སྤྱི་ཁྱབ་ཧྲུའུ་ཅིས་དེ་སྔ་མཚོ་སྔོན་སྐོར་ལ་འདི་ལྟར་གསུངས་མྱོང་།
2021.03.09 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 43

 སྤྱི་ལོ་2016ལོའི་ཟླ་3པའི་ཚེས་10ཉིན་གྱི་སྔ་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད།  ཞི་ཅིན་ཕིང་གིས་འཐུས་མི་རྣམས་དང་གསུང་གླེང་གནང་སྐབས་དོ་ཁུར་ཆེ་ཤོས་གནང་བའི་བྱ་བ་གསུམ་ཡོད་དེ།

1.མི་རིགས་མཐུན་སྒྲིལ་ཐད་ནས་ཞི་ཅིན་ཕིང་གིས་ཞིབ་ཕྲའི་གནས་ཚུལ་བཀའ་འདྲི་གནང་ཞིང་། མི་རིགས་མང་བ་ནི་རང་རྒྱལ་གྱི་ཁྱད་ཆོས་ཆེན་པོ་ཞིག་ཡིན་ལ། རང་རྒྱལ་འཕེལ་རྒྱས་གཏོང་བའི་མཐུན་རྐྱེན་ཆེན་པོ་ཞིག་རེད། མི་རིགས་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། མི་རིགས་བར་གྱི་ཧེ་བག་ལ་བརྩི་འཇོག་དང་རིག་གནས་སྣ་ཚོགས་ལ་ཁོག་ཡངས་བྱས་ནས། མི་རིགས་ཁག་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ནང་གཉེན་ཉེ་ལྟར་བརྩེ་བ་དང་། སོ་སྲུང་རོགས་རེས། མཐུན་སྒྲིལ་འཆམ་མཐུན། ཐུན་མོང་འཕེལ་རྒྱས་བཅས་ཡོང་བ་བྱེད་དགོས་ཞེས་གསུངས།

2.སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤྱི་གླིང་ནང་གི་འབྲོག་པ་ཁག་གཅིག་བཀོད་སྒྲིག་བྱེད་དགོས་པའི་གནད་དོན་སྐོར་གླེང་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་ངེས་པར་དུ་འབྲོག་པའི་གཞིས་ཆགས་གནད་དོན་ཐག་གཅོད་ཡག་པོ་བྱས་ཚེ། གཞི་ནས་འབྲོག་ལས་ཡག་པོ་གཉེར་ཐུབ་ཅེས་གསུངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་དབུལ་ཕོངས་ཁྱིམ་ཚང་དང་འབྲོག་ཁྱིམ་ལ་དམིགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་བཀོད་སྒྲིག་བྱ་ཚུལ་བཀའ་འདྲི་གནང་བ་དང་། ཀྲུང་གོའི་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ངེས་པར་དུ་ཡག་པོ་སྒྲུབ་དགོས་པ་ནན་གྱིས་བསྟན།  ཞི་ཅིན་ཕིང་གིས། ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྔོན་འགྲོར་བརྩིས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་པ། སྦགས་མེད་གོང་འཕེལ་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་ཏན་ཏིག་བྱས་ཐོག དྭངས་གསལ་ཆུ་མོ་ཤར་དུ་རྒྱུག་པར་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན་ཡོད།

སྤྱི་ཁྱབ་ཧྲུའུ་ཅིས། ང་ཚོས་བུ་རབས་ཚ་རྒྱུད་ལ་བུ་ལོན་ཆད་མི་རུང་བས། ངེས་པར་དུ་འགན་འཁྲི་ཡག་པོ་འཁུར་དགོས་པ་དང་། མི་རབས་ཁྲི་སྟོང་མང་པོའི་ཆེད་འགན་སེམས་འདི་ལྟ་བུ་ཡོད་དགོས་ཞེས་ནན་གྱིས་བསྟན་ཡོད།

3.དབུལ་ཐར་མཁྲེགས་གཏོར་གྱི་ཐད་ལ་སྤྱི་ལོ་2016ལོའི་ཟླ་3ཚེས་10ཉིན། ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས།

