མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་སྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱུན་མ་ཆད་པར་གྲུབ་འབྲས་གསར་པ་ལེན་དགོས།
2021.03.08 ཁུངས། འོད་ཟེར་ཉིན་རེའི་ཚགས་པར། ཀློག་གྲངས། 12

ཟླ3ཚེས7ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད། གྲོས་ཚོགས་སྟེང་ཝང་ཅན་ཅོན་དང་། ཨ་ཧྲིན་ཆིན།ཁུང་ཆེན་ཅུའུ།བཀྲ་ཤིས་རྡོ་རྗེ།མིན་ཧེ།ཧྲ་ཧྥེང་སོགས་འཐུས་མི་6གིས་སོ་སོར་བསམ་ཚུལ་བརྗོད་པ་རེད། འཐུས་མིའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་ཁྲོད་ཚུར་སྣང་དྲག་པོ་བྱུང་། འོད་ཟེར་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་ནས་འོངས་པའི་གཏམ་བཤད་འཐུས་མི་དང་ཚོགས་ཞུགས་འཐུས་མི་ཁག་ཅིག་ལ་བཅར་འདྲི་བྱས། འཐུས་མི་ཚོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སྔར་ལས་ལྷག་པར་སློབ་སྦྱོང་དང་དོན་འཁྱོལ་ལེགས་པོ་བྱེད་པ་དང་།  སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་དང་ཟུང་འབྲེལ་དམ་པོ་བྱས་ནས།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ།སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པའི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་རྒྱུན་མི་ཆད་པར་ལེན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་བྱས་རྗེས་འཇོག་དགོས་པར་བསྟན།

མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོའི་ས་གནས་ཀྱི་འཚོ་བའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་མང་པོ་བཀའ་འདྲི་གནང་བྱུང་ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གནས་ཚུལ་སྐོར་འཐུས་མི་ཨ་ཧྲེང་ཆིན་གྱིས་གླེང་སྐབས། ཁོ་མོར་སེམས་འགུལ་ཐེབས་ནས་མིག་མཐར་མཆི་མ་ཡང་ཡང་འཁོར་བྱུང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་སྡེའི་སྡོད་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་།ཞིང་སྡེའི་སྡོད་དམངས་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ལ་ཤུགས་སྣོན་པ།དཔལ་ཡོན་ལྡན་པའི་ཞིང་སྡེའི་གོམས་སྲོལ་སྐྱེད་སྲིང་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་གསུངས།

རྒྱལ་ཡོངས་ཀྱི་ཧོར་རིགས་འཐུས་མི་གཅིག་པུ་ཡིན་པའི་འཐུས་མི་ཨ་ཧྲེང་ཆིན་གྱིས་སྤྱི་ཁྱབ་ཧྲུའུ་ཅིར་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་དབུལ་མཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྙན་ཞུ་བྱས། ཁོས་བཤད་རྒྱུར། ཧུའུ་ཀྲུའུ་རྫོང་པན་ཡན་སྡེ་བ་ནི་མ་གཞི་ནས་སྡེ་བ་དབུལ་པོ་ཞིག་ཡིན་མོད་ལོ་འདི་དག་གི་རིང་སྡེ་མི་རྣམས་ཀྱི་འཚོ་བ་མུ་མཐུད་དུ་ཇེ་ལེགས་སུ་སོང་སྟེ། གློག་སྤྱོད་ཚ་ཐབ་ཡོད་པ་དང་གཙང་སྦྲ་ལེགས་པའི་གསང་སྤྱོད་ཁང་ཡོད་པ།  གནས་སྐོར་ལ་བརྟེན་ནས་ཡོང་སྒོ་ཡོད་པར་གྱུར་བས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་བཞིན་ཡོད་དེ། ད་ལྟ་མི་རེའི་ཆ་སྙོམས་ཡོང་འབབ་ལོ་ལྔའི་སྔོན་གྱི་སྒོར་2600ནས་ད་ལྟའི་སྒོར་11419བར་མང་དུ་འཕར་ཡོད། ཅུང་མ་འགོར་བའི་སྔོན་དུ་པན་ཡན་སྡེ་བ་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་མིག་དཔེ་སྡེ་བར་བདམས་པས་སྡེ་མི་རྣམས་དགའ་སྤྲོ་ཚད་མེད་སྐྱེས་བཞིན་འདི་དག་ཚང་མ་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་བྱུང་བ་རེད་ཅེས་བརྗོད་ཀྱི་ཡོད་ཟེར།

