དུས་རབས་གསར་བའི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བར་བརྩོན།
2021.03.09 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 41

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

ཟླ3པའི་ཚེས7ཉིན་གྱི་ཕྱི་དྲོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་སྟེང་ཞུགས་ཏེ་གསུངས་བཤད་གལ་ཆེན་གནང་བ་དེར་མཚོ་སྔོན་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲགས་པོ་བྱུང་།ཚང་མས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་གཏིང་ཟབ་མོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ།ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། མི་དམངས་དཀྱིལ་སྙིང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་སྒོ་འབྱེད་བསྟུད་མར་ཟབ་སྤེལ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། གཟི་བརྗིད་ཀྱི་གོམས་སྲོལ་དང་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ་བཅས་བྱས་ཏེ། སྐྱེ་ཁམས་དམིགས་བསལ་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པ་བཅས་ཀྱི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་སྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱུན་མ་ཆད་པར་གྲུབ་འབྲས་གསར་པ་ལེན་དགོས་པ་དང་། དུས་རབས་གསར་པའི་མཚོ་སྔོན་གྱི་ལེའུ་གསར་བ་རྩོམ་དགོས། མཚོ་སྔོན་གྱི་དགེ་མཚན་དང་ཐོན་ཁུངས་ཟུང་འབྲེལ་བྱས་ཏེ།རང་ས་ཁུལ་གྱི་གནས་ཚུལ་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བསྐྱོད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ཁྱད་སྟོབས་དང་ཐོན་ཁུངས་ལ་ཟུང་སྦྲེལ་བྱས་ཏེ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་པ། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བཅས་བསྐྲུན་པ་དང་། ལྗང་མདོག་ཐཱན་ཉུང་གི་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་བཙུགས་ནས། ས་ཁུལ་རང་གི་ཁྱད་ཆོས་མཚོན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་དགོས་ཟེར།

མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟིའི་སྤྱིའི་འགོ་གཙོ་ཡོན་ཧོང་བུས་ཀྱིས་བཤད་དོན།སྤྱི་ཁྱབ་ཧྲུའུ་ཅིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་པར་ཐུགས་རེས་བཏོན་པ་དེར་ང་ཚོ་ཡིད་འགུལ་ཆེན་པོ་ཐེབས་ཡོད།ཚྭ་མཚོའི་ཐོན་ཁུངས་ནི་མཚོ་སྔོན་གྱི་ཐོན་ཁུངས་ཆེན་པོ་གཅིག་ཡིན་ལ།རྒྱལ་ཡོངས་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་ཀྱང་ཡིན།ང་ཚོས་ཅྰ་ཕྱིར་འདོན་དང་མེའི་དམ་འཛིན།ལི་འཕེལ་རྒྱས།ཅྰན་ཧྲིལ་བསྡུས།ལིའུ་ལེགས་བཅོས་བཅས་ཀྱི་བཀོད་སྒྲིག་ལག་ལེན་ཟབ་མོ་བྱས་ཏེ།མུ་མཐུད་དུ་དཀའ་སྤྱད་འབད་བརྩོན་གྱི་ལས་སྐྲུན་སྙིང་སྟོབས་དར་སྤེལ་བཏང་ནས།ཏན་ཏན་ཏིག་ཏིག་སྒོས་ཁེ་ལས་ཐོན་སྐྱེད་བདག་གཉེར་དང་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་ལེགས་པོར་བསྒྲུབ་སྟེ།མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྔར་ལས་བྱས་རྗེས་གསར་བ་དང་ཆེན་པོ་འཇོག་དགོས་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་ནུས་ཁུངས་ཅུའི་ཅུའུ་ཀྲང་གཞོན་པ་ཀྲུག་བོའུ་ཡིས་བཤད་དོན།སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ནན་མོས་མི་སེམས་ལ་དྲོད་ཁོལ་སྦྱིན་པ་དང་།དཔའ་མཛངས་རྟུལ་ཕོད་ངང་མདུན་དུ་སྐྱོད་པར་སྐུལ་མ་བཏང་ཡོད།ང་ཚོས་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཐོན་ཁུངས་ཀྱི་དགེ་མཚན་གཞིར་བཟུང་ནས་ནུས་ཤུགས་གང་ཡོད་ཀྱིས་འཕེལ་རྒྱས་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ།རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་འཛུགས་པར་སྣེ་ཁྲིད་བྱེད་པ་དང་།ཤུགས་ཆེན་པོས་འོད་འགྱེད་དང་རླུང་གློག ནུས་ཁུངས་གསོག་པའི་ཐོན་ལས་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ནས།གཞི་ཁྱོན་གྱི་དགེ་མཚན་དང་ལས་ཕྱོད་ཀྱི་དགེ་མཚན།ཁྲོམ་རའི་དགེ་མཚན་བཅས་ལྡན་པའི་གདུང་འདེགས་ཀྱི་ཐོན་ལས་གཙོ་བོ་སྐྲུན་དགོས་ཟེར།