འཐུས་མི་ཁག་གཅིག་གིས་གནད་འཁེལ་དབུལ་སྐྱོར་སྐོར་གླེང་ནས་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་ཐབས་ངོ་སྤྲོད་ཞུས་པ་དང་། དེའི་ནང་ངལ་རྩོལ་ནུས་ཤུགས་ཕྱིར་གཏོང་གི་བརྒྱུད་རིམ་ནང་འཐེན་ཐུག་དཔལ་འབྱོར་ལྟ་བུའི་སྤུས་རྟགས་ཆགས་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་གྱི་འཐེན་ཐུག་འབྱུང་ཁུངས་དང་། ལན་ཀྲོའུ་ཡི་འཐེན་ཐུག་བར་གྱི་ཁྱད་པར། འཐེན་ཐུག་ཚོང་གཉེར་བྱེད་མཁན་གྱི་གནས་ཚུལ་སོགས་བཀའ་འདྲི་གནང་ཡོད།  ད་ལྟ་མཚོ་སྔོན་དུ་འཐེན་ཐུག་ཚོང་ཁང་ཁྲི་2.8ཡོད་པ་དང་མི་འབུམ་གཅིག་དང་ཁྲི་བརྒྱད་ཀྱིས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འཐེན་ཐུག་ཚོང་གཉེར་བྱེད་བཞིན་ཡོད་པ། དེ་དག་གི་ཁྲོད་ནས་མི་མི་ཉུང་བ་ཞིག་ཁེ་ལས་པར་གྱུར་བ་རྟོགས་དུས་སྤྱི་ཁྱབ་ཧྲུའུ་ཅིས་གདེང་འཇོག་གང་ལེགས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ས་གནས་དེ་གའི་དབུལ་ཕོངས་ཁྱིམ་ཚང་སྤྱི་བསྒྲགས་བྱས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དུས་སྐབས་ནི་དབུལ་ཐར་མཁྲེགས་གཏོར་གྱི་དཀའ་གནད་སེལ་བའི་གནད་འགག་གི་དུས་སྐབས་ཡིན་པས། ངེས་པར་དུ་སེམས་ཐག་གཙང་བཅད་ཀྱིས་ཤུགས་ཚད་ཆེ་རུ་གཏོང་བ་དང་། མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། སེམས་ནུས་གཅིག་སྒྲིལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བཅས་བྱས་ནས་སྤྱི་ལོ་2020ལོར་སླེབས་སྐབས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་ཞིང་སྡེ་དང་འབྲོག་ཁུལ་གྱི་དབུལ་པོ་ཚང་མ་དབུལ་ཐར་བྱེད་ཐུབ་པ་དང་རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་འབུད་ཐུབ་པའི་འགན་ལེན་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ལ་ངེས་པར་དུ་དམ་འཛིན་གནད་འཁེལ་དང་། སློབ་གསོའི་དབུལ་མཐར་ལ་དེ་བས་མཐོང་ཆེན། དབུལ་ཐར་ཕན་འབྲས་ཀྱི་རྒྱུན་མཐུད་རང་བཞིན་ཆེ་རུ་གཏོང་རྒྱུར་དེ་བས་དོ་སྣང་བཅས་བྱེད་དགོས་པ་ནན་གྱིས་བསྟན།

4.ཏན་ཏན་ཏིག་ཏིག་བཞིའི་ཐད་ལ་སྤྱི་ལོ་2016ལོའི་ཟླ་8པའི་ཚེས་22ཉིན་ནས་24ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས།  སྔ་རྗེས་སུ་མཚོ་ནུབ་དང་། མཚོ་ཤར། ཟི་ལིང་སོགས་སུ་ཕེབས་ཏེ་ཁེ་ལས་དང་། གྲོང་གསེབ། འབྲོག་ཁུལ་བཅས་ཀྱི་འཐབ་ཕྱོགས་དང་པོར་ཕེབས་ནས་རིམ་པ་ཁག་གི་ལས་བྱེད་པ་དང་། ཁེ་ལས་ཀྱི་ལས་མི། རོང་འབྲོག་མང་ཚོགས་སོགས་དང་མཛའ་བརྩེའི་བསམ་ཚུལ་སྤེལ་རེས་གནང་བ་དང་། དམངས་ཀྱི་གནས་ཚུལ་ཤེས་རྟོགས་མཛད་པ། ཐུན་མོང་འཕེལ་རྒྱས་གླེང་བ་སོགས་བྱས་ཡོད།

རྟོག་ཞིབ་གནང་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་རིམ་པ་ཁག་གི་ཏང་སྲིད་ལས་བྱེད་པར་ཏན་ཏིག་བཞིའི་བླང་བྱ་བཏོན་པ་སྟེ།དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་ཏན་ཏིག་གཏོང་བ། ཏང་ནང་གི་ཆབ་སྲིད་འཚོ་བ་ཚད་ལྡན་ཡོང་བར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་ཞེས་བསྟན་ཡོད།

                                                                                                             རྩོམ་སྒྲིག་པ།  གཡང་འབུམ་རྒྱལ།