འཐུས་མི་ཨ་ཧྲེང་ཆིང་ཆིན་གྱིས་ད་ལྟ་ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་དང་ཁྱད་ལྡན་ཐོན་ལས་སོགས་ཀྱི་ཐད་འགྱུར་ལྡོག་ཆེན་པོ་བྱུང་ནས་སྡེ་མི་ཚོར་སྔར་ལས་ཡིད་ཆེས་ཀྱི་ཁེངས་ཤིང་འཚོ་བ་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད། ད་ལྟ་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོསག་ཀྱིས་ལྷག་བསམ་རྣམ་དག་གིས་སྤྱི་ཁྱབ་ཧྲུའུ་ཅི་མཚོ་སྔོན་དུ་ཕེབས་པར་དགའ་བསུ་བྱེད་བཞིན་ཡོད་ཟེར།

རི་སྔོ་ཆུ་དྭངས་དེ་དུས་ནམ་ཡང་མཚོ་སྔོན་གྱི་ཁྱད་སྟོབས་དང་ང་རྒྱལ་དུ་འགྱུར་བར་བྱེད་དགོས།

ཡུལ་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཉན་རྗེས་འཐུས་མི་ཁུང་ཆེན་ཅུའུ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོ་མོས་བཤད་རྒྱུར། མང་ཚོགས་ཀྱི་འཚོ་བའི་དོན་ཆུང་ནི་སྤྱི་ཁྱབ་ཧྲུའུ་ཅིའི་སེམས་ནང་གི་དོན་ཆེན་དུ་བརྩི་བཞིན་ཡོད་པས་ང་ཚོའི་སེམས་སུ་དངོས་གནས་བྱམས་བརྩེ་ལྡན་ཞིང་སེམས་འགུལ་ཆེན་པོ་ཐེབས་པ་ཞིག་རེད་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་མཚོན་ན་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཐད་འགན་འཁྲི་ལྕི་མོ་ཡོད་པས། ངེས་པར་དུ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ།ཀྲུང་ཧྭའི་ཆུ་གཏེར་སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་གལ་ཆེན་འཁུར་ནས་རྒྱལ་ཁབ་དང་མི་རིགས། བུ་རབས་ཚ་རྒྱུད་བཅས་ལ་འགན་འཁུར་དགོས་ཞེས་ནན་གྱིས་གསུངས།

མདོ་ལ་རིང་མོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆེས་དངོས་ཡོད་ཀྱི་གྲུབ་འབྲས་མཚོན་ཆེད།རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་མ་ཞུགས་གོང་འཐུས་མི་ཁུང་ཆེན་ཅུའུ་ཆེད་དུ་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ས་ཚིགས་འགར་རྟོག་ཞིབ་བྱེད་དུ་སོང་།  ཚོགས་འདུའི་ཐོག་ཁོ་མོས་གསའ་དང་ཐང་རྒོད་ཀྱི་བྱི་ལའི་པར་གཉིས་བསྟན་པ་མ་ཟད།  ད་ལྟ་སྐྱེ་ཁམས་དོ་དམ་དེ་བས་གཟབ་ནན་དུ་ཕྱིན་པ་དང་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སླར་གསོ་ཐུབ་ཡོད་ཅེས་སྤྱི་ཁྱབ་ཧྲུའུ་ཅིར་སྙན་ཞུ་ཕུལ།

