཉམས་སད་ཐེག་པ་དང་འཇོན་ནུས་ཆེན་པོ་ལྡན་པ། སྤྱོད་ཚུལ་ཐོག་ཉམས་སད་ཐེག་ཐུབ་པ་བཅས་ཀྱི་ཞིང་སྡེ་དར་རྒྱས་གཏོང་བའི་ལས་བྱེད་པའི་དཔུང་སྡེ་གང་མགྱོགས་ཀྱིས་འཛུགས་སྐྲུན་བྱེད་པ་དང་། ཕུལ་བྱུང་ལས་བྱེད་པ་ཞིང་སྡེ་དར་རྒྱས་གཏོང་བའི་ལས་གནས་དང་པོར་བདམས་མངག་བྱས་ཏེ་ཞིང་སྡེ་དར་རྒྱས་གཏོང་རྒྱུ་དེ་ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་བྱེད་པའི་ལས་སྟེགས་རྒྱ་ཆེན་པོ་ཞིག་ཏུ་བརྩིས་ནས། དཀའ་ཚེགས་ཆེ་བའི་ས་ཁུལ་དང་ལས་གནས་གཙོ་བོ་རུ་ལས་ཀ་བྱེད་པའི་རིང་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་བྱེད་པ་དམིགས་བསལ་གྱིས་སྔོན་ལ་བློས་འཁེལ་བཀོལ་སྤྱོད་བྱ་དགོས།

(ཉེར་གསུམ།)ཏང་ཨུའི་ཞིང་སྡེ་ལས་དོན་འགོ་ཁྲིད་ཚོ་ཆུང་དང་ལས་སྒྲུབ་སྒྲིག་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་པ་ཁག་གི་ཏང་ཨུ་དང་ཞིང་སྡེ་ལས་དོན་འགོ་ཁྲད་ཚན་ཆུང་གིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་དང་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁོངས་མིའི་ཚན་པས་ཞིང་འབྲེལ་སྲིད་ཇུས་གལ་ཆེན་འདོན་སྐབས་ཏང་ཨུ་དང་ཞིང་སྡེ་ལས་དོན་འགོ་ཁྲིད་ཚན་ཆུང་གི་བསམ་འཆར་བསྡུ་ལེན་བྱེད་པ་དང་འབྲེལ་ཐོ་འགོད་བྱེད་དགོས། ས་གནས་ཁག་གིས“དར་རྒྱས་ཆེན་པོ་ལྔའི”དམིགས་ཚད་ལས་འགན་ལ་གཞིགས་ཏེ་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་འགོ་ཁྲིད་པའི་ཆེད་དོན་ཚན་ཆུང་ངམ་ཡང་ན་ལས་ཀའི་ཆེད་དོན་འཛིན་གྲྭ་བཙུགས་ནས་དོན་འཁྱོལ་གྱི་རྩིས་ཁྲ་བཟོ་བ་དང་ལས་ཀའི་འགན་འཁྲི་ཏན་ཏིག་གིས་བསྒྲུབ་དགོས། ཏང་ཨུའི་ཞིང་སྡེ་ལས་དོན་འགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་གིས་ཇུས་ཐག་གཅོད་པའི་ཐབས་ཇུས་འདོན་པ་དང་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པ།སྲིད་ཇུས་ཀྱིས་ཁྲིད་སྟོན་བྱེད་པ།དོན་འཁྱོལ་ལ་སྐུལ་འདེད།ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་འགན་ནུས་ཆེ་རུ་བཏང་སྟེ།ལོ་རེར་“ཞིང་གསུམ་”ལས་དོན་གྱི་གཙོ་གནད་ལས་འགན་ཁག་བགོས་དང་།འགན་འཁྲི་སྡེ་ཁག་སོ་སོར་དོན་འཁྱོལ་བྱས་ནས་དུས་བཀག་ལྟར་བཀོད་གཏོང་ལས་དོན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། ཏང་ཨུའི་ཞིང་སྡེའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་གི་སྒྲིག་གཞི་བཀོད་སྒྲིག་དང་མི་སྣ་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས།

