ནུས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་དར་སྤེལ་བྱས་ནས་མཉམ་དུ་ཕྱུག་འགྱུར་གྱི་དམིགས་འབེན་ཕྱོགས་སུ་གོམ་པ་བརྟན་པོས་མདུན་སྐྱོད་བྱེད།
2021.03.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

 --སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་ཞིང་ཆེན་དུ་ཚུར་སྣང་དྲག་པོ་བྱུང་།

རླབས་ཆེན་གྱི་བྱ་གཞག་ལས་རླབས་ཆེན་གྱི་སྙིང་སྟོབས་འཕེལ་བ་དང་རླབས་ཆེན་གྱི་སྙིང་སྟོབས་ཀྱིས་རླབས་ཆེན་གྱི་བྱ་གཞག་ལ་ཁྲིད་སྟོན་བྱེད་ཀྱི་ཡོད།

“དབུལ་ཐར་མཁྲེགས་གཏོར་གྱི་རླབས་ཆེན་འཐབ་རྩོད་ལས‘གོང་འོག་སེམས་པ་གཅིག་མཐུན་དང་། དཔའ་ངར་ཆེན་པོས་དམག་འཐབ་རྒྱག་པ། གནད་སྨིན་དངོས་གཉེར་དང་གསར་གཏོད་གསར་སྐྲུན། མཁྲེགས་གཏོར་དཀའ་སེལ།  མི་དམངས་ལ་འགན་འཁུར་བ’བཅས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་ཤིག་གྲུབ་ཡོད”  བསྟུད་མར་ཉིན་འགའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་བ་རེད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་ཤུགས་ཆེན་པོ་དར་སྤེལ་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་ཞིང་སྡེ་དར་སྤེལ་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་སྣ་ཚོགས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་ཀྱིས“ལོ་ལྔའི་འཆར་འགོད་བཅུ་བཞི་པ”དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལམ་བུའི་ཐོག་བསྐྱོད་རྒྱུའི་བསམ་ཚུལ་བསྟན།

“དབུལ་ཐར་མཁྲེགས་གཏོར་ཐད་དངོས་པོའི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ་བསམ་པའི་ཐད་ལའང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། རྒྱ་ཆེའི་དབུལ་ཐར་མང་ཚོགས་ཀྱིས་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཡོངས་ཁྱབ་ཏུ་བརྒྱུད་སྤེལ་དང་།  དཔལ་ཡོན་གྱི་སྲོལ་གསར་ཡོངས་ཁྱབ་ཏུ་དར་སྤེལ་ཐུབ་པ། དཀའ་སྤྱད་འབད་བརྩོན་དང་། དཀའ་སྤྱད་དོན་གཉེར། རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་གཏོད་པ་བཅས་ཀྱི་སྙིང་སྟོབས་དེ་རྒྱ་ཆེའི་དབུལ་ཕོངས་ས་ཁུལ་དུ་དར་སྤེལ་བྱུང་ཡོད”ཅེས་གསུངས་པ་རེད།

སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ཉན་བཞིན་དུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་འགོ་ཁུངས་སྡེ་བའི་དེ་སྔའི་ཧྲུའུ་ཅི་དང་པོའམ་ན་གོར་མོ་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་ལས་བྱེད་པ་ཆིན་ཏ་ཡུན་གྱིས་བཤད་རྒྱུར། “གཟེངས་བསྟོད་ཚོགས་ཆེན་གྱི་གནས་ཚུལ་ཐད་གཏོང་ལ་ལྟ་སྐབས། ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། 2016ལོའི་ཟླ8ཚེས་22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འབྲི་ཆུའི་འགོ་ཁུངས་སྡེ་བར་ཕེབས་ནས་བོད་རིགས་སྤུན་ཟླ་དང་ལྷན་དུ་བདེ་སྐྱིད་ཀྱི་ཕུགས་འདུན་སྐོར་གླེང་ཞིང་། སྡེ་མི་ཚོས་ཏང་གི་མི་རིགས་སྲིད་ཇུས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཚང་མས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་བཞིན་ཡོད་ཟེར།