གཞན་བདག་སྐྱོང་ས་ཚིགས་དེ་དག་གི་བདག་སྐྱོང་བ་ཚོས་ཁོ་མོར་བཤད་རྒྱུར།  ད་ལྟ་ཁྲུང་ཁྲུང་མགོ་ཁྲ་དང་ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་རྩ་ཆེའི་སྲོག་ཆགས་ཀྱི་གྲངས་འབོར་མང་དུ་ཕྱིན་ཡོད་པ་དང་། དེ་སྔ་མཐོང་དཀོན་པའི་གསའ་དང་ཐང་རྒོད་ཀྱི་བྱི་ལ་ཡང་ད་ལྟ་གྲམ་ཐང་དང་རྩྭ་ཐང་སོགས་སུ་མཐོང་ཐུབ་གྱི་ཡོད་ཟེར། སྡེ་མི་རྣམས་ཀྱིས་ཀྱང་སྔོན་ཆད་དང་བསྡུར་ན་བྱེ་རྡོ་གང་བྱུང་དུ་སྔོག་མཁན་མེད་པར་གྱུར་པས་རི་ཆུ་ལྗང་མདོག་ལྡན་ཞིང་བྱེ་རླུང་ཆུང་དུ་ཕྱིན་པ།ཆུ་བོ་དྭངས་ཤིང་གཙང་བར་གྱུར་ཡོད་པ་དང་ཐོན་སྐྱེད་བྱེད་སྟངས་ཐད་ཀྱང་འགྱུར་ལྡོག་བྱུང་ནས་སྐྱེ་ཁམས་སྲུང་སྐྱོབ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་ཟེར།

རྒྱའི་གླུ་གཞས་ནི་མཚོ་སྔོན་གྱི་དམངས་གཞས་ཤིག་རེད།འཐུས་མི་ཁུང་ཆེན་ཅུའུ་ཡིས་བཤད་རྒྱུར། ད་ལྟ་ང་ཚོའི་ས་གནས་སུ་གླུ་གཞས་འདི་འདྲ་ཞིག་ལེན་བཞིན་ཡོད་དེ།  ཏ་པན་ཡུལ་ནས་མིན་ཡོན་ཕྱོགས་ལ་རྒྱང་ལྟ་བྱས་ན། རི་སྔོ་ཆུ་དྭངས་སྔར་ལས་མཚེས་སྡུག་ལྡན། ཏང་གི་བཀའ་དྲིན་དྲོད་སྐྱིད་དྲན་དུས། དབུལ་ཐར་ཕྱུག་འགྱུར་གྱི་འབྱོར་འབྲིང་ལམ་བུ་སྔར་ལས་ཡངས།   འཐུས་མི་ཁུང་ཆེན་ཅུའུ་ཡིས་བལྟས་ན། གླུ་གཞས་དེ་ལས་མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་དྲིན་ལན་འཇལ་བའི་བརྩེ་སེམས་གང་ལེགས་སྒོས་མཚོན་ཡོད་པར་མ་ཟད། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཀྱི་རྒྱང་ལྟའི་རང་བཞིན་དང་ཡང་དག་རང་བཞིན་ཡང་མཚོན་ཡོད་པར་འདོད།

རྨ་འབྲི་རྫ་གསུམ་མགོ་ཁུངས་ནས་གླུ་ཞིག་བླངས་ཏེ་ཏང་ལ་འབུལ།

ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གནོད་ཤུལ་བསྐྱར་འཛུགས་རྗེས་ཀྱི་འགྱུར་ལྡོག་གསར་པ་དང་འཚོ་བ་གསར་པ་ཡར་ཞུ་ཞུས་པ་ཡིན། ཚེས་7ཉིན་གྱི་ཕྱི་དྲོའི་སྤྱི་ཁྱབ་ཧྲུའུ་ཅི་དང་ངོ་ཐུག་པའི་གནས་ཚུལ་སྐོར་གླེང་སྐབས་འཐུས་མི་བཀྲ་ཤིས་རྡོ་རྗེ་ལ་སྔར་བཞིན་སེམས་འགུལ་ཆེན་པོ་ཐེབས་བཞིན་འདུག

“སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་ཨང་དང་པོར་འཇོག་པ”དང“རི་སྔོ་ཆུ་དྭངས་དེ་ནམ་ཡང་མཚོ་སྔོན་གྱི་ཁྱད་སྟོས་དང་སང་རྒྱལདུ་འགྱུར་བ་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་བུ་རབས་ཚ་རྒྱུད་ཀྱི་འཚོ་རྟེན་བྱེད་དགོས།”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེས་སྔར་བཞིན་སྐྱེ་ཁམས་སྲུང་སྐྱོབ་ཐད་མངགས་བཅོལ་ཟབ་མོ་གནང་ཡོད་པས་འཐུས་མི་བཀྲ་ཤིས་རྡོ་རྗེ་ལ་མྱོང་ཚོར་ཟབ་མོ་སྐྱེས་ཡོད་པ་སྟེ།  “སྐྱེ་ཁམས་སྲུང་སྐྱོབ་བྱས་པར་བརྟེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྔར་ལས་མཛེས་སྡུག་ལྡན་པར་གྱུར་བ་དང་། ཁུལ་ཡོངས་ཀྱི་འབྲོག་པ་མང་ཚོགས་འབུམ་གསུམ་ལ་སྐྱེ་ཁམས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།”

མཛེས་སྡུག་གི་ཡུལ་ལྗོངས་ཀྱིས་སྒྱུ་རྩལ་བྱ་བ་བྱེད་མཁན་ཚོའི་སེམས་ཀྱི་ཞིང་ས་བརླན་པར་བྱས་ཡོད།  ཉེ་བའི་ལོ་ཤས་རིང་།བཀྲ་ཤིས་རྡོ་རྗེས་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཁུལ་མི་རིགས་གླུ་གར་ཚོགས་པའི་སྣེ་ཁྲིད་དེ་ཕ་ཡུལ་གྱི་འཚོ་བ་གསར་པ་དང་སྐྱེ་ཁམས་མཛེས་ལྗོངས་གསར་པ་མཚོན་པའི་རིག་རྩལ་ལེ་ཚན་མང་པོ་གསར་རྩོམ་བྱས་པར་འབྲོག་པ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད། ང་ཚོས་བརྩམས་པའི་རོལ་དབྱངས་ཟློས་གར་《སྒྲོལ་མ》ཞེས་པ་དེ་ནི་མི་དང་རང་བྱུང་ཁམས་བར་གྱི་གཏམ་རྒྱུད་ཅིག་ཡིན་པ་སྟེ། དེ་ལས་ཁྲུང་ཁྲུང་སྐེ་ནག་གནས་སྤོ་བྱེད་སྐབས་གནོད་འཚེ་ཕོག་པ་དང་སྒྲོལ་མས་དེ་ཁྱིམ་དུ་འཁྱེར་ཡོང་ནས་སེམས་ཞིབ་མོས་ལྟ་རྟོག་བྱས་ཚུལ་བརྗོད་ཡོད་པ་དང་།   ལོ་རྗེས་མར་ཁྲུང་ཁྲུང་སྐེ་ནག་དེས་འཁྲང་སེམས་ཀྱི་གཤོག་རུ་རྩྭ་ཐང་ནས་བརྐྱངས་ཞོར་རྒྱང་རིང་དུ་འཕུར་སྐྱོད་བྱས་པའི་གནས་ཚུལ་བཀོད་ཡོད་པ་དང་། ཁོས་འཁྲབ་ཚན་སྐོར་ཅིག་ད་ལོའི་ཟླ་བདུན་པར་འཁྲབ་སྟོན་བྱས་ཏེ་ལྟད་མོ་བ་དེ་བས་མང་པོ་ཞིག་ལ་ཡུས་ཧྲུའུ་ཡི་མཛེས་ལྗོངས་ཉམས་སུ་མྱོང་དུ་འཇུག་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་འཐུས་མི་བཀྲ་ཤིས་རྡོ་རྗེས་བཤད།