(ཉེར་བཞི།)ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་ཞིང་སྡེ་བཅོས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས། ཞིང་སྡེ་་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།ཏང་སྐྱོང་དམ་འཛིན་བྱས་ནས་ཞིང་སྡེ་་དར་རྒྱས་གཏོང་དགོས། གོ་རིམ་ལྡན་པའི་སྒོ་ནས་ཡུལ་ཚོ་དང་གྲོང་རྡལ་དང་སྡེ་བ་གཅིག་བསྡུས་སྐབས་བརྗེ་དང་།ཡུལ་ཚོ་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་པ་དང་།ཞིང་སྡེའི་“ཨུ་ལྷན་གཉིས་”ཀྱི་ཁོངས་མི་དང་། ཁྱད་པར་དུ་ཞིང་སྡེའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལེགས་འདེམས་ཧྲག་སྒྲུག་བྱ་དགོས། ཆ་རྐྱེན་འཛོམས་པའི་ས་གནས་སུ་ཞིང་སྡེའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཁྲིམས་བཀོད་གོ་རིམ་བརྒྱུད་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་འཁུར་རྒྱུ་ཁྱབ་སྤེལ་བྱེད་དགོས་པ་དང་།ཡུལ་བབ་དང་བསྟུན་པ་ལས་“གཅིག་དཔེ་བརྒྱ་འགེབས་”བྱེད་མི་རུང་། སྐབས་བརྗེ་དང་དུས་མཉམ་དུ་སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལེགས་འདེམས་ཧྲག་སྒྲུག་དང་།གཞི་རིམ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་རྩ་འཛུགས་ཀྱིས་སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དང་མཐུན་སྦྱོར་རོགས་ལས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་ཤུགས་སྣོན་བརྒྱབ་ཡོད། ཞིང་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་རུལ་སུངས་ཀྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ཁྲིམས་གཅོད་བྱ་དགོས། གཙོ་གནད་ཞིང་སྡེ་ལ་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་འདེམས་མངགས་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་ན་གཞོན་ཕུལ་བྱུང་ཁྲོད་དུ་ཏང་ཡོན་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་བ་དང་།ཞིང་སྡེའི་གཞི་རིམ་ལས་བྱེད་པར་སྐུལ་སློང་དང་ཐུགས་ཁུར་བྱེད་ཤུགས་ཆེ་རུ་གཏོང་བ། གླ་ཕོགས་ཁ་གསབ་ཀྱི་ཐོབ་ཐང་མཐོ་རུ་གཏོང་བ། ལས་ཀ་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་དཀའ་ངལ་དངོས་ནན་ཏན་གྱིས་སེལ་རོགས་བྱ་དགོས། སྡེ་བའི་ཨུ་ལྷན་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་དང་སྡེ་དོན་ཡོངས་བསྒྲགས་བྱེད་པའི་“ཉི་འོད་བཟོ་སྐྲུན”ལ་སྐུལ་འདེད་གཏོང་དགོས།  ཞིང་སྡེ་བཅོས་སྐྱོང་གི་ཚོད་ལྟའི་དཔེ་སྟོན་གསར་འཛུགས་ལས་དོན་སྤེལ་དགོས། དམངས་གཙོ་ཁྲིམས་སྐྱོང་གི་དཔེ་སྟོན་སྡེ་བ་གསར་འཛུགས་དང་ཞིང་སྡེའི་ཁྲིམས་སྦྱོང་ཁྲིམས་སྤྱོད་དཔེ་སྟོན་ཁྱིམ་ཚང་གསོ་སྐྱོང་བྱ་དགོས། ཞིང་སྡེའི་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ནས་འགལ་བ་དང་རྩོད་གཞི་རང་སར་སེལ་རྒྱུར་སྐུལ་འདེད་གཏོང་དགོས། བདེ་འཇགས་ཀྱི་ཞིང་སྡེ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཞིང་སྡེ་ས་ཁུལ་གྱི་ནག་ཚོགས་གཙང་སེལ་རྒྱུན་ལྡན་ཅན་དུ་འགྱུར་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རྫོང་དང་ཡུལ་ཚོ། སྡེ་བ་བཅས་ཀྱི་འཕྲལ་སྡོམ་དོ་དམ་དང་མེ་ཟོན་བདེ་འཇགས་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ནས་རང་བྱུང་གནོད་འཚེ་དང་སྤྱི་པའི་འཕྲོད་བསྟེན།བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སོགས་གལ་ཆེའི་དོན་རྐྱེན་གྱི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་གཏོང་བ། འཕྲལ་སྡོམ་ཐག་གཅོད་བཅས་ཡག་པོ་བྱེད་དགོས།

