མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གིས་དབུལ་ཕོངས་སྡེ་བ14རུ“ཏང་ཡོན་གྱི་དབུལ་ཐར་དཔེ་སྟོན་ཁྱིམ་ཚང”གསར་འཛུགས་བྱ་འགུལ་སྤེལ་ནས། “ཏང་ཡོན་གྱི་དབུལ་ཐར་དཔེ་སྟོན་ཁྱིམ་ཚང”17འོས་སྦྱོར་བྱས་པ་དང་། སྔོན་ལ་ཕྱུག་པོར་གྱུར་པའི་ཏང་ཡོན་གྱིས་རྗེས་མར་སྣེ་ཁྲིད་པའི་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་དངོས་གནས་འདོན་སྤེལ་བྱས་པ་རེད། དགའ་བདེ་རྫོང་གིས་ཏང་ཀྲི་པུའུ་དང་མཉམ་ལས་ཁང།འབྲོག་ཁྱིམ་སོགས་ཏང་འཛུགས་སྐྲུན་དམ་འཛིན་གྱིས་དབུལ་ཐར་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཁྱབ་གདལ་དུ་བཏང་ཞིང་། རྫོང་ཡོངས་ཀྱི་ཆེད་ལས་མཉམ་ལས་ཁང་སོ་སོར་རྒྱབ་རྟེན་བཅོལ་ནས། དབུལ་ཕོངས་ཁྱིམ་ཚང་རྣམས་དབུལ་ཐར་ཡོང་འཕར་ཕྱུག་འགྱུར་འབྱུང་བར་སྐུལ་ཁྲིད་བྱས། དགའ་བདེ་རྫོང་གི་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན661གིས་སྡེ་བ་དང་སྡོད་ཁུལ་གྱི་གཞི་རིམ་ཏང་ཡོན721ལ་ཆ་སྒྲིག་བྱས་པ་དང་། རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པ24ཡུལ་ཚོ་དང་གྲོང་རྡལ་དུ་བཅའ་སྡོད་བྱས་ནས་བཀོད་འདོམས་བྱས་ཤིང་། ཁའོ་རིམ་པའི་ལས་བྱེད་པ189ཡིས་སྡེ་བ་དང་རུ་ཁག་རྣམས་འགན་གཙང་ལེན་བྱས་པ་དང་། ལས་བྱེད་པ1096གིས་ཁྱིམ་ཚང་རེ་རེ་འགན་གཙང་ལེན་བྱས་ནས། རིམ་པ་གསུམ་གྱི་རོགས་སྐྱོར་མ་ལག་བཙུགས་པ་དང་། ལས་ཁུངས་ཀྱི་ཁེ་ལས་དང་ལས་དོན་སྡེ་ཚན75ཡིས་འབྲེལ་གཏུག་ས་ཚིགས་བཙུགས་པར་བརྟེན། སྤྱི་ཚོགས་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་དང་དབུལ་ཐར་ལ་སྐུལ་འདེད་གཏོང་རོགས་བྱེད་པ། མཉམ་གཅིག་ཏུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་སུ་བཅུག་ཡོད། གསར་སྐྲུན་གྱི་བྱེད་ཐབས་རེ་རེའི་རྒྱབ་ཕྱོགས་སུ། ཏང་ཡོན་ལས་བྱེད་པས་ཏང་གི་དར་ཆའི་འོག་ཏུ་མཉམ་དུ་བསྡུ་རུབ་ཀྱི་དུང་སྒྲ་སྒྲོག་གིན་ཡོད་པ་དང་། རོང་འབྲོག་མང་ཚོགས་རྣམས་ཐུན་མོང་ཐོག་མཉམ་དུ་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་བར་རམ་འདེགས་རོགས་སྐྱོར་བྱས་ཏེ། དབུལ་ཐར་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་སྐུལ་མ་བཏང་ཡོད། ན་ནིང་གི་ཟླ9པའི་ཟླ་དཀྱིལ་དུ། གསར་འགོད་པ་དགའ་བདེ་རྫོང་གངས་ལུང་ཡུལ་ཚོའི་དབུལ་ཐར་གཟི་བརྗིད་ཁྱིམ་ཚང་སྟོབས་ལྡན་ཚང་གི་ཁྱིམ་ལ་སོང་བ་ན། སྟོབས་ལྡན་གྱིས་ཕྱོགས་གཅིག་ནས་སྡེ་བ་དང་རང་ཉིད་དབུལ་ཐར་བྱུང་ཚུལ་གྱི་བརྒྱུད་རིམ་བཤད་པ་དང་། ཕྱོགས་གཅིག་ནས་ཅོག་ཙེའི་འཐེན་སྒམ་ནང་ནས2019ལོའི་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བཤའ་བརྒྱབ་པའི་དངོས་དཔང་འཛིན་ཡིག་དག་བླངས།སྒོར་མོ32000”ཞེས་པའི་ཡིག་འབྲུ་བཀོད་པའི་འཛིན་བྱང་ཆེན་པོ་ཞིག་ལག་ཏུ་ཐོགས་བཞིན། སྟོབས་ལྡན་གྱི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ལྷུག་པོར་མངོན་འདུག འོན་ཀྱང་། 2017ལོའི་སྔོན་ལ། སྟོབས་ལྡན་གྱི་སེམས་སུ་རང་ཉིད་ཀྱིས་ལོ་གཅིག་གི་རིང་ལ་སྒོར་ཁྲི་ཚོ3ལྷག་འཚོལ་ཐུབ་པ་གཏན་ནས་ཡིད་ལ་འཁོར་མྱོང་མེད། ངེད་ཚང་གི་ཁྱིམ་མི་གང་བོས་སྔོན་ཆད་ཕྱུགས་ཟོག་འཚོ་སྐྱོང་ལ་བརྟེན་ནས་འཚོ་བ་འཁྱོལ་ཐབས་བྱས་པ་དང་། ནོར་གནག་རྣམས་གནམ་གཤིས་ཀྱི་བཟང་ངན་ལ་བརྟེན་ནས་འཚོ་སྐྱོང་བྱེད་དགོས་ཀྱིན་ཡོད་ལ། ཡོང་སྒོ་ཐམས་ཅད་ནི་ནོར་ཚོང་རྒྱག་མཁན་དག་གི་མིག་མདངས་ལ་བལྟས་ནས་འཚོལ་དགོས་ཡོད་སྟབས། ལོ་གཅིག་གི་ནང་དུ་ནོར་གནག2ཕྱིར་འཚོང་ཐུབ་པ་ཁག་ཐེག་བྱས་ན་ཡང་། ལོ་གཅིག་གི་ཡོང་འབབ་སྒོར་ཁྲི1.5ཡས་མས་ཤིག་ལོན་བྱུང་ན་ཡང་མི་ཆོག་རྒྱུ་མེད་ཀི་འདུག་བསམས་ནས་ཡོད་ཅེས་སྟོབས་ལྡན་གྱིས་བཤད། དེ་ལྟར་རིགས་འདེད་ཀྱིས་རྩིས་བརྒྱབ་ཚེ། སྟོབས་ལྡན་ཚང་ལ་ཁྱིམ་མི5ཡོད་པ་དང་། ལོ་ངོ་གཅིག་འགོར་བའི་རྗེས་སུ་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར3000ཙམ་མ་གཏོགས་མེད། འོན་ཀྱང་གྲངས་ཀ་འདི་ཡང་དེ་འདྲའི་བརྟན་པོ་ཞིག་མ་ཡིན་པར། སྐམས་ཤ་འཚོང་སའི་ཁྲོམ་རའི་གནས་ཚུལ་ལ་བལྟས་ནས་གཏན་འཁེལ་བྱེད་དགོས་པ་རེད། 2017ལོར་གངས་ལུང་སྡེ་བའི་ཏང་ཀྲི་པུའུ་ཡིས“སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་དཔེ་དབྱིབས་རྣམ་པ་གཏོར་ནས་མེད་པར་བཟོ་རྒྱུ”ཐག་བཅད་པ་རེད། དགའ་བདེ་རྫོང་རྩ་འཛུགས་པུའུ་ཡི་རྒྱབ་སྐྱོར་འོག