རང་བྱུང་སྐྱེ་ཁམས་རྒྱུན་ཆད་མེད་པར་ལེགས་བཅོས་དང་རིག་གནས་སྐྱེ་ཁམས་ཀྱང་རྗེས་ཟིན་ཐུབ་པ་བྱ་དགོས། འཐུས་མི་བཀྲ་ཤིས་རྡོ་རྗེས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་ནུས་ཤུགས་གང་ཡོད་འདོན་བཞིན་ཡོད་དེ། དཔེར་ན། སྔར་ལས་ལྷག་པའི་སྒོ་ནས་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་གསར་སྐྲུན་བྱེད་དགོས་སམ་ཞེ་ན།   དེའི་སྐོར་ནས་ངས་དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་ཟློས་གར་ཚོགས་པ་བཙུགས་ནས་དངོས་མིན་ཤུལ་བཞག་རིག་གནས་ལ་ཐུན་མོང་སྒོས་སློབ་སྦྱོང་དང་གསར་རྩོམ།འཁྲབ་སྟོན་བྱེད་པ་བཅས་ཀྱི་བྱེད་ཐབས་བརྒྱུད་ནས།  རྒྱུན་འཛིན་དང་གསར་གཏོད་ཐུབ་པ་བྱས་ཏེ་གསོན་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་མགོ་བཏོན་པ་ཡིན་ཟེར།

ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་སྐབས་སུ་འཐུས་མི་བཀྲ་ཤིས་རྡོ་རྗེ་ལ་བསམ་འདུན་ཞིག་ཡོད་པ་ནི།ང་ཚོས་ཡུས་ཧྲུའུ་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་བྱས་ནས་སླར་ཡང་ཏང་ལ་གླུ་ཞིག་བླངས་ནས་ཏང་ལ་ཉན་དུ་བཅུག་སྟེ། ང་ཚོའི་དགའ་སྤྲོ་དང་དྲིན་གཟོ། ཡིད་ཆེས་བཅས་ཀྱི་བསམ་པ་མཚོན་པར་བྱེད་དགོས་ཟེར།

རིགས་སོ་སོའི་མི་དམངས་མང་ཚོགས་ལ་དོན་བཟང་དང་དོན་དངོས་བསྒྲུབ་ནས་དཀའ་གནད་ཐག་གཅོད་བྱ་དགོས།

འཐུས་མི་ཧྲ་ཧྥང་གིས་བཤད་རྒྱུར།“ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སྐུལ་སྤེལ་གྱི་གནས་ཚུལ་སྙན་ཞུ་བྱས་ཤིང་། ཁོང་གིས་གཞི་རིམ་བྱ་བར་སེམས་ཁུར་བྱེད་བཞིན་པ་དེས་ང་ལ་སེམས་འགུལ་ཐེབས་སུ་བཅུག”“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློའི་སྣེ་ཁྲིད་འོག་ཉེ་བའི་ལོ་འགའི་རིང་ཟི་ལིང་གྲོང་ཁྱེར་གྱི་བདེ་འཇགས་འཛུགས་སྐྲུན་གྱི་གོམ་འགྲོས་ཇེ་མགྱོགས་སུ་ཕྱིན་ལ།མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚོར་སྣང་དང་ཡིད་ཚིམ་ཚད་ཀྱང་ཇེ་མཐོར་སོང་ཞིང་། ཁྲིམས་ལྟར་རྒྱལ་ཁབ་དང་སྲིད་གཞུང་སྐྱོང་བ། ཁྲིམས་ལྟར་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་བཅས་ནི་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་གྱི་བྱ་བ་ཞིག་ཏུ་གྱུར།”