ད་དུང་ཁོ་དང་འདྲ་བར་མྱོང་ཚོར་ཟབ་མོ་ཡོད་པའི་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲེང་ཀོན་གྲོང་རྡལ་མའོ་པེ་ཧྲིན་གོང་མ་སྡེ་བའི་བཅའ་སྡོད་ལས་བྱེད་རུ་མི་མཱ་ཅུན་ཝུན་གྱིས་བཤད་རྒྱུར།  “ངའི་བསམ་པར་རང་ཉིད་ཀྱིས་བསྒྲུབས་པ་ཆེས་ཉུང་བ་རེད།  དབུལ་ཐར་མཁྲེགས་གཏོར་ལ་མཇུག་བསྡུའི་དུས་ཚོད་ཡོད་མོད། འོན་ཀྱང་མཇུག་བསྡུས་ཀྱང་སྒྲུབ་མཚམས་འཇོག་པ་ཞིག་མིན། ང་ཚོས་ད་དུང་དབུལ་སྐྱོར་ལས་དོན་གྱི་བསམ་ཕྱོགས་སྔར་བས་གསལ་པོ་བཟོས་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་རྨང་གཞིའི་ཐོག་སྔ་སྣུར་སྒོས་ཞིང་སྡེ་དར་སྤེལ་གཏོང་བ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་དགོས་ཟེར།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་བར་བཞི་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་རྒྱ་ལོ་ཡིས་དགའ་སྤྲོ་ཆེན་པོས་བཤད་རྒྱུར།  གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་རྗེས་ང་ལ་ཡིད་འགུལ་དང་སྐུལ་མ་ཆེན་པོ་ཐེབས་བྱུང་། རྗེས་ཕྱོགས་དཔའ་ངར་ཆེན་པོས་མདུན་སྐྱོད་དང་ཡིད་ཆེས་བརྟན་པོའི་སྒོ་ནས་བྱ་བ་སྒྲུབ་པ་དང་། ང་ཚོས་རླབས་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་ཞིང་སྡེ་དར་སྤེལ་གཏོང་རྒྱུ་དེ་གོ་རིམ་ལྡན་པའི་ངང་ལེགས་པོར་སྒྲུབ་པ་དང་འབྲེལ་མཐུད་གང་ལེགས་བྱས་ཏེ་སྔར་ལས་མཛེས་སྡུག་ལྡན་པའི་ཞིང་སྡེ་དར་སྤེལ་གཏོང་བའི་རྣམ་པ་གསར་གཏོད་བྱ་རྒྱུ་ཡིན་ཟེར།

《མཚོ་སྔོན་དམངས་འཐུས་ཚོགས་ཆེན》གྱི་རྩོམ་སྒྲིག་པུའི་རྩོམ་སྒྲིག་པ་ཀྲང་ཉིན་གོ་ཡིས་ཀྱང་རང་ཉིད་ཀྱི་ཉམས་མྱོང་ནས་གླེང་སྟེ་མང་ཚོགས་དབུལ་པོའི་འཚོ་བའི་ཁོར་ཡུག་དེ“གནམ་ངོ་དྭངས་དུས་ས་རྡུལ་དང་ཆར་འབབ་དུས་འདམ”ཡིན་པ་ནས་ད་ལྟའི“བཀོད་སྒྲིག་ཁུལ་ཡངས་ཤིང་རྒྱ་ཆེ་བ་དང་སྡོད་ཁང་གི་སྒེའུ་ཁུང་གཙང་མ་བཅས་ཀྱི་ཕྱོགས་སུ་འགྱུར་ལྡོག་ཆེན་པོ་བྱུང་སྟེ།  དབུལ་ཕོངས་མང་ཚོགས་རྣམས་བདེ་སྐྱིད་ཀྱི་འཚོ་བ་རོལ་འགོ་བརྩམས་ཡོད་ཅེས་དེ་ལྟར་བཤད་བྱུང་།

མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་ཨན་ཧྲིན་ཅོན་གྱིས་བཤད་རྒྱུར། “གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི”དོན་སྙིང་ལ་རང་ཉིད་ཀྱི་མྱོང་ཚོར་དེ་བས་ཟབ་མོ་ཡོད་པ་དང་།    “བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དཀའ་ཁག་ཆེ་བའི་དབང་པོ་སྐྱོན་ཅན་གྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་དེ་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ཡོད། ལོ་འདི་དག་གི་ནང་དབུལ་ཕོངས་དབང་པོ་སྐྱོན་ཅན་དེ་བས་མང་བ་ཞིག་གི་གདོང་ལ་འཛུམ་གྱིས་ཁེངས་ཡོད་པ་མཐོང་ཚེ་རང་ཉིད་ལ་སྤོབས་པ་ཆེན་པོ་སྐྱེས་བྱུང་།  རྗེས་ཕྱོགས་ང་ཚོས་ཏང་གི་སྲིད་ཇུས་བཟང་པོ་སྔར་བས་དྲིལ་བསྒྲགས་དང་དོན་འཁྱོལ་བྱས་ཏེ‘ལོ་ལྔའི་འཆར་འགོད་བཅུ་བཞི་པའི’རིང་མཚོ་སྔོན་གྱི་དབང་པོ་སྐྱོན་ཅན་གྱི་ལས་དོན་འཕེལ་རྒྱས་ལ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་པ་དང་།  དབུལ་ཐར་མཁྲེགས་གཏོར་གྱི་དཔའ་བོ་དང་དཔེ་བཟང་གི་བྱས་རྗེས་ལ་སློབ་སྦྱོང་བྱས་ནས་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བར་འབད་འབུངས་ལྷོད་མེད་བྱེད་རྒྱུ་ཡིན་ཟེར།

མཚོ་སྔོན་དགེ་འོས་སློབ་ཆེན་རྒྱལ་སྤྱིའི་མཉམ་ལས་དང་བརྗེ་རེས་ཁྲུའུ་ཡི་ལས་བཟོ་བ་ཧྲའོ་ཁྲུན་ཡུས་ཀྱིས་བཤད་རྒྱུར།  སློབ་གསོའི་ལས་དོན་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། རང་ཉིད་སྔར་ལས་སྤྲོ་སེམས་ཆེན་པོས་ཏང་གི་སློབ་གསོའི་ལས་དོན་ཁྲོད་ཞུགས་ནས་ལང་ཚོ་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན” ཟེར།

ཟི་ལིང་གྲོང་ཁྱེར་ཞིན་ཧའེ་ལམ་ཁྲོམ་གཞུང་ཀྲུང་ཧྭ་སྲང་ལམ་སྡོད་ཁུལ་གྱི་ཀྲུའུ་རིན་གཞོན་པ་ཚའེ་ཝུན་ཅུན་གྱིས་བཤད་རྒྱུར། “དབུལ་ཐར་མཁྲེགས་གཏོར་ལས་དོན་ཐད་དཀའ་སྤྱད་འབད་བརྩོན་བྱས་པའི་དཔའ་བོ་ཚོར་གུས་འདུད་ཞུས་པ་ཡིན།  ཁོ་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་མངོན་པར་བྱས་ནས་ང་ཚོར་སློབ་སྦྱོང་གི་མིག་དཔེ་བཟང་པོ་ཞིག་བཏོད་ཡོད”ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲུའུ་སིན་ལིན་གྱིས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག‘རང་རྒྱལ་གྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ’ཁྱབ་བསྒྲགས་གནང་སྐབས། སེམས་སུ་སྤོབས་པ་དང་སྤྲོ་སྣང་གིས་ཁེངས་ཤིང་། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བའི་ཆོད་སེམས་དེ་བས་ཇེ་བརྟན་དུ་ཕྱིན་ཡོད” །    “སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཞིག་གི་ངོས་ནས་སླད་ཕྱིན་ངས་ལག་ལེན་ལ་བརྟེན་ནས་ཁས་ལེན་མངོན་འགྱུར་དང་བྱ་སྤྱོད་ལ་བརྟེན་ནས་ཕུགས་བསམ་མངོན་འགྱུར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སྤྲོ་སེམས་ཆེན་པོས་འགྲན་སློང་གསར་པ་གདོང་གིས་བསུས་ཏེ་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་སྐུལ་འདེད་གཏོང་ཆེད་རྒྱུན་ཆད་མེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན” ཟེར།

“རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་ཐུན་མོང”གི་གཟི་བརྗིད་མཚན་སྙན་ཐོབ་པའི་ཟི་ལིང་ཡུང་ཧོ་སྡེ་ཚོགས་བཟོ་སྐྲུན་སྒྲིག་སྦྱོར་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཡོན་ཅན་ཧྥ་ཡིས་བཤད་རྒྱུར། “གནད་འཁེལ་དབུལ་སྐྱོར་དང་། སྤྱི་ཕན་ལས་དོན། ཞིང་སྡེ་དར་སྤེལ་གཏོང་བ་བཅས་ཀྱི་ཐད་ཁེ་ལས་ཀྱིས་བསྒྲུབས་པའི་ལས་དོན་ལ་རིམ་པ་སོ་སོ་དང་ལས་རིགས་ཁག་གི་ཁས་ལེན་ཐོབ་པ་མ་ཟད། གཟི་བརྗིད་མཚན་སྙན་ཡང་མང་པོ་ཐོབ་ཡོད། གཟི་བརྗིད་མཚན་སྙན་དེ་དག་ལས་ཚང་མར་སྐུལ་ལྕག་ཆེན་པོ་ཐེབས་པ་མ་ཟད། ལས་བཟོ་བ་ཡོངས་ཀྱིས་རྒྱལ་གཅེས་ལས་བཀུར་དང་། ཁྲིམས་སྲུང་བདག་གཉེར། ལས་གཏོད་གསར་གཏོད། སྤྱི་ཚོགས་ལ་དྲིན་ལན་འཇལ་བ་བཅས་ཀྱི་དཔེ་སྟོན་བྱ་རྒྱུར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་”ཟེར།

སྤྱི་ཁྱབ་ཧྲུའུ་ཅིའི་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་ལ་ཞིབ་ཏུ་ཉན་རྗེས་མཚོ་སྔོན་དགེ་འོས་སློབ་ཆེན་རྫས་འགྱུར་བཟོ་ལས་སློབ་གླིང་གི་2017ལོའི་ སློབ་མ་སུང་ཡུས་ཆན་གྱིས་བཤད་རྒྱུར། “དབུལ་ཐར་མཁྲེགས་གཏོར་ཁྲོད་ཐོན་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་དག་ནི་ལས་རིགས་སོ་སོ་ནས་ཡོང་བ་ཡིན་ཞིང་། ང་ཚོས་ཁོ་ཚོའི་དཀའ་སྡུག་ལ་མི་སྐྲག་པ་དང་ལེགས་སྐྱེས་འབུལ་ཕོད་པའི་གཤིས་རྒྱུད་བཟང་པོར་སློབ་སྦྱོང་བྱེད་དགོས།  གྲ་སྒྲིག་ཏང་ཡོན་ཞིག་ཡིན་པའི་ངོས་ནས་སློབ་མཐར་ཕྱིན་རྗེས་ངས་མེས་རྒྱལ་ལ་མཁོ་བའི་ས་གནས་སུ་བྱ་བ་སྒྲུབ་ཏུ་སོང་ནས་རང་ཉིད་སྦྱོང་བརྡར་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཟེར།

དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བྱས་ནས་བབ་བསྟུན་འཕྲལ་སྒྲུབ་དང་ཡང་འབད་བསྐྱར་འབད་ཀྱིས་འབད་འཐབ་བྱེད་དགོས།

“དབུལ་ཕོངས་ཀྱི་ཞྭ་མོ་ཕུད་རྒྱུ་ནི་མཐའ་མཇུག་ཏུ་སླེབས་པ་མིན་ལ་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་མགོ་རྩོམ་ས་ཡིན། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་གནད་དོན་ཐག་གཅོད་དང་། གྲོང་ཁྱེར་དང་ཞིང་སྡེའི་ས་ཁོངས་འཕེལ་རྒྱས་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་བ། མིའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་དང་དམངས་ཡོངས་མཉམ་དུ་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ནི་སྔར་བཞིན་ལས་འགན་ལྕི་ཞིང་རྒྱང་ཐག་རིང་བ་ཞིག་ཡིན། ང་ཚོས་ང་རྒྱལ་ཁེངས་དྲེགས་དང་ལྷོད་གཡེང་གཏན་ནས་མི་བྱེད་པར་ངེས་པར་དུ་བབ་བསྟུན་འཕྲལ་སྒྲུབ་དང་། ཡང་འབད་བསྐྱར་འབད། རྒྱུན་མཐུད་འབད་འཐབ་བཅས་བྱེད་དགོས”།  དེ་ནི་མི་སེམས་ལ་གཡོ་འགུལ་ཐེབས་པའི་བརྗིད་ཉམས་ཆེ་བའི་ཁྱབ་བསྒྲགས་ཤིག་ཡིན་ལ་མུ་མཐུད་དུ་འབད་འཐབ་དང་ཞུམ་མེད་མདུན་སྐྱོད་ཀྱི་དུང་བརྡ་ཞིག་ཀྱང་ཡིན་ལ་འགོ་འཛུགས་ས་གསར་པ་ཞིག་ཏུ་གཞི་ཚུགས་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་བྱེད་པའི་ཆོད་སེམས་ཤིག་ཀྱང་ཡིན།

སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཁྲོད་ནས་སྟོབས་ཤུགས་ཚོར་བཞིན་ཡོད་ལ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཐོབ་ཐང་འགན་ལེན་ཁྲུའུ་ཡི་ལས་བྱེད་པ་ཀྲང་ཨའེ་ཕིང་གིས་བཤད་རྒྱུར། སྨན་བཅོས་འགན་སྲུང་འཐབ་ཕྱོགས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། སྔོན་ཐོན་དཔེ་བཟང་མིག་དཔེར་བཟུང་སྟེ་སྨན་བཅོས་འགན་སྲུང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་།  ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་འབྲེལ་མཐུད་ནུས་ལྡན་བྱེད་པ། ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་ཀྱིས་རྐྱེན་པས་ཡང་བསྐྱར་དབུལ་པོར་འགྱུར་བ་འགོག་སྲུང་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་སྡོད་ཁུལ་ལས་དོན་གྱི་མཛུབ་སྟོན་དགོངས་དོན་དུ་བསྒྱུར་ནས། བློ་གཅིག་སེམས་གཅིག་གིས་ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུས་ནས་སྡོད་དམངས་ཀྱི་དཀའ་གནད་སེལ་བ་དང་།   དོན་དངོས་དང་དོན་བཟང་སྒྲུབ་པ། དམངས་ཕན་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་ཡག་པོ་བྱས་ཏེ། མང་ཚོགས་ཀྱི་དཀའ་ངལ་སྣ་ཚོགས་ཐག་གཅོད་ཏན་ཏིག་བྱ་རྒྱུ་ཡིན”ཞེས་ཟི་ལིང་གྲོང་ཁྱེར་ནན་ཁྲོན་ནུབ་ལམ་ཁྲོམ་གཞུང་ཤམ་པ་ལ་སྡོད་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཧུའེ་དང་མཁར་དཀྱིལ་ཆུས་ལིས་རིང་ཁྲོམ་གཞུང་ཁྲང་ཅང་ལམ་སྡོད་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལུའུ་ཡུས་ཅིན་གཉིས་ཀྱིས་དེ་ལྟར་བཤད་བྱུང་།