ཏང་གི་ཁྱད་སྟོབས་དེ་དབུལ་ཐར་མཁྲེགས་གཏོར་གཡུལ་འགྱེད་ཁྲོད་ཀྱི་འཕེལ་རྒྱས་ལེགས་ཆར་བསྒྱུར་ནས། སྟོབས་ཤུགས་ཡོད་རྒུས་དབུལ་ཕོངས་ཀྱི་རྩ་བ་སེལ་བར་འབད་པ་བྱས། དང་ཐོག་གོ་ཐོས་བྱུང་བ་ལྟར་ན་སྲིད་གཞུང་གིས་རོགས་སྐྱོར་བྱས་པའི་དབུལ་སྐྱོར་མ་དངུལ་དག་ང་ཚོ་སྡེ་མི་ཚང་མའི་ལག་ཏུ་མ་སྤྲད་པར། སྡེ་བའི་ཏང་ཀྲི་པུའུ་ཡིས་ཁྱེར་སོང་ནས་བཟོ་གྲྭ་བཙུགས་པ་ཐོས་འཕྲལ། སྐབས་དེ་དུས་ང་རང་ཡང་དེ་ལ་ངོ་རྒོལ་བྱེད་མཁན་གྱི་གྲས་ཤིག་ཡིན་ཞེས་སྟོབས་ལྡན་གྱིས་དེ་ལྟར་བཤད། སྐབས་དེ་དུས་ངས་ད་རུང་གསལ་པོ་ཞིག་ཤེས་ཀྱི་མེད་པར་ཏང་ཀྲི་པུའུ་དང་མཉམ་ལས་ཁང་།འབྲོག་ཁྱིམ་ཞེས་པའི་སྐྱེ་ཁམས་ཕྱུགས་ལས་ཀྱི་འཕེལ་རྒྱས་གཏོང་སྟངས་ཧ་མི་གོ་བ་དང་། ཐེངས་གང་མང་དུ་ཐོན་ལས་ཁྱིམ་ཚང་ལ་འགན་གཙང་ལེན་བྱེད་དུ་འཇུག་པའི་མ་དངུལ་དེ་དག་ཕྱིར་ལེན་འདོད་སྐྱེས་མྱོང་། ཚེ་རིང་སྒྲོལ་མ་ནི་ཏང་ཡོན་ཞིག་ཡིན་ཞིང་། ཁོ་མོས་ཐེངས་མང་པོར་ང་ལ་རྩིས་འདི་འདྲ་ཞིག་བརྒྱབ་མྱོང་སྟེ། སྒོར6000ལྷག་གིས་རང་ཉིད་ལ་ཐ་ན་ནོར་གཅིག་ཀྱང་ཉོ་མི་ཐུབ་པ་འདི་རེད། འོན་ཀྱང་སྡེ་བའི་ནང་གི་སྒོར་མོ་ཚང་མ་མཉམ་གཅིག་ཏུ་སྡུད་རུབ་བྱས་ནས་ཐོན་ལས་གཉེར་བ་ཡིན་ན། དེ་མ་ཉིད་དུ་སྒོར་མོ་དེ་འདྲའི་མང་པོ་ཞིག་ལག་ཏུ་ཡོང་དཀའ་མོད། འོན་ཀྱང་ལོ་རེ་རེར་ཚང་མར་ཁེ་སྤོགས་བགོ་རྒྱུ་ཡོད་པས། མ་རྐང་དུ་ཞུགས་པ་ཇི་ལྟར་མང་ན་ཁེ་སྤོགས་བགོ་རྒྱུ་ཡང་དེ་ལྟར་མང་པོ་ཡོད་པ་རེད་ཅེས་བཤད། བཙན་སྒྲོན་ནི་ཏང་ཀྲི་པུའུ་དང་མཉམ་ལས་ཁང་།འབྲོག་ཁྱིམ་ཞེས་པའི་དབུལ་ཐར་བྱེད་སྟངས་ཀྱི་སྣེ་ཁྲིད་མཁན་ཞིག་ཡིན་པ་དང་། ད་སྐབས་མཉམ་ལས་ཁང་གི་ལས་འཛིན་མགོ་གཙོ་ཡི་འགན་ཁུར་ཡོད།ཁོས2019ལོའི་ཁེ་སྤོགས་བགོ་བའི་ཚོགས་ཆེན་ཐོག་ཏུ། མཉམ་ལས་ཁང་གིས་གངས་ལུང་སྡེ་བའི་ཏང་ཀྲི་པུའུ་ཡི་ས་ཁུལ་དབྱེ་མཚམས་དགར་ནས་རེས་འཁོར་ཕྱུགས་འཚོ་དང་། ལུགས་མཐུན་འོས་འཚམ་ངང་ཕྱུགས་ཟོག་འཚོ་སྐྱོང་། ཐོན་ཁུངས་བུབ་སྒྲིལ་དང་སྣ་མང་གཉེར་སྐྱོང་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་དེ་དག་གཞིར