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་དགོས་ལ།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ལ་ཤུགས་སྣོན་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།མི་རིགས་སོ་སོའི་མང་ཚོགས་ཀྱི་ཆེད་དུ་བྱ་བ་བཟང་བོ་བསྒྲུབ་དགོས་པ་དང་དོན་དངོས་རྣལ་མར་བསྒྲུབ་དགོས་པ། དཀའ་གནད་སེལ་བ་བཅས་བྱས་ཏེ། མི་རིགས་སོ་སོའི་ཐུན་མོང་ཕྱུག་འགྱུར་དང་མི་དམངས་མཐུན་སྒྲིལ་ཡོང་བར་སྐུལ་འདེད་བྱས་ནས་ལག་གདང་མཉམ་སྦྲེལ་གྱིས་མཛེས་སྡུག་གི་ཁྱིམ་གཞི་ཞིག་སྐྲུན་དགོས།

འཐུས་མི་ཧྲ་ཧྥང་ལ་དེའི་མྱོང་ཚོར་ཟབ་མོ་ཞིག་ཡོད་དེ།

“མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན་ལ། རིགས་སོ་སོའི་སྲོལ་རྒྱུན་དམངས་སྲོལ་མཉམ་གནས་བྱས་ཡོད་ཅིང་།ཕན་ཚུན་མཉམ་འདྲེས་མཐུན་སྦྱོར་བྱ་རྒྱུ་ཤིན་ཏུ་གལ་ཆེ།དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་རེ་བ་ཡིན་པས། ང་ཚོས་ངེས་པར་ཏུ་མི་རིགས་མང་བོ་འདུས་སྡོད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས།སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་ཇེ་བཟང་དང་མུ་མཐུད་དུ་རྨང་གཞི་རང་བཞིན་ལྡན་པའི་གཞི་རིམ་བཅོས་སྒྲིག་དེང་རབས་ཅན་གྱི་བྱ་བ་ལེགས་པར་འཛིན་དགོས།”

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོའི་བྱ་བར་ཕྱོགས་སྟོན་མཛད་ལ།ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་ལམ་བུ་གསར་བའི་འཛུགས་སྐྲུན་ཁྲོད་དང་། ཁྲིམས་སྐྱོང་འཐབ་རའི་ཁྲིམས་འཛིན་པ་ཞིག་ཡིན་པའི་ཆ་ནས། ངས་གཏིང་ཟབ་སྒོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་ལ་སློབ་སྦྱོང་དང་ལག་ལེན་མཐའ་འཁྱོལ་བྱེད་དགོས། ཞིབ་དཔྱོད་འགན་ནུས་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་དཀྱིལ་སྙིང་དང་དམ་པོར་སྦྲེལ་ནས། རང་ཉིད་ཀྱིས་སྒྲུབ་འོས་པའི་བྱས་རྗེས་འཇོག་དགོས། ”ཞེས་འཐུས་མི་ཧྲ་ཧྥང་གིས་ཡིད་ཆེས་བརྟན་པོའི་སྒོ་ནས་བཤད།

“ཀྲུང་ཧྭའི་ཆུ་གཏེར”སྲུང་སྐྱོབ་བཟང་བོ་བྱས་ནས་དཔྱིད་ཆུ་ཤར་དུ་རྒྱུག་ཐུབ་པར་འགན་ལེན་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཁྲོད།མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་ཡུན་གཏན་འཕེལ་རྒྱས་ཐད་ལ་འགན་ཆེན་པོ་ཁུར་ཡོད་པ་ནན་གྱིས་བསྟན།རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་ང་ཚོ་མཚོ་སྔོན་པའི་བླ་ན་མེད་པའི་འགན་འཁྲི་ཞིག་ཡིན།