ཟི་ལིང་གྲོང་ཁྱེར་གྱི་འགོ་གཙོ་ཀྲང་ཞོ་རོང་གིས་བཤད་དོན།

ང་ཚོ་རང་འགུལ་གྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་རེས་འཁོར་གསར་བའི་ནུབ་རྒྱུད་གསར་སྤེལ།རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས།ལན་ཀྲོའུ་དང་ཟི་ལིང་གྲོང་གི་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་སོགས་འཐབ་ཇུས་ཆེན་པོ་དག་གི་ནང་འདྲེས་སུ་བཅུག་སྟེ།ནུབ་བྱང་ས་ཁུལ་གྱི་ནུས་ཁུངས་དང་གཏེར་ལས་ཐོན་ཁུངས་ཕུན་སུམ་ཚོགས་པའི་དགེ་མཚན་བེད་སྤྱད་བྱས་ནས།ནུས་ཤུགས་ཡོད་རྒུས་ལིས་གློག་ཡིས་ཀྱི་ནུས་ཁུངས་གསར་བའི་རླངས་འཁོར་བཟོ་སྐྲུན་ཐོན་ལས་འདུས་འཛོམས།ཧ་ཡང་དང་མེ་བསྲེས་ལྕགས་རྒྱུ་ཆ་གསར་བའི་ཐོན་ལས་རྟེན་གཞི་སོགས་བསྐྲུན་པར་བྱས་ཏེ།རང་ས་ཁུལ་གྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བསྐྱོད་དགོས་ཟེར།

ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཀྱི་འགོ་གཙོའམ་འཐུས་མི་ཀྲང་ཡོན་ལི་ཡིས་བཤད་དོན།ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་མངག་བཅོལ་ཡིད་ལ་དམ་པོར་བཟུང་ནས་རྒྱལ་གཉེར་ཁེ་ལས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཏེ།རང་ས་གནས་ཀྱི་ཁྱད་ཆོས་མཚོན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཤིང་།ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཀྱིས་མུ་མཐུད་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་གཙོ་བོར་བཟུང་སྟེ།བློ་བརྟན་འགྱུར་མེད་ངང་རྒྱུ་སྤུས་དང་ལས་ཕྱོད།སྒུལ་ཤུགས་བཅས་ཀྱི་འཕོ་འགྱུར་ལ་སྐུལ་འདེད་བཏང་ནས།ཐོན་ནུས་འདོར་བ་དང་སྒྲིག་གཞི་སྙོམ་སྒྲིག།ཕན་འབྲས་མཐོར་འདེགས་བཅས་ལེགས་པོར་བསྒྲུབ་དགོས་ཟེར།

སྐྱེ་ཁམས་སྲུང་སྐྱོབ་དེ་གོ་གནས་དང་པོར་བཞག་སྟེ།སྔོ་ལྗང་གི་རི་ཆུ་དེ་དུས་གཏན་དུ་མཚོ་སྔོན་གྱི་ཁྱད་སྟོབས་དང་ང་རྒྱལ་དུ་འགྱུར་བར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་ཡུན་གཏན་འཕེལ་རྒྱས་ཐད་ལས་འགན་ཆེན་པོ་ཁུར་ཡོད་པས། ངེས་པར་དུ་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ། ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འགན་འཁྲི་ལྕི་མོ་བཟང་བོར་ཁུར་ནས། རྒྱལ་ཁབ་དང་མི་རིགས། བུ་རབས་ཚ་རྒྱུད་བཅས་ལ་འགན་ཁུར་དགོས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གྲྭའི་སློབ་གཙོ་གཞོན་པ་མ་ཧོང་པོ་ཡིས་བསྟན་དོན།སྐྱེ་ཁམས་སྔོན་ལ་འཇོག་པར་རྒྱུན་འཁྱོངས་བྱེད་པ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དོན་སྙིང་གཙོ་བོ་ཡིན་ལ།དམངས་གཙོའི་བདེ་སྐྱིད་གོང་སྤེལ་གཏོང་བའི་ནང་དོན་གལ་ཆེན་ཡང་ཡིན་པས།ངེས་པར་དུ་ཁྱོན་ཡོངས་དང་རྒྱང་རིང་།སྤྱི་ཡོངས་བཅས་ཀྱི་ལྟ་བ་གཞི་བཅོལ་ནས།རང་ཉིད་ཀྱི་མིག་སྲུང་ལ་སྲུང་སྐྱོབས་བྱེད་པ་ཇི་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་།ཚེ་སྲོག་ལ་གཅེས་འཛིན་བྱེད་པ་ཇི་བཞིན་སྐྱེ་ཁམས་ཁོར་ཡུག་གཅེས་འཛིན་བྱེད་དགོས་ཟེར།

རྨ་འབྲི་རྫ་གསུམ་གྱི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་ཅུའུ་ཀྲང་ཧི་བན་ཁྲིན་གྱིས་བཤད་དོན།ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དངོས་འབེབ་བཟང་པོ་བྱས་ཏེ། རྨ་འབྲི་རྫ་གསུམ་གྱི་རྒྱལ་ཁབ་སྤྱི་གླིང་དེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་དཔེ་སྟོན་ཁུལ་དང་མཉམ་འཛུགས་མཉམ་སྤྱོད་དང་།མི་དང་རང་བྱུང་འཆམ་མཐུན་གྱི་མཉམ་སྐྱེས་སྔོན་སྐྱོད་ཁུལ།མདོ་དབུས་མཐོ་སྒང་གི་རང་བྱུང་ཁམས་ཆེན་མོའི་སྲུང་སྐྱོབ་བཤམས་སྟོན་དང་།སྐྱེ་ཁམས་རིག་གནས་རྒྱུན་འཛིན་ཁུལ་དུ་སྐྲུན་དགོས་ཟེར།

མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོ་གཞོན་པ་ཏེ་ཞིན་གྱིས་བཤད་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བ་ནང་བཞིན་སྔོ་ལྗང་གི་རི་ཆུ་དེ་དུས་གཏན་དུ་མཚོ་སྔོན་གྱི་ཁྱད་སྟོབས་དང་ང་རྒྱལ་དུ་འགྱུར་བར་བྱས་ནས། མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པ་དང་བུ་རབས་ཚ་རྒྱུད་ལ་ཕན་འདོགས་དགོས་ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བ་ནང་བཞིན་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དེ་ཀུན་གྱི་ཐོག་མར་བཞག་སྟེ།དོན་དངོས་ཀྱི་སྟེང་ནས་རྒྱལ་ཁབ་ས་ཁོངས་ཀྱི་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་ཀྱི་རྣམ་པ་ཇེ་ལེགས་སུ་བཏང་ནས་གཙོ་ནུས་ཐོན་ཁུལ་གྱི་བཀོད་པ་དངོས་འབེབ་ནན་མོ་བྱེད་པ་དང་།སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་ལམ་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བའི་ཐད་ལ་ནུས་ཤུགས་འདོན་དགོས་ཤིང་།རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོར་བྱས་ཏེ།མཚོ་སྔོན་ནི་མཛེས་སྡུག་ཀྲུང་གོའི་འོད་འཚེར་བའི་མིང་བྱང་ཞིག་ཏུ་སྐྲུན་དགོས་ཟེར།

བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོའི་བདེ་སྐྱིད་མཐོར་འདེགས་དང་།ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞི་མཉམ་དུ་བསྐྲུན།

“ངས་ཡུལ་ཧྲུའུ་སེམས་ལ་ཉར་ནས་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་གྱིས་ཡུལ་ཧྲུའུ་ལས་བྱེད་མང་ཚོགས་ལ་སེམས་འགུལ་དང་སྐུལ་མ་ཐེབས་ཡོད་ཅིང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་སེམས་ལ་བརྟན་པོར་བཅངས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ཇེ་ལེགས་གཏོང་རྒྱུ་བཅས་གཅིག་གྱུར་ཡོང་བར་བྱས་ཏེ།མི་རིགས་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་བཏང་བ་དང་།མི་རིགས་སོ་སོའི་མང་ཚོགས་ལ་བྱ་བ་བཟང་པོ་སྒྲུབ་པ་དང་དོན་དངོས་སྒྲུབ་པ། དཀའ་གནད་ཐག་གཅོད་བྱེད་པ་བཅས་བརྒྱུད་ནས་མི་རིགས་སོ་སོའི་མང་ཚོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བ་དང་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་ཆེན་པོ་ཡོང་བར་སྐུལ་སྤེལ་བྱས་ཤིང་ ། ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞི་མཉམ་སྐྲུན་བྱེད་དགོས” ཞེས་ཡུལ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཏུ་ཅུན་གྱིས་དེ་ལྟར་བཤད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་དེ་སྔ“ཆུས་གསུམ་དང་ཁུལ་གསུམ”ཁྲོད་ཤིན་ཏུ་དབུལ་བའི་ས་ཁུལ་ཞིག་ཡིན་པ་དང་ད་ལྟ་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་དུས་ལྟར་ལེགས་འགྲུབ་བྱུང་ཡོད།

“ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།ཧུར་ཐག་གིས་དམངས་འཚོའི་ཞན་ཆ་ལེགས་པར་གསབ་པ་དང་།དམངས་འཚོའི་དཀའ་གནད་སེལ་བ།དམངས་འཚོའི་གསང་ཐག་བརྟན་པོར་སྐྱོར་བ།ལས་ཞུགས་དང་སློབ་གསོ།སྤྱི་ཚོགས་འགན་སྲུང་།སྨན་བཅོས།རྒན་གསོ།བུ་བཅོལ།སྡོད་ཁང་སོགས་ཀྱི་དམངས་འཚོའི་དོན་དངོས་བཟང་བོར་བསྒྲུབ་ནས།སྤྱི་པའི་ཞབས་ཞུ་སྤྱོད་ཆོག་པའི་རང་བཞིན་དང་དེའི་དོ་མཉམ་ཆུ་ཚད་མཐོར་འདེགས་གཏོང་དགོས།”