་བཟུང་ནས། དམངས་ཡོངས་མ་རྐང་ནང་ཞུགས་པའི་རྗེས་སུ་ཞོ་བསྙལ་བའི་ལས་སྣོན་བཟོ་གྲྭ་དང་སོན་ཕྱུགས་བཟོ་གྲྭ། གཟན་རྩྭའི་རྟེན་གཞི་བཅས་ཀྱི་ཁེ་སྤོགས་བླངས་པའི་གནས་ཚུལ་སྐོར་ཀུན་གྱི་ཐོས་སར་སྒྲོག་འདོན་བྱས་ཤིང་། སྡེ་བ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང58ལ་ཁྱོན་བསྡོམས་པས་ཁེ་སྤོགས་སྒོར་མོ་འབུམ་དྲུག་དང་ཁྲི་གསུམ་བགོས་པ་དང་། ཁྱིམ་ཚང་རེ་རེར་ཆ་སྙོམས་ཀྱིས་ཁེ་སྤོགས་སྒོར་མོ་ཁྲི་གཅིག་དང་བརྒྱད་བརྒྱ་རེ་བགོས་ཡོད་པ་རེད། 2019ལོར་གངས་ལུང་སྡེ་བ་ཧྲིལ་པོར་དབུལ་ཐར་མངོན་འགྱུར་བྱུང་བ་དང་། ད་སྐབས་ཐོན་ལས་འཕེལ་རྒྱས་དེ་ཕན་འབྲས་ཅན་དུ་འཕོ་འགྱུར་བྱུང་སྟེ།འཕེལ་རྒྱས་ཀྱི་རིག་ལམ་དང་བསམ་ཕྱོགས་གསར་པ་ཡོད་པར་གྱུར། དེ་ཡང་རྩ་འཛུགས་ཀྱིས་འོས་སྦྱོར་དང་ཏང་ཡོན་གྱིས་འོས་སྦྱོར་བྱེད་པའི་བྱ་ཐབས་སྤྱད་དེ། ལས་ལམ་གསར་འབྱེད་ཀྱི་འཇོན་ཐང་ཅན་དང་། ཕྱུག་བསྒྱུར་གྱི་འཇོན་མི། ཕུལ་བྱུང་གི་ན་གཞོན་རྣམས་བསྡུ་ལེན་བྱས་ཏེ་ཏང་ཡོན་གྱི་དཔུང་སྡེ་དང་མཉམ་ལས་ཁང་གི་ནང་ཞུགས་སུ་བཅུག་ཅིང་། ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ་དང་ཆབས་ཅིག་མུ་མཐུད་དུ་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་སྐུལ་སློང་བྱས་ཡོད། དགའ་བདེ་རྫོང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཞའེ་ཧའེ་ཧྲིག་གིས་བཤད་རྒྱུར། དབུལ་ཐར་མཁྲེགས་གཏོར་གྱི་ཁྲོད་དུ་གངས་ལུང་སྡེ་བའི་བྱ་བ་སྣ་ཚོགས་ཞང་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་ལ། དགའ་བདེ་རྫོང་གི་དཔེ་མཚོན་ཞིག་ཀྱང་ཡིན་ཟེར། ད་སྐབས་དབུལ་ཐར་བྱུང་ཟིན་མོད། འོན་ཀྱང་། གངས་ལུང་སྡེ་བས་བདེན་དོན་ལ་ཕྱི་བཤོལ་གཏན་ནས་མི་བྱེད་པར་འཇོན་མི་བློ་སྤོབས་ཕུགས་འདུན་ཅན་དང་གཞོན་རབས་པ་རྣམས་ཏང་གི་དར་དམར་འོག་ཏུ་བསྡུ་རུབ་བྱས་ཏེ། མུ་མཐུད་དུ་གོམ་པ་སྤོ་བཞིན་སྔར་ལས་བཟང་ཞིང་སྔར་ལས་འབྱོར་ཕྱུག་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་བཞིན་མཆིས། །
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།