འཐུས་མི་ཤ་བོ་སྒྲོལ་མས་གསར་འགོད་པར་བཤད་རྒྱུར།

“མཚོ་སྔོན་ལ‘ཀྲུང་ཧྭའི་ཆུ་གཏེར’ཅེས་བརྗོད་སྲོལ་ཡོད་ལ། གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་དམིགས་བསལ་གྱི་སྐྱེ་ཁམས་གནས་བབ་དང་དམིགས་བསལ་གྱི་སྐྱེ་ཁམས་རིན་ཐང་ཡང་ལྡན་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་དང་།རྨ་འབྲི་རྫ་གསུམ་ཆུ་འགོ་སྲུང་སྐྱོབ་།‘ཀྲུང་ཧྭའི་ཆུ་གཏེར’ལ་སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་གལ་ཆེན་ངེས་པར་དུ་འཁུར་དགོས་པའི་གལ་ཆེའི་བླང་བྱ་གནང་།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ངོས་ནས།རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་དོ་ཁུར་དང་དེའི་ནང་ཧུར་ཐག་གིས་ཞུགས་རྒྱུ་ནི་ངའི་འགན་འཁྲི་ཡིན།”

“ལོ་འདི་དག་གི་རིང་ང་རང་མཚོ་སྔོན་གྱི་ས་ཆ་མང་པོ་ཞིག་ལ་རྟོག་ཞིབ་ཏུ་བསྐྱོད་པ་ཡིན།སྐྱེ་ཁམས་ནི་ལོ་གཅིག་གི་རྣམ་པ་ཙམ་དང་ལོ་ལྔ་ཡི་རྣམ་པ་ཙམ་རེད་ཅེས་བརྗོད་ཆོག”ཅེས་བཤད།འཐུས་མི་ཤ་བོ་སྒྲོལ་མས་ད་ཆ་མཚོ་སྔོན་གྱི་འདམ་རའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་གནས་པ་དང་།མཚོ་སྔོན་པོའི་ཆུ་ཁོངས་ཀྱི་རྒྱ་ཁྱོན་ལོ་རེ་བཞིན་ཆེ་རུ་ཕྱིན་ཞིང་།གཙོད་ཁྲི་2ཀྱང་ཟིན་གྱི་མེད་པ་ནས་ཁྲི་7ཙམ་བར་སླར་གསོ་ཐུབ་ཡོད་ཅེས་ངོ་སྤྲོད་གནང་བ་དང་།ཆབས་ཅིག་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལས་སྐྱེ་ཁམས་བདག་སྐྱོང་བ་ཁྲི་1.7ལྷག་ཙམ་ལ“སྐྱེ་ཁམས་ཀྱི་བཟའ་བཅའ”ཐོབ་པ་དང་སྐྱེ་ཁམས་བདག་སྐྱོང་ཁ་གསབ་དེ་རོང་འབྲོག་པའི་ཡོང་འབབ་ཀྱི་ཡོང་ཁུངས་གལ་ཆེན་དུ་གྱུར་ཡོད།“འདི་དག་ཚང་མ་ནི་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཤིག་རེད”ཅེས་བཤད།

འཐུས་མི་ཤ་བོ་སྒྲོལ་མས་“ང་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཡིན་ལ་རང་འབབ་ཆུ་ཀུང་སིའི་ལས་བཟོ་བ་ཡང་ཡིན།ཕྱིར་ལོག་རྗེས་ངས་སྔར་བཞིན་རང་འཁྲིའི་ལས་དོན་བཟང་པོ་བསྒྲུབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཡུལ་མི་ཚོར་བརྒྱུད་བསྒྲགས་བྱེད་རྒྱུ་ཡིན།ཚང་མས་ནུས་ཤུགས་ཡོད་དགུས་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་བཟང་པོ་བསྒྲུབས་ཏེ‘ཀྲུང་ཧྭའི་ཆུ་གཏེར’ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཁུར་ནས་གཙང་ཆུ་ཤར་དུ་བཞུར་རྒྱུར་འགན་ལེན་བྱ་རྒྱུ་ཡིན”ཞེས་བཤད།

