བབ་བསྟུན་མདུན་སྐྱོད་སྒོས་མུ་མཐུད་དུ་འབད་བརྩོན་བྱེད་དགོས།
2021.03.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 27

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།

དབུལ་ཐར་གྱི་ཞྭ་མོ་ཕུད་པ་ནི་ཡོད་ཚད་མཇུག་རྫོགས་པ་མིན་པར། འཚོ་བ་གསར་བ་དང་འབད་འཐབ་གསར་བ་མགོ་བརྩམས་པ་ཡིན། རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “ང་ཚོར་ང་རྒྱལ་རང་རློམ་དང་ལྷོད་གཡེང་བྱེད་ས་མེད་པར། ངེས་པར་དུ་བབ་བསྟུན་མདུན་སྐྱོད་དང་མུ་མཐུད་འབད་འབུངས་བྱེད་དགོས་ལ།”རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་དང་བྱས་རྗེས་གསར་པ་འཇོག་ཕོད་པར་སྐུལ་སློང་བྱེད་དགོས།

དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཐོབ་རྗེས། ཕྱོགས་ཡོངས་ནས་ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས་པ་དང་། དེ་ནི“ཞིང་གསུམ”བྱ་བའི་གཙོ་གནད་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཞིག་ཡིན། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་པའི་ལོ་རྒྱུས་ཀྱི་འགག་སྒོ་རུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དགོས་ལ། ཕྱོགས་ཡོངས་ནས་ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་ནི་ཁྱོན་ཡོངས་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་རེད། ཕྱོགས་གཞན་ཞིག་ནས་ང་ཚོས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་བ་དང་ཆབས་ཅིག་ཞིང་སྡེ་དར་སྤེལ་གྱི་བྱ་བ་སྣ་ཚོགས་ལ་འབྲེལ་མཐུད་ནུས་ལྡན་བྱས་ཏེ། དབུལ་ཐར་གྱི་རྨང་གཞི་སྔར་ལས་སྲ་བརྟན་དང་ཕན་འབྲས་སྔར་ལས་རྒྱུན་མཐུད་ཡོང་བ་བྱེད་དགོས། ཕྱོགས་གཞན་ཞིག་ནས་ཞིང་སྡེ་དར་སྤེལ་གཏོང་བའི་ལས་དོན་ཆེན་པོ་འདི་ལེགས་པོར་བསྒྲུབས་ནས། ཞིང་སྡེའི་ཐོན་ལས་དང་ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་སོགས་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏང་དགོས། ཞིང་སྡེ་དར་སྤེལ་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་ཞིང་། ཞིང་སྡེ་དར་སྤེལ་འཐབ་ཇུས་ཀྱི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད། དཀའ་གནད་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་དེ་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་དང་གཅིག་མཚུངས་ཡིན་ལ། སྲིད་ཇུས་ཀྱི་མ་ལག་དང་བྱ་བའི་མ་ལག ལམ་ལུགས་ཀྱི་མ་ལག་བཅས་འཐུས་ཚང་དུ་བཏང་སྟེ། བྱེད་ཐབས་སྔར་ལས་ནུས་ལྡན་དང་སྟོབས་ཤུགས་སྔར་ལས་ཆེ་བ་གཅིག་བསྡུས་བྱས་ཏེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཞིང་ལས་ཀྱི་སྤུས་ཚད་མཐོ་བ་དང་ཕན་འབྲས་མཐོ་བ། ཞིང་སྡེའི་སྡོད་གནས་ཀྱི་ཁོར་ཡུག་དང་འཚམ་པ། ཞིང་པ་ཕྱུག་འགྱུར་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས།

ཐུན་མོང་འབྱོར་ཕྱུག་ཡོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་བླང་བྱ་ཡིན་པ་དང་། མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་སྒུག་རེད། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དེས་ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་པ་དང་། ཐུན་མོང་འབྱོར་ཕྱུག་ཡོང་བའི་བགྲོད་ལམ་སྟེང་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་ཡོད། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་དོ་མི་མཉམ་པ་དང་གང་ལེགས་མ་ཡིན་པའི་གནད་དོན་དང་མཁར་གྲོང་ས་ཁོངས་འཕེལ་རྒྱས་ཀྱི་བར་ཐག་ཇེ་ཆུང་དུ་གཏོང་བ། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་མི་དམངས་ཡོངས་ཐུན་མོང་གིས་ཕྱུག་བསྒྱུར་བྱེད་པའི་ལས་འགན་ལྕི་ལ་ལམ་ཐག་རིང་། སྤྱི་ཁྱབ་ཧྲུའུ་ཅུའུ་ཞི་ཅིང་ཕིང་གིས་གསུང་བ་བཞིན། “ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་ལམ་བུ་གསར་བའི་འཛུགས་སྐྲུན་བྱེད་པའི་ཁྲོད། ང་ཚོས་ངེས་པར་དུ་དམངས་ཡོངས་ཀྱི་ཐུན་མོང་ཕྱུག་འགྱུར་ལ་སྐུལ་སྤེལ་བྱ་རྒྱུ་དེ་གོ་གནས་གལ་ཆེན་དུ་བཞག་ནས། གོམ་འགྲོས་བརྟན་པོ་དང་ཡུན་རིང་འབད་བརྩོན་བྱས་ཏེ། དམིགས་འབེན་དེའི་ཕྱོགས་མ་སྐུལ་དང་བླངས་གིས་འབད་པ་ཧུར་ཐག་དང་། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་འབྱུང་བར་སྐུལ་སྤེལ་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་བས་འཐུས་ཚང་དང་འགན་སྲུང་། རྒྱུན་སྲིང་བྱེད་དགོས།” ཡོད་ཚད་དམངས་ཀྱི་ཆེད་དང་ཡོད་ཚད་མི་དམངས་ལ་བརྟེན་པ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་དབུས་སུ་ཉར་དགོས་པ་དང་། མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་རྒྱུ་དེ་འབད་བརྩོན་གྱི་དམིགས་འབེན་དུ་བཞག་ནས། བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་དྲང་བཞག་དྲང་བདེན་ངང་དམངས་ཡོངས་ལ་ཁྱབ་པ་སྐུལ་འདེད་བྱས་ཚེ། ད་གཟོད་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་བྱས་པར་མངོན་གསལ་གྱི་འཕེལ་རྒྱས་འབྱུང་ཐུབ།

ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱས་ནས། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་དེ་ཀྲུང་གོ་གུང་ཁྲན་ཏང་གི་འབད་འཐབ་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་ཀྱི་དཔལ་ཡོན་ལོ་རྒྱུས་བཅས་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། དེ་དང་མཉམ་དུ། ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ལ། འདི་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་པའི་འགག་རྩའི་གོམ་པ་དང་པོ་ཡིན་པས། ང་ཚོས་ང་རྒྱལ་ཁེངས་དྲེགས་མི་བྱེད་པ་དང་མདུན་སྐྱོད་བྱེད་མཚམས་ཀྱང་གཏན་ནས་འཇོག་མི་རུང་། ད་ལོར། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་གཟབ་རྒྱས་ཞུས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་གཏན་འབེབས་དང་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་བ་འཛུགས་སྐྲུན་བྱེད་འགོ་རྩོམ་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་ནས་དེང་རབས་ཅན་གཞི་རྩའི་སྟེང་མངོན་འགྱུར་བྱེད་པ། དེ་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཞིག་འགྲུབ་པར་བྱ་རྒྱུ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་བཀོད་སྒྲིག་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཡིན་པ་མ་ཟད། ང་ཚོའི་གཟི་བརྗིད་ལྡན་པའི་ལས་འགན་དང་བླ་ན་མེད་པའི་འགན་འཁྲིའང་ཡིན།

རི་བོ་ཇི་ལྟར་མཐོ་ཡང་གྱེན་དུ་འཛེག་ན་རི་རྩེར་ཐོན་ཐུབ་ལ། ལམ་ཇི་ཙམ་རིང་ཡང་གོམ་འགྲོས་མ་ལྷོད་ན་དམིགས་སར་སླེབ་ཐུབ། མུ་མཐུད་དུ་ཁེངས་སྐྱུང་གཟབ་ནན་དང་ང་རྒྱལ་འཚབ་འཚུབ་སྤངས་ནས་སྔར་བཞིན་དཀའ་སྤྱད་འབད་བརྩོན་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ན། ང་ཚོ་མདུན་སྐྱོད་ལམ་བུའི་སྟེང་གི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྒྱལ་ཏེ། རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་བསྐྱོད་ཐུབ་ངེས་རེད།

འདས་ཟིན་པར་ཕྱིར་མིག་བལྟས་ཚེ། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་དབུལ་ཕོངས་གནད་དོན་ཐག་གཅོད་བྱེད་པའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་ཆེན་ལེན་ཐུབ་ལ། མིའི་རིགས་ཀྱི་དབུལ་ཐར་ལོ་རྒྱུས་ཐོག་བྱས་རྗེས་ངོ་མཚར་བསྐྲུན་ཡོད། མ་འོངས་པར་རྒྱང་ལྟ་བྱས་ན། གསར་བྱུང་བྱས་རྗེས་ཆེན་པོ་འཇོག་པར་ང་ཚོས་སྟོབས་ཤུགས་གང་ཡོད་འདོན་དགོས་ལ། དེ་ལྟར་བྱས་ན་རྒྱལ་ཁ་སྔར་ལས་ཆེ་བ་ང་ཚོར་འཐོབ་ངེས་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་། སྒྱིད་ལུག་གཏན་ནས་མི་བྱེད་པའི་བསམ་བློའི་འཁྱེར་ཕྱོགས་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་འགྱུར་ཐོག་ནས་དངོས་འཛིན་དངོས་སྒྲུབ་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས།

ལོ་ཙཱ་བ། དངོས་སྦྱོང་སློབ་མ་རྣམ་རྒྱལ་མཚོ། བཙན་ལྷ་མགོན།