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་པད་རྒྱལ་བཀྲ་ཤིས་ཀྱིས།“ང་ཚོས་དུས་གཏན་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སེམས་སུ་ཉར་ནས་དམངས་འཚོའི་བྱ་གཞག་ལ་སེམས་ཤུགས་ཡོད་རྒུས་དོ་ཁུར་བྱེད་ཀྱིན་ཡོད་པ་དང་། 2016ལོ་ནས་བཟུང་ཆེད་དོན་མ་དངུལ་སྒོར་ཁྲི་2000ལྷག་ཙམ་བཏང་ནས་ཐུམ་འབུའི་ནད་འགོག་བཅོས་ཀྱི་འགག་སྒྲོལ་བྱ་འགུལ་སྤེལ་བས། ཁུལ་ཡོངས་ཀྱི་ཐུམ་འབུའི་ནད་ཕོག་ཚད་2015ལོའི་5.24%ནས་0.9%ལ་མར་བབས་ཡོད།”ཅེས་བཤད།

“གྲོང་ཁྱེར་དང་ཞིང་སྡེ་མཐུན་སྦྱོར་གྱིས་གོང་འཕེལ་དུ་གཏོང་བ་དང་།ཞིང་སྡེ་དར་སྤེལ་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དུ་གཏོང་བ་དང་ཞིང་སྡེ་དར་སྤེལ་བར་གྱི་ནུས་ལྡན་སྦྲེལ་མཐུད་མངོན་འགྱུར་བྱེད་དགོས་ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་འདིས་ང་ཚོའི་འབད་བརྩོན་གྱི་ཁ་ཕྱོགས་སྔར་བས་ཇེ་བརྟན་དུ་བཏང་ལ།ང་ཚོས་དབུལ་ཐར་མཁྲེགས་གཏོར་སྐུལ་འདེད་གཏོང་རྒྱུ་དེ་ཞིང་སྡེ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་གཞི་བཙུགས་ནས། རོང་འབྲོག་ས་ཁུལ་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་མཐུད་ལེགས་བཅོས་སུ་གཏོང་བ་དང་ཆབས་ཅིག“ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི5” གཙོ་གནད་དུ་ལག་བསྟར་བྱས་ནས། མུ་མཐུད་དུ་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་མཐོར་གཏོང་དགོས’’་ཞེས་ཧྲན་ཏུང་ནས་མཚོ་སྔོན་དུ་རོགས་སྐྱོར་བྱེད་པར་ཡོང་བའི་ལས་བྱེད་དོ་དམ་ཚོ་ཆུང་གི་ཚན་གཙོ་དང་།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀྲའོ་ཆཱང་ཕིང་གིས་བཤད།

“ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་ལ་ཤུགས་སྣོན་པ།དཔལ་ཡོན་ཡུལ་སྲོལ་གསོ་སྐྱོང་བྱེད་པ་བཅས་བྱས་ཏེ།མཛེས་སྡུག་ལྡན་ཞིང་འཚོ་གནས་ལ་འཚམ་པ།བྱ་གཞག་དར་ཞིང་མི་སེམས་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་གྲོང་གསར་པ་འཛུགས་སྐྲུན་བྱེད་དགོས”ཞེས་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་ཏང་ཨུའི་ཧྲུའུ་ཅི་སུན་ཞིའུ་ཙུང་གིས་“མིན་ཡོན་རྫོང་གིས་ཉེ་བའི་ལོ་ཤས་རིང་དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་བྱུང་ཡོད། རྗེས་མར་ང་ཚོས་མུ་མཐུད་དུ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། དམངས་འཚོའི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་ཞིང་སྡེ་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱས་ནས་ཞིང་སྡེ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན།”ཞེས་བཤད།

གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་དེ།ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ལེགས་པར་སྤེལ་བ།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོའི་ཁྲོད་དུ།གསར་བརྗེའི་ཐོན་ཁུངས་བཀོལ་སྤྱོད་གང་ལེགས་བྱས་ཏེ།རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཕུགས་བསམ་དད་མོས་ཇེ་བརྟན་དུ་གཏོང་བ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ།རྒྱུན་མ་ཆད་པར་འཐབ་རྩོད་ཀྱི་སྙིང་སྟོབས་ཇེ་ཆེར་གཏོང་བ་དང་།འཐབ་རྩོད་ཀྱི་ནུས་པ་ཇེ་ཆེར་བཏང་ནས།རྙོག་འཛིང་གི་གནས་བབ་མདུན་དུ་མགོ་མི་རྨོངས་པ་དང་དཀའ་ཚེགས་ཀྱི་འཐབ་རྩོད་མདུན་དུ་ཕྱིར་སྣུར་མི་བྱེད་པར་སློབ་སྟོན་བྱེད་དགོས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཡན་ཀའོ་ཀོའུ་ཡིས་བཤད་རྒྱུར།“ཏང་གི་ལོ་རྒྱུས་གཉེར་བའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་སེམས་ཤུགས་ཆེན་པོ་བཏང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཡག་པོ་སྤེལ་ཏེ། ཏང་གི་མཚོ་སྔོན་གྱི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་དང་དྲིལ་བསྒྲགས།འཆད་འགྲེལ་ཡག་པོ་བྱེད་དགོས་ཤིང་། མཚོ་སྔོན་གྱི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དངགསར་བརྗེའི་སྲོལ་རྒྱུན་དར་སྤེལ་གཏོང་དགོས།”

“རྡུལ་ཕྲན་གྲོང་”གིས་འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས་རླབས་ཆེན་གསོ་སྐྱོང་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོའི་ཐོན་ཁུངས་རྩ་ཆེན་ཞིག་ཡིན་ལ། མཚོ་སྔོན་གྱི་སྙིང་སྟོབས་དང་ཏང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བའི་བསླབ་གཞི་གསོན་པོ་ཞིག་ཀྱང་རེད།”ཅེས་མཚོ་སྔོན་རྡུལ་ཕྲན་དྲན་གསོ་ཁང་གི་འགན་འཁུར་བ་མཱ་ཆིང་ཧྥང་གིས་བཤད་པ་དང་།“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་པའི་སྒོ་ནས་ལག་བསྟར་བྱས་ཏེ།གསར་བརྗེའི་ཐོན་ཁུངས་གིས་ཏང་ཡོན་ལ་སློབ་གསོ་གཏོང་བ་དང་། ཏང་ཡོན་ལ་སྐུལ་སློང་དང་སྐུལ་མ་གཏོང་བ་བཅས་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་”ཞེས་བཤད།

“ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ཏང་གི་དགོངས་དོན་ལ་ཤེས་རྟོགས།བྱ་བ་དངོས་སྒྲུབ་པ། མགོ་གསར་པ་འཛུགས་པ་བཅས་ཀྱི་རེ་བ་ལྟར། ཏན་ཏན་ཏིག་ཏིག་གིས་སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བའི་སྒོ་ནས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་སློབ་གསོ་སྤེལ་དགོས།”ཞེས་བཤད། མཚོ་ཤར་གྲོང་ཁྱེར་ལོ་ཏུའུ་ཆུས་ཏང་ཨུའི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཏུང་དབྱིན་ཝུའུ་ཡིས།“ང་ཚོས་ས་ཁུལ་འདིའི་གསར་བརྗེ་སྔོན་གཤེགས་དཔའ་བོའི་བྱས་རྗེས་ལེགས་པོ་སྤྱད་དེ། ཉེ་འགྲམ་གྱི་བྱ་བས་ཉེ་འགྲམ་གྱི་མི་ལ་སློབ་གསོ་གཏོང་བ་དང་། ཞོར་དུ་ཞིང་སྡེ་རུ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཏང་གི་ལོ་རྒྱུས་ཀྱི་སློབ་གསོའི་རྟེན་གཞི་བསྐྲུན་དགོས།”ཞེས་བཤད།

                                                                     ལོ་ཙཱ་བ། ཨ་བརྟན་རྒྱལ། དངོས་སྦྱོང་སློབ་མ་བཀྲ་ཤིས་སྒྲོལ་མ།