(ཉེར་ལྔ།)དུས་རབས་གསར་པའི་ཞིང་སྡེའི་བསམ་པའི་དཔལ་ཡོན་སྤེལ་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་ལག་བསྟར་བྱས་ནས།  ཞིང་པ་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱེད་པའི་སློབ་གསོ་གཏིང་ཟབ་སྤེལ་དགོས། དུས་རབས་གསར་པའི་དཔལ་ཡོན་གྱི་ལག་ལེན་ལྟེ་བ་འཛུགས་སྐྲུན་བྱེད་པའི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་མང་ཚོགས་རང་བཞིན་ལྡན་པའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་ཤུགས་གཏིང་ཟབ་ཏུ་གཏོང་དགོས།  རྫོང་རིམ་པའི་དངུལ་རྩའི་སྨྱན་སྦྱོར་ལྟེ་གནས་སྟོབས་ལྡན་དང་བེད་སྤྱོད་ལེགས་པོ་བྱ་དགོས། ཞིང་སྡེ་ཡིས“ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ།ཏང་གི་རྗེས་སུ་འབྲང་བ་”བཅས་ཀྱི་སྒྲོག་སྦྱོང་བྱེད་སྒོ་གཏིང་ཟབ་སྤེལ་དགོས། ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་རྒྱུན་འཛིན་གཏིང་ཟབ་བྱས་ནས་སྲུང་སྐྱོང་རྒྱུན་འཛིན་དང་གསར་སྤེལ་བེད་སྤྱོད་ཟུང་འབྲེལ་བྱས་ཏེ་ཀྲུང་ཧྭའི་ཞིང་ལས་དཔལ་ཡོན་ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་དགོས། ཞིང་སྡེའི་གོམས་སྲོལ་བསྒྱུར་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་ཆ་བསགས་ལམ་ལུགས་དང་།ཀུན་སྤྱོད་དཔྱད་གླེང་ཚོགས་འདུ།དམར་དཀར་ལས་འཛིན་ལྷན་ཚོགས་སོགས་ཀྱི་བྱེད་ཐབས་ཁྱབ་སྤེལ་གཏོང་དགོས།རིན་གོང་མཐོ་བའི་གཉེན་རྟེན་དང་ངོ་སོ་བསྡུར་རེས། དུར་རྫས་རྒྱ་ཆེར་གཏོང་བ། རྒྱས་སྤྲོས་ཆུད་ཟོས་བྱེད་པ།བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་སོགས་དར་སྲོལ་མི་ལེགས་པ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཡ་རབས་ཀྱི་ཡུལ་སྲོལ་དང་།ཁྱིམ་སྲོལ་བཟང་པོ།བབ་ཆགས་ཀྱི་དམངས་སྲོལ་བཅས་ཆགས་པར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་དང་མངའ་ཁོངས་ཕྱི་རོལ་གྱི་སིམ་འཛུལ་བྱ་འགུལ་ལ་རྡུང་རྡེག་གཏོང་ཤུགས་ཇེ་ཆེ་རུ་བཏང་སྟེ།ཆོས་ལུགས་བེད་སྤྱད་དེ་ཞིང་སྡེའི་སྤྱི་པའི་ལས་དོན་ལ་ཐེ་གཏོགས་བྱེད་པར་ཁྲིམས་ལྟར་བཀག་འགོག་བྱ་དགོས། ཀྲུང་གོའི་ཞིང་པའི་ལོ་ལེགས་བྱུང་བའི་དུས་ཆེན་ཡག་པོ་གཉེར་དགོས།