མཚོ་སྔོན་ཞིང་ཆེན་ས་གནས་དངུལ་རྩའི་ལྟ་སྐུལ་དོ་དམ་ཅུས་དངུལ་ཁང་འགན་བཅོལ་ཁྲུའུ་ཡི་ལས་བྱེད་པ་ལིས་ཞའོ་ཅུན་དང་ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཞིང་གསུམ་དངུལ་རྩའི་ལས་དོན་པུའུ་ཡི་ལས་བྱེད་པ་དབྱང་ཧའེ་ཅུན་གཉིས་ཀྱིས་བཤད་རྒྱུར།  སླད་ཕྱིན་གྱི་ལས་ཀའི་ཁྲོད་ང་ཚོས་སྔོན་ཐོན་ལ་སློབ་སྦྱོང་དང་། སྔོན་ཐོན་ལ་བརྩི་འཇོག་བྱས་ཏེ།  དངུལ་རྩས་དབུལ་ཐར་མཁྲེགས་གཏོར་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ཞིང་སྡེ་དར་སྤེལ་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱས་ནས། དངུལ་རྩས་མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེ་དར་སྤེལ་གཏོང་བར་རྒྱབ་སྐྱོར་བྱེད་པའི་ལས་དོན་ཁྲོད་ཧུར་ཐག་གིས་ཞུགས་ཏེ།  མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྟོབས་ཤུགས་འདོན་རྒྱུ་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་སྤྱི་ཚོགས་རོགས་སྐྱོབ་ཁྲུའུ་ཡི་ལས་བྱེད་པ་ཡེ་ཁྲིན་མེན་དང་མཚོ་སྔོན་ཞིང་ཆེན་གྱི་ཡོང་འབབ་དམའ་བའི་སྡོད་མིའི་ཁྱིམ་ཚང་དཔལ་འབྱོར་གནས་ཚུལ་ལྟེ་གནས་ཀྱི་ལས་བྱེད་པ་ལུའུ་ལེང་ཏུའུ་ཡིས་བཤད་རྒྱུར། སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་ནི་འགོ་འཛུགས་ས་གསར་པ་ཞིག་ཡིན་པས་སྤྱི་ཚོགས་རོགས་སྐྱོབ་ཀྱི་མཐའ་སྐྱོང་འགན་སྲུང་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ནས་ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་དང་ནུས་ལྡན་ངང་འབྲེལ་མཐུད་ཡག་པོ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དང་། རོགས་སྐྱོབ་ལས་འགན་དང་། བྱ་ཡུལ། ནང་དོན། ཆ་རྐྱེན། ཚད་གཞི་སོགས་ཐད་ཀྱི་འགྱུར་ལྡོག་གསར་པར་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་རོགས་སྐྱོབ་ཀྱི་དམངས་ཚིས་འགན་སྲུང་ཁྲོད་ཀྱི་མཐའ་སྐྱོང་རང་བཞིན་གྱི་གནས་ཐིག་གཏན་འཁེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་དམངས་མང་ཚོགས་དང་ལྷག་པར་དུ་དཀའ་ཁག་ཆེ་བའི་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས། མང་ཚོགས་ཀྱི་དོན་དངོས་དང་མཐུན་ཤོས་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་འབྱོར་འབྲིང་ལམ་བུའི་ཐོག་གཅིག་ཀྱང་མི་ལུས་པ་བྱ་དགོས་ཟེར།།

ལོ་ཙཱ།སྒྲོལ་མ་སྐྱིད།