རི་ཀླུང་ཆུ་གསུམ་བརྩེ་བས་ཁེངས།

དམངས་ཀྱི་བདེ་སྡུག་གལ་ཆེན་ཡིན།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་མི་དམངས་དང་རི་ཆུ་ལ་བཅངས་བའི་བརྩེ་དུང་ཟབ་མོ་ནི་ཁོང་གི་བཀའ་གསུང་ལས་མངོན་ལ།ང་རང་སེམས་འགུལ་ཆེན་པོ་ཐེབས།”

འཐུས་མི་པི་ཧྲེང་ཀྲུང་གིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་ཁུར་མྱོང་ལ།2016ལོའི་རྒྱལ་ཡོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་དང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་གཉིས་ཀྱི་མཚོ་སྔོན་འཐུས་མི་ཚོགས་པའི་ཞིབ་བཤེར་དཔྱད་མོལ་ལ་ཞུགས་དུས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོ་དང་ཁ་བརྡ་ཐེངས་གཅིག་བྱས་མྱོང་།

འཐུས་མི་པི་ཧྲེང་ཀྲུང་གིས་བསྟན་དོན།སྐབས་དེ་དུས་ཀྱི་གནས་ཚུལ་ད་ལྟའང་མིག་ལམ་དུ་གསལ་ལེར་འཆར་འོང་ལ།སྤྱི་ཁྱབ་ཧྲུའུ་ཅི་ཡིས་བཀའ་འདྲི་ཞིབ་ཚགས་གནང་ཞིང་གཞི་རིམ་མི་དམངས་ལ་ཐུགས་ཁུར་ཆེན་པོ་གནང་གིན་འདུག་ཅེས་བཤད།དུས་ད་ལྟའང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔར་བཞིན་བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བཞིན་འདུག་ལ།དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཨང་དང་པོར་བཞག་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛེས་སྡུག་ཡིད་དུ་འོང་ལ་ལས་རིགས་སྣ་ཚོགས་དར་ཞིང་དམངས་སྐྱིད་སེམས་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་གསར་པ་འཛུགས་སྐྲུན་བྱ་དགོས་པའི་བཀའ་སློབ་གནང་བས།གཞི་རིམ་ནས་ཡོང་བའི་འཐུས་མི་པི་ཧྲེང་ཀྲུང་ལ་སེམས་བསྐྱེད་ཆེན་པོ་ཐེབས་པ་དང་།ཞིང་སྡེ་དར་རྒྱས་གཏོང་བར་ཐོན་ལས་ལ་བརྟེན་དགོས་ཤིང་།ཐོན་ལས་འཛུགས་སྐྲུན་ལ་ཁྱད་ཆོས་ལྡན་དགོས།ང་ཚོས་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་ཀྱི་བྱ་བ་ལ་ཤུགས་བརྒྱབ་སྟེ་སྡེ་བ་ནང་ཁྱད་ལྡན་ཐོན་ལས་མང་དུ་གཏོང་བ་དང་།གྲོང་གསེབ་དར་རྒྱས་གཏོང་བའི་མདུན་གྲལ་དུ་བསྐྱོད་པར་འབད་བརྩོན་བྱེད་དགོས།

འཐུས་མི་པི་ཧྲེང་ཀྲུང་གིས་བསྟན་དོན།ཕྱིར་ལོག་རྗེས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སློབ་སྦྱོང་ནན་མོ་དང་ཞིབ་འཇུག་གཏིང་ཟབ་བྱས་ནས།ཡུལ་མི་སྤུན་ཟླ་རྣམས་ཁྲིད་དེ་ཞིང་སྡེ་དར་རྒྱས་གཏོང་བའི་སྐལ་བ་བཟང་པོ་དམ་འཛིན་དང་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་འབད་བརྩོན་ལྷོད་མེད་བྱེད་དགོས།   

                                                                       ལོ་ཙཱ་བ། གཡང་འབུམ་རྒྱལ། དངོས་སྦྱོང་སློབ་མ་བཙན་ལྷ་མགོན།