(ཉེར་དྲུག)ཞིང་སྡེ་དར་རྒྱས་གཏོང་བའི་དཔྱད་ཞིབ་དོན་འཁྱོལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཞིང་ཆེན་ཁག་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)གི་ཏང་ཨུ་དང་སྲིད་གཞུང་གིས་ལོ་རེར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞིང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཚུལ་སྙན་སེང་ཞུ་དགོས། གྲོང་ཁྱེར་དང་རྫོང་གི་ཏང་སྲིད་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པར་ཞིང་སྡེ་དར་རྒྱས་གཏོང་བའི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱ་རྒྱུ་དང་།ཏང་སྲིད་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་གི་ནང་དོན་ནང་འཇུག་པ།དཔྱད་ཞིབ་བྱས་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ།ཞིང་སྡེ་དར་རྒྱས་གཏོང་བའི་གྲུབ་འབྲས་དངོས་མངོན་གསལ་ཡིན་པའི་གྲོང་ཁྱེར་དང་རྫོང་གི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གནས་སྤར་དང་བཀོལ་སྤྱོད་བྱེད་པར་དོ་སྣང་བཅས་བྱ་དགོས། དཔྱད་ཞིབ་ཀྱི་ཨང་རིམ་རྗེས་སུ་ལུས་པ་དང་འགན་འཁྲི་ཡག་པོ་མི་སྒྲུབ་པའི་གྲོང་ཁྱེར་དང་རྫོང་གི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོར་སྐོང་འདྲི་བྱས་ནས་རྒྱུན་རྣམ་ཅན་གྱི་ཁ་བརྡའི་གྲོས་མོལ་ལམ་སྲོལ་བཙུགས་ཡོད། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་ཞིང་སྡེ་དར་རྒྱས་ཀྱི་དཔྱད་ཞིབ་ནང་འཇུག་རྒྱུ་རེད། ཞིང་སྡེ་དར་རྒྱས་གཏོང་བའི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ལྟ་ཞིབ་བྱེད་སྟངས་གསར་གཏོད་དང་འཐུས་ཚང་དུ་གཏོང་བ། གནས་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་པ།སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མུ་མཐུད་དུ་ཡོ་བསྲང་དང་བཅོས་སྐྱོང་བྱས་ཏེ་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་ལུགས་དང་མི་མཐུན་པའི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ་དེ་ཀྲུང་དབྱང་གི་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ལྟ་སྐུལ་ཞིབ་བཤེར་གྱི་གཙོ་གནད་ནང་དོན་དུ་འཇུག་དགོས། དངོས་ཐོག་བདེན་འཚོལ་དང་ཁྲིམས་ལྟར་སྲིད་འཛིན་རྒྱུན་འཁྱོངས་བྱས་ནས་ཞིང་སྡེའི་ལས་དོན་ཁག་གི་ཕན་འབྲསཁོང་དུ་ཆུད་པར་བྱས་ནས། ཞིང་སྡེ་དར་རྒྱས་གཏོང་བའི་དྲིལ་བསྒྲགས་ལས་ཀར་ཤུགས་བསྣན་ཏེ་སྤྱི་ཚོགས་ཡོངས་སུ་ཐུན་མོང་སྒོས་ཞིང་སྡེ་དར་རྒྱས་གཏོང་བའི་རྣམ་པ་བཟང་པོ་བསྐྲུན་དགོས།

ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་གསར་གཏོད་ཡར་བརྩོན་དང་དམ་པ་དོན་གཉེར།ཞིང་སྡེ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་དང་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ།“ཞིང་གསུམ་”ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་གསར་སྐྲུན་བྱེད་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་།བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་ལེགས་སྐྱེས་གསར་པ་འབུལ་དགོས།

ལོ་ཙཱ་བ། སྒྲོལ་མ་སྐྱིད།  ཤ་བོ་རིན་མཚོ།  ཚེ་རིང་སྒྲོལ་མ། གཡང་འབུམ་རྒྱལ།